གྲངས་ཉུང་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཡར་ཐོན། ཕན་ཚུན་སློབ་སྦྱོང་། ཐུན་མོང་དུ་ཕྱུག་འགྱུར་བཅས་བྱ་རྒྱུ་གཞིར་བཟུང་སྟེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ་མི་རིགས་སོ་སོ་ཐུན་མོང་དུ་དར་རྒྱས་ཡོང་བར་མངོན་འགྱུར་བྱ་དགོས།