ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་6ཚེས་9ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་རྒྱུའི་ཉེན་བརྡ་སྔོན་པོ་བཏང་བ་རེད།
སྔོན་དཔག་བྱས་ན། ཟླ་6ཚེས་9ཉིན་གྱི་ཆུ་ཚོད་08ནས་ཚེས་10ཉིན་གྱི་ཆུ་ཚོད་08བར། ཧེ་ལུང་ཅང་གི་ཤར་ལྷོ་དང་། ཅི་ལིན་གྱི་དབུས་རྒྱུད། ལིའོ་ཉིང་གི་དབུས་ཤར་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཅང་ཞིའི་བྱང་ཤར་དང་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཀོང་ཞིའི་བྱང་ཤར་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་(ཧའོ་སྨི་100ནས་130བར་)འབབ་རྒྱུ་རེད། གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་(ཆུ་ཚོད་རེར་ཆར་པ་ཆེ་ཤོས་ཧའོ་སྨི་20ནས་50བར་འབབ་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཧའོ་སྨི་70ལས་བརྒལ་སྲིད།) ས་ཁུལ་ཁ་ཤས་སུ་འབྲུག་སྒྲ་སྒྲོག་རྒྱུ་དང་ལྷགས་པ་ཆེན་པོ་རྒྱག་པ་སོགས་གཏད་རྒྱུག་གི་གནམ་གཤིས་དྲག་པོ་བསྟན་རྒྱུ་རེད།