ཁ་ཆེམས་ཀྱི་གཞུང་དཔང་ཞེས་པ་ནི་རྒྱལ་ཁབ་གཞུང་གི་གཞུང་དཔང་ལས་ཁུངས་ཀྱིས་ཁ་ཆེམས་འཇོག་མཁན་གྱི་རེ་འདུན་ལྟར། སོ་སོའི་ཁ་ཆེམས་ཁྲོད་རང་ཉིད་ཀྱི་རྒྱུ་ནོར་རྣམས་ཁྲིམས་བཀོད་ཤུལ་འཛིན་མཁན་གྲས་ཀྱི་མི་གཅིག་གམ་མི་འགའ་ཤས་དམིགས་འཛུགས་ཀྱིས་ཤུལ་འཛིན་བྱེད་དུ་འཇོག་པའམ་རྒྱལ་ཁབ་དང་། ཐུན་མོང་། ཁྲིམས་བཀོད་ཤུལ་འཛིན་མཁན་མིན་པའི་མི་གཞན་ལ་སྤྲད་པའི་བྱ་སྤྱོད་ལ་ཁྲིམས་དང་མཐུན་པར་ར་སྤྲོད་བྱེད་པའི་བྱེད་སྒོ་ཞིག་ལ་ཟེར། གཞུང་དཔང་བྱེད་སྐབས། གཞུང་དཔང་བྱེད་མཁན་རང་ཉིད་ཀྱིས་ཐད་ཀར་གཞུང་དཔང་བྱེད་པ་དང་། དོ་བདག་པའི་ཆེད་དུ་དམ་སྲུང་བྱེད་པའི་རྩ་དོན་བརྩི་སྲུང་བྱ་དགོས།གཞུང་དཔང་གི་ཁ་ཆེམས་འཇོག་སྐབས། ཁ་ཆེམས་འཇོག་མཁན་གྱི་སྡོད་གནས་སམ་ཁ་ཆེམས་འཇོག་ཡུལ་གྱི་གཞུང་དཔང་ཁང་གིས་བདག་སྤྲོད་བྱ་རྒྱུ། རེ་འདུན་ཞུ་མཁན་གྱིས་གཞུང་དཔང་རེ་ཞུའི་རེའུ་མིག་བྲི་དགོས་པར་མ་ཟད། གཤམ་གསལ་གྱི་དཔང་ཡིག་དང་དཔྱད་གཞིའི་ཡིག་རིགས་ཀྱང་དབུལ་དགོས།
(1)སྡོད་དམངས་ཐོབ་ཐང་ལག་ཁྱེར་རམ་ཁྱིམ་ཐོའི་བསྐྱར་དཔར་ཡིག་རིགས། དེ་བཞིན་ཐོབ་ཐང་ར་སྤྲོད་བྱ་ཐུབ་པའི་ལག་ཁྱེར་གཞན་དག་བཅས།
(2)ཁ་ཆེམས་སུ་གཏོགས་པའི་རྒྱུ་ནོར་རྩིས་ཁྲ་དང་བདག་དབང་གི་དཔང་ཡིག
(3)ཁ་ཆེམས་ཡི་གེ་བཅས་སོ། །