ཁ་ལོ་བའི་དཔང་ཡིག་སྟེང་གི་ཟླ་ཚེས་འདི་ལ་བལྟ་རྒྱུ་མ་བརྗེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

“དཔང་ཡིག་ཤོར་བ”ནི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་དཔང་ཡིག་གི་གོ་ཆོད་ནུས་ཚད་ལས་བརྒལ་བ་ལ་ཟེར།

ཡང་ན་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དང་ཆང་འཐུང་ནས་རླངས་འཁོར་བསྐོར་བ། དུག་འཐེན་ནས་རླངས་འཁོར་བསྐོར་བ། འགྲུམ་འགྲིལ་དོན་རྐྱེན་གྱི་ནག་ཉེས་བཟོས་པ། དེ་མིན་ཁྲིམས་འགལ་བཟོས་ནས་སྐར་མ12འཐེན་པ་སོགས་བྱས་པའི་རྒྱུ་མཚན་གྱིས་འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱི་ཁ་ལོ་བའི་དཔང་ཡིག་གནས་སྐབས་སུ་བཀག་ཉར་དང་། ཐོ་ཁོངས་ནས་བསུབ་པ། ཕྱིར་བསྡུ་བཅས་ཏེ་གནས་སྐབས་སམ་ཡང་ན་ཡུན་རིང་ལ་ཁྲིམས་མཐུན་ངང་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་བའི་ཐོབ་ཐང་ཤོར་བའི་གནས་ཚུལ་ལ་ཟེར། 

དཔང་ཡིག་ཤོར་བའིམི་སྣ་སྐོར་ཞིག་གིས་རང་སྣང་གར་ཤར་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པས་མུ་མཐུད་དུ་ལྐོག་ཏུ་རླངས་འཁོར་བསྐོར་ན། འགྲིམ་འགྲུལ་ཉེན་རྟོག་པས་ཤེས་མི་ཐུབ་པར་འདོད་མོད། འོན་ཀྱང་གྲངས་གཞི་ཆེན་པོའི་དུས་རབས་སུ་ཁྲིམས་འགལ་བྱ་སྤྱོད་དེའི་རིགསམཁའ་མིགལས་ཐར་མི་སྲིད།

ཁ་ལོ་བས་ཁ་ལོ་བའི་དཔང་ཡིག་བླངས་མེད་པ་དང་ཁ་ལོ་བའི་དཔང་ཡིག་ཕྱིར་བསྡུ་བྱས་པ། ཁ་ལོ་བའི་དཔང་ཡིག་ཐོ་ཁོངས་ནས་བསུབ་པ། ཁ་ལོ་བའི་དཔང་ཡིག་གནས་སྐབས་བཀག་ཉར་བཅས་ཀྱི་སྐབས་སུ་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་མི་རུང་ལ། རང་སྣང་གང་ཤར་གྱི་སེམས་ཁམས་སྤྱད་དེ་གཏན་ནས་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་མི་རུང་། ཚང་མས་མཉམ་གཅིག་ཏུ་ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་བར་བཀག་འགོག་བྱས་ནས། འཕྲུལ་སྒུལ་འཁོར་ལོའི་རིགས་ཀྱང་དཔང་ཡིག་མེད་པའམ་ཡང་ནདཔང་ཡིག་ཤོར་བའི“མི་སྣའི་ལག་ཏུ་གཏན་ནས་འཇོག་མི་རུང་། 

དཔང་ཡིག་མེད་པར་རླངས་འཁོར་བསྐོར་བའི་གནོད་འཚེ།

01ཁྲིམས་འགལ་གཙོ་གནད་སློང་བ།

དཔང་ཡིག་མེད་པ་དང“དཔང་ཡིག་ཤོར་བའི”མི་སྣར་འཕྲུལ་སྒུལ་འཁོར་ལོ་བསྐོར་བའི་ཐོབ་ཐང་མེད་པས། མྱུར་ཚད་ལས་བརྒལ་བ་དང་། གློག་དམར་ལ་བརྒལ་བ། ཆང་འཐུང་ནས་རླངས་འཁོར་བསྐོར་བ། དཔང་ཡིག་དང་ཨང་རྟགས་རྫུན་མ་སྤྱོད་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྔར་ལས་འབྱུང་སླ་བས། འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བྱེད་སྲིད།

0ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ།

 དཔང་ཡིག་མེད་པ་དང“དཔང་ཡིག་ཤོར་བའི”མི་སྣའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཞན་པ། རླངས་འཁོར་བསྐོར་ནས་ལམ་དུ་བསྐྱོད་ན་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བ་དང་། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་སྲིད། 

03 ཉེན་འགོག་གིས་སྐྱིན་ཚབ་མི་སྤྲོད་པ། 

དཔང་ཡིག་མེད་པ་དང“དཔང་ཡིག་ཤོར་བའི”མི་སྣས་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། འགན་བཅོལ་ཀུང་སིས་འབྲེལ་ཡོད་གྱོང་གུན་གྱི་སྐྱིན་ཚབ་མ་སྤྲད་ན་ཆོག་པས། གནོད་འཚེ་ཕོག་མཁན་ཕྱོགས་ཀྱི་ཁེ་དབང་ལ་དེ་མཚུངས་ཀྱི་ཁག་ཐེག་མི་ཐོབ་པས། ཕྱོགས་གཉིས་ཀྱི་འགལ་བ་ཇེ་དྲག་ཏུ་འགྲོ་བ་དང་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་སྲིད། 

 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།