《གྲོང་ཁྱེར་མི་དམངས་ཉེན་རྟོག་པས་སྐོར་ཞིབ་གཏན་འཁེལ》གྱི་དོན་ཚན5པའི་གཏན་འཁེལ་ལྟར་ན། མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་སྐབས་ཁྲིམས་ལྟར་གཤམ་གསལ་གྱི་དབང་ཆ་ཡོད་དེ།
(གཅིག) ཁྲིམས་འགལ་ཉེས་བསགས་ཀྱི་དོགས་ཡོད་མི་སྣ་དང་རླངས་འཁོར། དངོས་རྫས་བཅས་ལ་ཞིབ་བཤེར་བྱེད་པ།
(གཉིས) སྡོད་མིའི་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར་བྱེད་པ།
(གསུམ) ད་ལྟ་ལག་ལེན་བསྟར་བཞིན་པའི་ཉེས་ཅན་དང་ཚབས་ཆེའི་དོགས་ཡོད་ཉེས་ཅན་ནམ་བྲོས་བྱོལ་དུ་ཕྱིན་པའི་ཉེས་ཅན་བཅས་ལ་ཁྲིམས་ལྟར་སྔོན་ལ་བཀག་ཉར་བྱེད་པའམ་ཡང་ན་བཙན་ཤེད་ཀྱི་བྱེད་ཐབས་གཞན་དག་སྤྱོད་པ།
(བཞི) གཞུང་ལམ་འགྲིམ་འགྲུལ་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོ་བསྲང་བྱེད་པ།
(ལྔ) བདེ་སྲུང་དོ་དམ་གྱི་སྒྲིག་ལམ་འགལ་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་གྱི་ཆད་གཅོད་སྲོལ་ཡིག》གི་གཏན་འཁེལ་ལྟར་ཉེས་ཆད་གཅོད་པ།
(དྲུག) ཉེས་ཅན་འཛིན་པ་དང་གཞན་གྱི་སྲོག་སྐྱོབ་པ། ཡང་ན་ཉེན་ཁ་མྱུར་སེལ་སོགས་ཛ་དྲག་ཆེ་བའི་གནས་ཚུལ་འོག་དཔང་ཡིག་བསྟན་རྗེས། ལས་ཁུངས་དང་ཚོགས་པ། ཁེ་ལས། མི་ཤུགས་བཀོལ་སྤྱོད་ལས་ཁུངས། དེ་བཞིན་སྤྱི་དམངས་སྒེར་བཅས་ཀྱི་འགྲིམ་འགྲུལ་དང་འཕྲིན་སྐྱེལ་ཡོ་བྱད་དམིགས་སུ་བཀར་ནས་སྔོན་ལ་སྤྱད་ཆོག བེད་སྤྱོད་བྱས་རྗེས་དུས་ཐོག་ཏུ་ཕྱིར་སྤྲོད་དགོས་པར་མ་ཟད། གྲོན་དངུལ་འོས་འཚམ་ཡང་སྤྲོད་དགོས་པ་དང་། ཆག་སྐྱོན་བྱུང་ན་སྐྱིན་ཚབ་སྤྲོད་དགོས།
(བདུན) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་འགན་དབང་གཞན་དག་སྤྱོད་པ་བཅས་ཡིན།