གཉེན་འཐོར་སྐབས་ཁྱིམ་ལས་ཀྱི་ངལ་རྩོལ་ཁ་གསབ་རེ་ཞུ་བྱེད་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1088པའི་གཏན་འཁེལ་ལྟར་ན། ཁྱོ་ཤུག་ཕྱོགས་གཅིག་གིས་ཕྲུ་གུ་གསོ་སྐྱོང་དང་རྒན་རྒོན་ལ་ལྟ་སྐྱོང་ངམ་ཕྱོགས་ཅིག་ཤོས་ཀྱི་བྱ་བར་རོགས་རམ་སོགས་བྱེད་པའི་འོས་འགན་མང་ཙམ་ཁུར་ཡོད་ན། གཉེན་འཐོར་སྐབས་ཅིག་ཤོས་ལ་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་ཞུ་དབང་ཡོད་པ་དང་། ཅིག་ཤོས་ཀྱིས་ཀྱང་སྐྱིན་ཚབ་སྤྲོད་དགོས། བྱེད་ཐབས་གཙོ་བོ་ནི་ཕྱོགས་གཉིས་ཀས་གྲོས་མོལ་བྱེད་དགོས་ལ། ཕྱོགས་གཉིས་ཀར་གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།