2026ལོའི་ཟླ2པའི་ཚེས2ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་སྒྲིག་འགལ་བཅོས་སྒྲིག་ལས་དོན་སྤེལ་སྐབས། ཉིན་དེའི་ཆུ་ཚོད14དང་སྐར་མ50ཡས་མས་སུ། མི་དམངས་ཉེན་རྟོག་པས་ཧའོ་མོན་གྲོང་རྡལ་གྱི་ཕྱི་སྐོར་བྱང་ལམ་གྱི་སྤྱི་སྤྱོད་མཚོ་ཁུག་ནས་འཁོར་ཨངA30***རླངས་འཁོར་ཞིག་སྒྲིག་འགལ་ངང་བཞག་ཡོད་པ་ཤེས་རྟོགས་བྱུང་། ཞིབ་བཤེར་བྱེད་སྐབས་ཁ་ལོ་བ་ལི་ཆེ་གེ་མོ་ཡུལ་དངོས་སུ་ཡོང་ནས་འདྲི་རྩད་བྱས་པ་བརྒྱུད། ཁོའི་བསྐོར་ཡིག་སྔོན་ནས་རྩིས་མེད་དུ་བཏང་ཡོད་པ་ཤེས་ཤིང་། རྗེས་སུ་ལི་ཆེ་གེ་མོས་བསྐོར་ཡིག་མེད་པའི་གནས་ཚུལ་འོག་ཁྲིམས་འགལ་ངང་རླངས་འཁོར་བསྐོར་བའི་ཉེས་བསགས་ཀྱི་དོན་དངོས་སྦ་གསང་མེད་པར་ཁས་བླངས་པ་དང་། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་སྒོར1000གི་སྲིད་འཛིན་ཆད་པ་བཅད།