ལས་བསྐྱུར་ངལ་གསོ་བྱེད་པར་འགྲོ་ལུགས་གང་དག་བསྒྲུབ་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན37པའི་གཏན་འཁེལ་ལྟར་ན། "ངལ་རྩོལ་པས་ཉིན30ཡི་སྔོན་ལ་ཡིག་ངོས་རྣམ་པས་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལ་བརྡ་བཏང་བ་ཡིན་ན། ངལ་རྩོལ་གན་རྒྱ་མེད་པར་བཏང་ཆོག དོན་ཚན་འདི་ནི་བཅའ་ཁྲིམས་ཀྱིས་ལས་ཁུངས་ལ་བསྩལ་བའི་དབང་ཆ་ཡིན། གལ་ཏེ་ལས་ཁུངས་ལ་དགོས་མཁོ་མེད་ན། ཉིན30ཡི་ནང་ཚུན་དུ་ལས་བསྐྱུར་ངལ་གསོའི་དགོངས་ཞུ་ལ་འཐད་ཚུལ་བསྟན་ཆོག"ཅེས་བཀོད་ཡོད། ཡང་འདིའི་དོན་ཚན50པའི་གཏན་འཁེལ་ལྟར་ན། "མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོ་སྐབས། ངལ་རྩོལ་པར་ངལ་རྩོལ་གན་རྒྱ་མེད་པར་བཟོ་བའི་དཔང་ཡིག་འདོན་དགོས"ཞེས་བཀོད་ཡོད།

ལས་འབྲལ་བདེན་དཔང་ཡི་གེ་སོགས་ཡིག་ཆར་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཐམ་ཀ་རྒྱག་དགོས་པ་དང་། ལས་ཁུངས་མི་གཅིག་པའི་ཐམ་ཀའི་དོ་དམ་ལམ་ལུགས་ཀྱང་མི་གཅིག་པས། ཐམ་ཀ་ཡོད་སའི་སྡེ་ཁག་གིས་བདེན་དཔང་ཡིག་ཆ་འདོན་དུ་འཇུག་རྒྱུ་ནི་ལུགས་སྲོལ་དང་མཐུན་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན50པའི་གཏན་འཁེལ་ལྟར་ན། "མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོས་རྗེས་ཀྱི་ཉིན15ཡི་ནང་ཚུན་དུ། ངལ་རྩོལ་པར་ཡིག་ཚགས་དང་སྤྱི་ཚོགས་ཉེན་སྲུང་འབྲེལ་བ་སྤོ་བསྒྱུར་བྱེད་པའི་འགྲོ་ལུགས་བསྒྲུབ་དགོས་ཤིང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཡིག་ཚགས་བརྒྱུད་སྤྲོད་བྱ་དགོས་པ་ལས། ངལ་རྩོལ་པ་རང་ཉིད་ཀྱིས་བསྒྲུབ་མི་དགོས"ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།