གཙོ་བོ་སྲོག་ཤིང་གི་རྩ་དོན་ཆེན་པོ་བཞི་ཡོད་པ་སྟེ། གཅིག་ནི་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་རྩ་དོན་ཏེ། ཏང་གི་མགོ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་ཏུ་འཇུག་དགོས། གཉིས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྩ་དོན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་ནས“ཁས་ལེན་ལྔ”ཇེ་ཟབ་ཏུ་གཏང་དགོས། གསུམ་ནི་མི་རིགས་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་ཏེ། མི་རིགས་སོ་སོའི་མི་གྲངས་མང་ཉུང་དང་ལོ་རྒྱུས་ཀྱི་རྒྱུན་རིང་ཐུང་། འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་དམན་བཅས་ལ་ཁྱད་པར་མེད་པར་ཚང་མ་འདྲ་མཉམ་ཡིན་ཞིང་། མི་རིགས་གང་ཞིག་གིས་ཀྱང་མཐོང་ཆུང་དང་གཉའ་གནོན་བྱེད་རིགས་གཏན་འགོག་བྱ་དགོས། བཞི་ནི་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་སྒོས་དར་རྒྱས་གོང་འཕེལ་གཏོང་བའི་རྩ་དོན་སྟེང་། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མཐུན་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱིས་མཐུན་སྒྲིལ་ཇེ་བརྟན་དུ་གཏོང་བར་མངོན་འགྱུར་བྱ་དགོས།