རང་རྒྱལ་གྱི་མི་རིགས་འདྲ་མཉམ་གྱི་ཁེ་དབང་ལ་ཕྱོགས་གང་དག་འདུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རང་རྒྱལ་གྱི་གྲངས་ཉུང་མི་རིགས་ལ་ཕྱོགས་གང་ཅིའི་ཐད་ནས་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད་དེ། ཆབ་སྲིད་ཀྱི་སྟེང་དུ་འདྲ་མཉམ་གྱི་དབང་ཆ་དང་། སྲིད་ཞུགས་ཀྱི་དབང་ཆ། མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་བཅས་ཡོད། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཐད་ལ་དཔལ་འབྱོར་འཛུགས་སྐྲུན་ལ་དོ་དམ་བྱེད་པའི་རང་བདག་དབང་ཆ་ཡོད་པ་དང་། རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པའི་དབང་ཆ། རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་དབང་ཆ། ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་སམ་བཅོས་སྒྱུར་བྱེད་པའི་རང་དབང་དབང་ཆ། སློབ་གསོ་ཐོབ་པའི་དབང་ཆ། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་དབང་ཆ། ཆོས་ལུགས་དད་མོས་རང་དབང་བཅས་ཡོད་དོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།