ཁ་ཆེམས་བཅོས་སྒྱུར་བྱེད་དབང་སུ་ལ་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཁ་ཆེམས་ནི་ཁ་ཆེམས་འཇོག་མཁན་རང་ཉིད་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་པའི་བསམ་ཚུལ་ངོ་མ་ཡིན་པས་མི་གཞན་གྱིས་ཐེ་གཏོགས་བྱས་མི་ཆོག བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། བསམ་དོན་དངོས་ལ་གཞིགས་ནས་བཞག་པའི་ཁ་ཆེམས་ལ་བཅའ་ཁྲིམས་ཀྱི་ནུས་པ་ཡོད་པས། ཁ་ཆེམས་འཇོག་མཁན་རང་ཉིད་མ་གཏོགས་མི་གཞན་སུ་ཞིག་ལའང་བཟོ་བཅོས་དང་བསྒྱུར་བཅོས་བྱེད་པའི་དབང་ཆ་མེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1033པའི་གཏན་འཁེལ་ལྟར་ན། “རང་བྱུང་མིས་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རང་ཉིད་ཀྱི་རྒྱུ་དངོས་ཁ་ཆེམས་བཞག་ཆོག་པར་མ་ཟད། ཁ་ཆེམས་ལག་བསྟར་མཁན་དམིགས་འཛུགས་བྱས་ཆོག རང་བྱུང་མིས་རང་ཉིད་ཀྱི་རྒྱུ་ནོར་དེ་ཁྲིམས་བཀོད་ཤུལ་འཛིན་མཁན་ཁྲོད་ཀྱི་མི་གཅིག་གམ་མི་ཁ་ཤས་ཀྱིས་ཤུལ་འཛིན་བྱ་རྒྱུའི་ཁ་ཆེམས་བཞག་ཆོག རང་བྱུང་མིས་རང་ཉིད་ཀྱི་རྒྱུ་ནོར་དེ་རྒྱལ་ཁབ་དང་ཐུན་མོང་ངམ་ཁྲིམས་བཀོད་ཤུལ་འཛིན་མཁན་མིན་པའི་རྩ་འཛུགས་དང་མི་སྒེར་ལ་དབུལ་རྒྱུ་ཁ་ཆེམས་བཞག་ཆོག རང་བྱུང་མིས་ཁྲིམས་ལྟར་ཁ་ཆེམས་ཡིད་རྟོན་མངག་བཅོལ་བྱས་ཆོག”ཅེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།