སྡོད་ཁང་སྤྱི་གསོག་དངུལ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གཉེན་འབྲེལ་གྱི་འབྲེལ་བ་ཡོད་པའི་སྐབས་ཀྱི་སྡོད་ཁང་སྤྱི་གསོག་དངུལ་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་ཡིན།དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལྟར་ན། གཉེན་འབྲེལ་འབྲེལ་བ་ཡོད་པའི་སྐབས་སུ་ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཐོབ་འོས་པའི་སྡོད་ཁང་གི་ཁ་གསབ་དང་སྡོད་ཁང་སྤྱི་གསོག་དངུལ་སོགས་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་རེད། དེ་བས་གཉེན་འབྲེལ་ཡོད་པའི་སྐབས་ཀྱི་སྡོད་ཁང་སྤྱི་གསོག་དངུལ་ནི་ཐུན་མོང་ལ་དབང་བའི་རྒྱུ་ནོར་གཞན་དག་གི་ཁོངས་སུ་འདུ་ལ། སྡོད་ཁང་སྤྱི་གསོག་དངུལ་ལས་གཞན་ད་རུང་ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཐོབ་འོས་པའི་གཞི་རྩའི་རྒན་གསོ་དངུལ་དང་མ་རྩ་བརྡིབས་པའི་བདེ་འགོད་ཁ་གསབ་སོགས་ཀྱང་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་མོད། འོན་ཀྱངདངོས་སུ་ཐོབ་པདངཐོབ་འོས་པགཉིས་ཇི་ལྟར་གཏན་འཁེལ་བྱེད་པ་དེ་སྔར་བཞིན་འདྲི་གཅོད་ལག་ལེན་ཁྲོད་ཀྱི་དཀའ་གནད་དུ་གྱུར་ཡོད། སྡོད་ཁང་སྤྱི་གསོག་དངུལ་དང་གཞི་རྩའི་རྒན་གསོ་འགན་བཅོལ་སོགས་ནི་ཚད་བཀག་རང་བཞིན་ངེས་ཅན་ལྡན་པའི་མ་དངུལ་དུ་གཏོགས་པས། ལེན་འདོད་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས། དེའི་ཕྱིར། ཁྲིམས་འཛིན་ལག་ལེན་ཁྲོད་ཕྱོགས་གཅིག་གིས་ཅིག་ཤོས་ལ་ཁ་གསབ་དངུལ་སྟེར་བའི་ཐབས་ལམ་བརྒྱུད་དེ་བགོ་བཤའ་བརྒྱབ་ཆོག

བཅའ་ཁྲིམས་དོན་ཚན་གསལ་སྟོན།

 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་གཉེན་འབྲེལ་དང་ཁྱིམ་ཚང་ལེའུ་ཡི་འགྲེལ་བཤད་ལས་ཁྲིམས་འཛིན་འགྲེལ་བཤད(གཅིག)པའི་དོན་ཚན25པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་རྒྱུ་ནོར་འདི་དག་ནིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1062པར་གཏན་འཁེལ་བྱས་པའིཐུན་མོང་དུ་དབང་བའི་རྒྱུ་ནོར་གཞན་དགགི་ཁོངས་སུ་གཏོགས་པ་རེད།

(གཅིག) ཕྱོགས་གཅིག་ནས་མི་སྒེར་གྱི་རྒྱུ་ནོར་གཏོང་འཇོག་བྱས་པར་བརྟེན་ནས་ཐོབ་པའི་ཡོང་སྒོ།

(གཉིས) ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་སྡོད་ཁང་ཁ་གསབ་དང་སྡོད་ཁང་སྤྱི་གསོག་དངུལ།

(གསུམ) ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཐོབ་འོས་པའི་གཞི་རྩའི་རྒན་གསོ་དངུལ་དང་མ་རྩ་བརྡིབས་པའི་དངུལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།