དེ་རིང་ནས་བཟུང་སྐར་མ་སུམ་ཅུའི་སྔོན་ལ་མལ་ལས་ལངས་རོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱར་དུས་ནམ་ལངས་སྔ་བས། མི་མང་པོ་ཞིག་སྔ་ས་ནས་སད་ཀྱི་ཡོད། སྐབས་དེར། མི་ལ་ལས་མིག་བཙུམས་ནས་ཆུ་ཚོད་ཕྱེད་ཀ་གཉིད་རྒྱུ་གདམ་ག་བྱེད་པ་དང་། མི་ལ་ལས་མལ་ཁྲིའི་སྟེང་དུ་ཉལ་ནས་སྐར་མ30ལ་ཁ་པར་ལ་བལྟ་བཞིན་ཡོད། འོན་ཀྱང་།  ཁྱོད་ཡར་ལངས་ནས་ཆུ་ཚོད་ཕྱེད་ཀ་ལ་ཞོགས་པར་སྦྱོང་བརྡར་བྱས་ན་བཟང་།

སྔ་མོར་ལངས་ནས་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཞོགས་པར་སྦྱོང་བརྡར་བྱེད་པ་ནི་ཆུ་ཚོད་ཕྱེད་ཀ་ཙམ་ལ་གཉིད་ལོག་པ་ལས་རིན་ཐང་ཆེ་བ་རེད། ཉེ་ཆར། ཞིབ་འཇུག་གསར་ཤོས་ཤིག་ལས་ར་སྤྲོད་བྱས་པ་ལྟར་ན། ཉིན་ལྟར་ཞོགས་པར་སྦྱོང་བརྡར་བྱས་ཚེ་འབྲས་སྐྲན་ཕོག་པའི་ཉེན་ཁ30%ཙམ་ཇེ་ཆུང་དུ་གཏོང་ཐུབ་པ་རེད།

2026ལོའི་ཟླ5པར《རྒྱལ་སྤྱིའི་འབྲས་སྐྲན་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་གུང་འགུལ་སྐྱོད་བྱེད་མཁན་དང་བསྡུར་ན། ཞོགས་པར་ལུས་ཕུང་འགུལ་སྐྱོད་བྱེད་མཁན་ལའབྲས་སྐྲན་ཕོག་པའི་ཉེན་ཁ26%ཇེ་ཆུང་དུ་འགྲོ་ཐུབ། གལ་ཏེ་ཁྱོད་ཀྱིས་་སྔ་ཉལ་སྔ་ལངས་ཀྱི་གོམས་གཤིས་རྒྱུན་འཁྱོངས་བྱེད་ཐུབ་ནའང་། སྔ་ཉལ་སྔ་ལངས་བྱེད་ཅིང་ཉིན་གུང་འགུལ་སྐྱོད་བྱེད་པར་དགའ་བའི་མི་དང་བསྡུར་ན་འབྲས་སྐྲན་འབྱུང་བའི་ཉེན་ཁ31%ཇེ་དམའ་རུ་འགྲོ་སྲིད།

ཞོགས་པར་སྔ་མོར་ལངས་ནས་ཆུ་ཚོད་ཕྱེད་ཀ་སྦྱོང་བརྡར་བྱས་ན་ལུས་ཕུང་ལ་འགྱུར་ལྡོག་ག་འདྲ་ཡོད།  

1.གློ་སྙིང་གི་ནུས་པ་ཇེ་བཟང་དུ་འགྲོ་བ། 2. ཀླད་པ་སྔར་ལས་གསལ་བ། 3. རྙིང་ཚབ་གསར་བྱེད་ལྷག་ཏུ་བཟང་བ། 4. གཉིད་ཀྱི་སྤུས་ཚད་བཟང་བ། 5. སེམས་ཁམས་སྔར་ལས་བརྟན་པོ་ཡིན་པ་བཅས་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།