ཟི་ལིང་སྤྱི་བདེ་ཡིས་ཐད་གཏོང་མཁན9ལ་སྲིད་འཛིན་ཆད་པ་བཅད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་བདེ་རུ་ཆེན་གྱིས་དྲ་རྒྱའི་ཟང་ཟིང་སྣང་ཚུལ་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་ཕྱིར་ལྟ་ཡི་ལས་དོན་ཁྲོད། ས་གནས་དེ་གའི་ཐད་གཏོང་མཁན་འགས་མགྱོགས་མྱུར་ངང་རྒྱབ་སྐྱོར་བྱེད་མཁན་འགུག་པ་དང་ལྟ་མཁན་འཇམ་ཁྲིད་བྱས་ནས་ལེགས་སྐྱེས་བླངས་པ་དང་། སྟེགས་བུའི་ལྟ་སྐུལ་དོ་དམ་གྱི་དྲན་སྐུལ་སྣང་མེད་དུ་བཞག་ནས་ཡུལ་སྐད་ཀྱིས་དམའ་འབེབས་དང་ལུས་པོར་གནོད་སྐྱེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་རབས་ཐ་ཤལ་གྱི་ནང་དོན་ཐད་གཏོང་བྱས་པ་ཤེས་རྟོགས་བྱུང་།

ཟླ8པའི་ཚེས21ཉིན། དྲ་བདེ་རུ་ཆེན་གྱིས་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན9ལ་སྲིད་འཛིན་ཆད་པ་བཅད་པར་མ་ཟད། ད་དུང་གྱོད་འབྲེལ་སྟེགས་བུའི་སྒོ་བརྒྱབ་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།