འདས་པོར་དམའ་འབེབས་དང་དམོད་མོ་བྱས་ན་ཇི་ལྟར་བྱ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

དམངས་དོན་ཁྲིམས་གཞུང་གི་དོན་ཚན994པའི་གཏན་འཁེལ་ལྟར་ན། འདས་པོའི་མིང་དང་འདྲ་པར། མཚན་སྙན། སྙན་གྲགས། སྐུ་ཕུང་སོགས་ལ་གནོད་འཚེ་ཕོག་ན། དེའི་བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་ལ་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་དབང་ཡོད་པ་དང་། འདས་པོར་བཟའ་ཟླ་དང་བུ་ཕྲུག་མེད་པར་མ་ཟད། ཕ་མ་གྲོངས་ཟིན་པ་ཡིན་ན། གཉེན་ཉེ་གཞན་དག་གིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་དབང་ཡོདཅེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།