ཚེ་ལས་འདས་ཁར་ངག་ཐོག་ནས་བཞག་པའི་ཁ་ཆེམས་ནུས་ལྡན་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་དོན་ཚན1138པའི་གཏན་འཁེལ་ལྟར་ན། ཁ་ཆེམས་འཇོག་མཁན་གྱིས་ཉེན་ཁ་ཆེ་བའི་གནས་ཚུལ་འོག་ངག་ཐོག་ནས་ཁ་ཆེམས་བཞག་ཆོག ངག་ཐོག་ནས་ཁ་ཆེམས་འཇོག་སྐབས་དཔང་མི་གཉིས་ཡན་དགོས། ཉེན་ཁ་སེལ་རྗེས། ཁ་ཆེམས་འཇོག་མཁན་གྱིས་ཡིག་ཐོག་གམ་སྒྲ་ལེན་དང་བརྙན་ཕབ་ཀྱི་རྣམ་པའི་སྟེང་ནས་ཁ་ཆེམས་འཇོག་ཐུབ་ན། ངག་ཐོག་ཏུ་ཁ་ཆེམས་བཞག་པ་དེ་ནུས་མེད་ཡིནཞེས་བཀོད་ཡོད། ཡང་གཅིག་བཤད་ན། ངག་ཐོག་ཁ་ཆེམས་ནུས་ལྡན་ལ་གལ་ཆེའི་ཆ་རྐྱེན་གཉིས་ལྡན་དགོས་ཏེ། གཅིག་ནི་ཉེན་ཁ་ཆེ་བའི་གནས་ཚུལ་འོག་འཇོག་དགོས། གཉིས་ནི་དཔང་མི་གཉིས་ཡན་ཡོད་དགོས། གལ་ཏེ་ཉེན་ཁ་སེལ་རྗེས། ཁ་ཆེམས་འཇོག་མཁན་གྱིས་བསྐྱར་དུ་ཁ་ཆེམས་བཞག་ཚེ། སྔོན་དུ་བཞག་པའི་ངག་ཐོག་གི་ཁ་ཆེམས་དེ་ནུས་མེད་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།