གཤམ་གྱི་གནས་ཚུལ་ལྟར་ན་དེ་ནི་ཁྲིམས་འགལ་ཡིན།
གཅིག བཙན་གྱིས་ཆང་གཏད་ནས་འཐུང་དུ་འཇུག་པ་སྟེ། དཔེར་ན། ཕ་རོལ་པོར་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ནས་འཐུང་དུ་འཇུག་པའམ། ཕ་རོལ་པོ་ཆང་གིས་བཟི་སྟེ་རྣམ་རིག་མི་གསལ་བའི་སྐབས་སུ་ད་དུང་ཆང་གཏོད་པ།
གཉིས། ཕ་རོལ་པོས་ཆང་འཐུང་མི་ཐུབ་པ་ཤེས་བཞིན་དུ་ཆང་གཏོད་པ་སྟེ། དཔེར་ན། ཕ་རོལ་པོས་ཆང་འཐུང་རྗེས་ལུས་ཕུང་མི་བདེ་བའི་གནས་ཚུལ་བྱུང་བ།
གསུམ། བཟི་བོ་བདེ་འཇགས་ཀྱི་སྒོ་ནས་ཡུལ་དུ་མ་བསྐྱལ་བ་སྟེ། དཔེར་ན། བཟི་བོ་ཡུལ་དུ་མ་བསྐྱལ་བས་ལམ་ནས་དོན་རྐྱེན་བྱུང་བ།
བཞི། ཆང་འཐུང་རྗེས་རླངས་འཁོར་བསྐོར་དུས་ཆང་གྲོགས་རྣམས་ཀྱིས་བཀག་འགོག་མ་བྱས་པས་ལམ་ནས་དོན་རྐྱེན་བྱུང་བ་བཅས་སོ། །