ཤུལ་འཇོག་མཁན་ཚེ་ལས་འདས་ཚེ་ཤུལ་འཛིན་བྱེད་མགོ་དུས་ནམ་ནས་ཚུཊ་པ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི1121པའི་གཏན་འཁེལ་ལྟར་ན།ཤུལ་འཇོག་མཁན་ཚེ་ལས་འདས་པ་ནས་བཟུང་ཤུལ་འཛིན་བྱེད་མགོ་ཚུགས་པ་ཡིན་ཞིང་། ཕན་ཚུན་བར་ཤུལ་འཛིན་གྱི་འབྲེལ་བ་ཡོད་པའི་མི་འགའ་ཞིག་དོན་རྐྱེན་གཅིག་གི་ཁྲོད་ཚེ་ལས་འདས་པ་དང་ཚེ་ལས་འདས་པའི་དུས་ཚོད་གཏན་འཁེལ་བྱེད་དཀའ་ཚེ།ཤུལ་འཛིན་མཁན་གཞན་སྔོན་ལ་ཤི་འགྲོ་བར་རིགས་འདེད་བྱ་དགོས། ཚང་མར་ཤུལ་འཛིན་མཁན་གཞན་པ་ཡོད་ལ་མི་རབས་གཅིག་པ་མིན་ན། རྒན་རབས་པ་སྔོན་ལ་ཤི་བར་རིགས་འདེད་བྱ་དགོས་པ་དང་། མི་རབས་གཅིག་པ་ཡིན་ན་དུས་གཅིག་ཏུ་ཤི་བར་རིགས་འདེད་བྱ་དགོས་ཤིང་། ཕན་ཚུན་བར་དུ་ཤུལ་འཛིན་མི་འབྱུང་བ་ཡིནཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།