དུག་རྫས་གསར་པའི་ཉེས་གསོག་གི་ཁྱད་ཆོས་ཆེན་པོ་ལྔ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཟླ2པའི་ཚེས2ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས2023ལོའི་ཚུན་ཆད་དུ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུག་རྫས་གསར་པའི་ཉེས་གསོག་གི་ཆད་གཅོད་བྱེད་ཐབས་གཙོ་བོ་དང་ཕན་འབྲས་བརྡ་ཁྱབ་བཏང་བ་རེད།

2023ལོ་ནས2025ལོའི་བར། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་བྱས་ནས་དུག་རྫས་གྱོད་གཞི་ཁྲི9.3མཇུག་བསྒྲིལ་ཏེ་ཁྲིམས་ལུགས་ཀྱི་ནུས་པ་ཐོན་པའི་གཏུག་ཡུལ་ཁྲི13.3ལ་ཁྲིམས་ཐག་བཅད་པ་དང་། དེའི་ནང་མི་ཁྲི2.7ལ་དུས་བཙོན་ལོ5ཡན་གྱི་ཉེས་ཆད་བཅད་པ་དང་ཉེས་ཆད་ལྕི་ཚད20%ཟིན་པས། དུས་མཉམ་གྱི་ཉེས་དོན་གྱོད་གཞི་ཡོངས་ཀྱི་ཉེས་ཆད་ལྕི་ཚད་ལས་བརྒྱ་ཆའི་གྲངས13ཙམ་མཐོ་བ་རེད། རང་རྒྱལ་གྱི་དུག་རྫས་ཀྱི་གནས་ཚུལ་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མུ་མཐུད་སྲ་བརྟན་དུ་བཏང་ནས་དུག་རྫས་གྱོད་གཞིའི་གྲངས་འབོར་ཆེས་ཆེར་ཉུང་དུ་ཕྱིན་ཡོད། 2025ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་གཅོད་མཇུག་བསྒྲིལ་པའི་དུག་རྫས་གྱོད་གཞི23732དེ2015ལོ་ནས་བཟུང་མར་ཆག་པའི་འཕེལ་ཕྱོགས་རྒྱུན་མཐུད་བྱས་པ་དང་། 2015ལོའི་མཐོ་ཤོས་ཀྱི་དུས་སྐབས(གྱོད་གཞི་ཁྲི13.9)ལས82.93%མར་ཆག་པ་དང་། 2024ལོ(གྱོད་གཞི་ཁྲི3.6)ལས33.82%མར་ཆག་ནས2000ལོའི་གོང་གི་ཚད་དུ་སླེབས་ཡོད།

འདྲི་གཅོད་ལས་དོན་གྱི་གནས་ཚུལ་ལ་བལྟས་ན། མིག་སྔར་དུག་རྫས་ཉེས་གསོག་ལ་གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་འགའ་མངོན་ཡོད་དེ།

གཅིག་ནི་སྲོལ་རྒྱུན་གྱི་དུག་རྫས་བཀག་འགོག་ནུས་ལྡན་བྱུང་ཡོད་ཅིང་། ཁྲིམས་འགལ་མི་སྣ་ཁ་ཤས་ཀྱིས་སྨན་བཅོས་ཐད་སྤྱོད་པའི་སྦྲིད་སྨན་དང་བསམ་པའི་སྨན་རྫས། བསམ་པའི་གྲུང་གཤིས་དངོས་རྫས་གསར་པ་བཅས་ལ་དམིགས་པ།

གཉིས་ནི་གྱོད་འབྲེལ་དངོས་རྫས་ཀྱི་འབྱུང་ཁུངས་དང་རིགས་སྣ་མང་ཡིན་པ།

གསུམ་ནི་གྱོད་འབྲེལ་དངོས་རྫས་ཀྱི་སྦས་སྐུང་རང་བཞིན་དང་རྫུན་བཟོ་རང་བཞིན་ཆེ་བ།

བཞི་ནི་གང་བྱུང་དུ་སྤྱོད་པའི་ཚོགས་སྤྱི་དང་ཉེས་གསོག་མཁན་ན་གཞོན་ཅན་དུ་འགྱུར་བ།

ལྔ་ནི་ཉེས་གསོག་བྱེད་ཐབས་དྲ་རྒྱ་ཅན་དང་རིག་ནུས་ཅན་གྱི་ཁྱད་ཆོས་འབུར་ཐོན་ཡིན་པ་བཅས་སོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།