“སྨན་གསུམ”མཐུན་སྦྱོར་གཏིང་ཟབ་བཅོས་བསྒྱུར་བྱས་ནས་དམངས་ཚིས་འགན་སྲུང་དྲ་བ་དམ་ཟབ་ངང་བཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་དང་། སྨན་བཅོས་འགན་སྲུང་། སྨན་རྫས“སྨན་བཅོས་གསུམ་པའི”མཐུན་སྦྱོར་བཅོས་སྒྱུར་གཏིང་ཟབ་ལ་མཐོ་རིམ་གྱིས་སྐུལ་འདེད་བཏང་བ་དང་། རྩེ་རིམ་ཇུས་འགོད་འཐུས་ཚང་དང་མ་ལག་འདུས་གྲུབ་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནུས་ཆེའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་བཅོས་སྒྱུར་གྱི་ཁེ་སྤོགས་དེ་མི་རིགས་ཁག་གི་མང་ཚོགས་ལ་རྒྱུན་མཐུད་ངང་ཕན་པ་ཐོབ།

རང་ཞིང་གིས་རིམ་རྩིས་བྱས་ནས་སྒོར་དུང་ཕྱུར13.5ཡི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཛ་དྲག་གསོ་རིག་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་བྱེད་པ་སོགས་རྣམ་གྲངས42ལག་བསྟར་བྱས་ཡོད། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས(དུས་དང་པོ)བསྐྲུན་ནས་འཁོར་སྐྱོད་བྱས་ཏེ་གྲོང་ཁྱེར་དང་ཁུལ་ཚང་མར་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གཅིག་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གི་རིམ་པ་གསུམ་པ་དང་རིམ་པ་བཞི་པའི་གཤགས་བཅོས་བསྡུར་ཚད61.34%ཟིན་ནས་དཀའ་ངལ་ཆེ་བའི་ནད་ཀྱི་སྨན་བཅོས་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་ཡོད།

རང་ཞིང་གིས“མཚོ་སྔོན་ལྷོ་ཕྱོགས”དང“མཚོ་སྐོར”གྱི་སྨན་བཅོས་རོགས་སྐྱོར་དང“ཚོགས་པ་རྣམ་པའི”རོགས་སྐྱོར་བྱས་པ་བརྒྱུད་རོགས་སྐྱོར་ཐོབ་མཁན་སྨན་ཁང20ལ་འཕྲལ་བཅོས་མྱུར་སྐྱོབ་ཀྱི་ལྟེ་གནས་ཆེན་པོ་ལྔ་ཡོངས་སུ་ཁྱབ་རྒྱུར་རོགས་རམ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ72“མཚོ་སྔོན་རོགས་སྐྱོར་སྒོ་བསྟེན་སྨན་ཁང་”ནང་ཞུགས་པ་དང་། རིམ་རྩིས་བྱས་ན་མི་ཁྲི་2.45ལ་སྨན་བཅོས་བྱས་པ་དང་། རོགས་སྐྱོར་ཐོབ་མཁན་སྨན་ཁང་གི་རྐང་འཛིན་སྨན་པ་དང་དགེ་རྒན་དང་དགེ་ཕྲུག་ཆ122སྒྲིག་ནས་ས་གནས་དེའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་དུས་མཉམ་དུ་སྐུལ་ཁྲིད་བྱས།

ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི46ཡིས་འཁོར་སྐྱོད་ལམ་སྲོལ་སྲ་བརྟན་དུ་བཏང་བ་དང་། སྲིད་འཛིན་དང་། ནོར་དོན། ལས་སྒྲུལ། སྨན་རྫས། ཆ་འཕྲིན། སྨན་བཅོས་འགན་སྲུང་། ཕན་འབྲས་སོགས་གཅིག་གྱུར་དོ་དམ་བྱེད་པར་སྐུལ་འདེད་བཏང་སྟེ། འགན་འཁྲི་དང་། དོ་དམ། ཞབས་ཞུ། ཁེ་ཕན་བཅས་ཀྱི“ཐུན་མོང་སྒྲིག་གཞི་བཞི”མངོན་འགྱུར་བྱུང་བ་དང་། རྫོང་ཁོངས་ནང་སྨན་ཁང་དུ་སྡོད་པའི་བསྡུར་ཚད་55.95%ཟིན་པས། ཞབས་ཞུའི་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

མཚོ་སྔོན་གྱིས་རྒྱལ་ཡོངས་སུ་སྔོན་ལ་གྲོང་མིའི་སྨན་བཅོས་འགན་སྲུང་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་“བྱང་བུ་གཞི་གཅིག་ཅན་ཞིང་ཆེན་ཡོངས་དང་ཞིང་ཆེན་ནང་ཁུལ་གྱི་ཁྱད་པར་མེད”མངོན་འགྱུར་བྱས་ནས་ལས་བཟོ་པའི་སྨན་བཅོས་འགན་སྲུང་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ། ནད་རིགས་ཚབས་ཆེན་དང་ཚབས་ཆེ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་སྨན་ཁང་དུ་བསྡད་ནས་རྩིས་ཞུ་བྱེད་པའི་བསྡུར་ཚད་80%ལས་བརྒལ་བ། “བློ་རིག་སྨན་བཅོས་འགན་སྲུང་”འཛུགས་སྐྲུན་བྱས་པ་དེས་སྲིད་དོན་ཞབས་ཞུ་དྲ་ཐོག་ཏུ་སྒྲུབ་ཐུབ་ཚད་95%ལས་བརྒལ་བ་དང་སྐར་མ15ཡི་རིང་གི་སྨན་བཅོས་འགན་སྲུང་དམངས་སྟབས་བདེ་ཞབས་ཞུའི་ཁྱབ་ཁོངས་གཞི་རྩའི་ཐོག་བསྐྲུན་ཡོད། ཕྲུ་གུ་གསར་སྐྱེས་སྨན་བཅོས་འགནས་སྲུང་ནང་ཞུགས་པ་དང་ལས་འཁྱུར་མཉམ་གཉེར་སོགས་སྲིད་དོན་ཞབས་ཞུའི་བྱ་བ་མང་བའི“དོན་དག་གཅིག་ཐེངས་གཅིག་སྒྲུབ་པའི”བྱ་བ་མངོན་འགྱུར་བྱས་ཏེ། བུ་བཙའི་ཕོགས་སྣོན་ཞིབ་བཤེར་དང་གཏོང་སྤྲོད་བྱེད་པའི་ཆ་སྙོམས་དུས་ཚོད་ཇེ་ཐུང་དུ་བཏང་བ་མ་ཟད།ཐད་ཀར་མི་སྒེར་ལ་སྤྲོད་དགོས།

ཞིང་ཆེན་གྱིས་བོད་སོག་སྨན་ཁང་གི་སྨན་རྫས་སྨན་བཅོས་འགན་སྲུང་དཀར་ཆག(རིགས་531ནང་གི་3200)རྒྱལ་ཡོངས་སུ་སྔོན་ལ་ཇེ་ལེགས་སུ་བཏང་བ་དང་།གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དུ་སྨན་ཁང་དུ་སྡོད་པའི་འགྲོ་གྲོནDRG/DIPདངུལ་སྤྲོད་དོ་དམ་ནང་བཅུག་པས།ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཐེངས་ཆ་སྙོམས་འགྲོ་གྲོན་སྒོར་1700ལྷག་ཇེ་དམའ་རུ་སོང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།