མི་གཞན་ལ་བཙན་གྱིས་དངོས་པོ་ཉོ་རུ་བཅུག་ན་ཆད་པ་འཕོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བཙན་ཤེད་ཀྱིས་ཉོ་འཚོང་བྱེད་པའི་བྱ་སྤྱོད་ཅེས་པ་ནི་ཚོང་རའི་ཉོ་འཚོང་བྱེད་པོས་ཚོང་ཟོག་བཙན་ཉོ་བཙན་འཚོང་བྱེད་པ་དང་། མི་གཞན་པར་བཙན་ཤེད་ཀྱིས་ཞབས་ཕྱི་བྱེད་དུ་འཇུག་པའམ་ཞབས་ཕྱི་དང་ལེན་བྱེད་དུ་འཇུག་པའི་བྱ་སྤྱོད་ལ་ཟེར། ཉོ་འཚོང་རང་མོས་ནི་ཚོང་རའི་ཉོ་འཚོང་གི་གལ་ཆེའི་རྩ་དོན་ཞིག་ཡིན། བཙན་ཤེད་ཉོ་འཚོང་བྱ་སྤྱོད་ནི་ཉོ་འཚོང་ཁྲོད་ཀྱི་རང་མོས་རྩ་དོན་དང་འགལ་ཡོད་ལ། ཉོ་འཚོང་བྱེད་མཁན་ཕྱོགས་ཀྱི་རང་མོས་འདོད་བློ་དང་རྒྱབ་འགལ་བྱས་ཡོད། རང་རྒྱལབདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམསཀྱི་དོན་ཚན46པའི་གཏན་འཁེལ་ལྟར་ན། བཙན་ཤེད་ཀྱིས་ཉོ་འཚོང་བྱེད་པའི་བྱ་སྤྱོད་ལ་བདེ་སྲུང་དོ་དམ་གྱི་ཆད་པ་གཅད་རྒྱུ་སྟེ། ཉིན5ནས10མན་གྱི་བཀག་ཉར་གྱི་ཆད་པ་གཅད་རྒྱུ་དང་། སྒོར200ནས500མན་གྱི་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། ཉེས་ཚབས་ཅུང་ཆུང་བར་ཉིན5མན་གྱི་བཀག་ཉར་རམ་སྒོར500མན་གྱི་ཆད་པ་གཅད་རྒྱུཞེས་བཀོད་ཡོད།

    དེར་བརྟེན། སྤྱི་བདེ་ལས་ཁུངས་ཀྱིས་བཙན་གྱིས་ཚོང་ཟོག་ཕྱིར་འཚོང་བྱས་པའི་བྱ་སྤྱོད་གཞིར་བཟུང་ནས་བདེ་སྲུང་དོ་དམ་ཆད་པ་བཅད་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།