“གཟུགས་ཐུང་བའི་སེམས་ཁྲལ”དེ“བདེ་ཐང་གི་ལྕགས་སྒྲོག”ཏུ་འགྱུར་དུ་འཇུག་མི་རུང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་ལམ། སྨྱན་བྱད་ལ་ལས་སྒྲོག་སྤེལ་བྱས་པ་ལྟར་ན། ཁེ་ལས་དང་བཟོ་གྲྭ་དང་ཚོང་བ་ལ་ལས་སྐུལ་འཚོང་བྱེད་པའི་ཁྲོད་འཚར་ལོངས་སྐུལ་རྒྱུ་ལགཟུགས་སྐྱེ་བྱེད་ཀྱི་ཁབཀྱི་མིང་བསྩལ་ཡོད། ཁྱིམ་བདག་ལ་ལས་རང་གི་བྱིས་པར་གཟུགས་སྐྱེ་རུ་འཇུག་ཆེད། སེར་སྣ་ཅི་ཡང་མེད་པར་སྒོར་ཁྲི་ཕྲག་དུ་མ་བཀོལ་ནས་འཚར་ལོངས་སྐུལ་རྒྱུའི་ཁབ་རྒྱག་བཞིན་ཡོད། ཡིན་ནའང་། ཆེད་མཁས་པས་བསྟན་དོན། འཚར་ལོངས་སྐུལ་རྒྱུའི་ཁབ་བརྒྱག་ན་གསོ་བ་རིག་པའི་གཞི་འཛིན་ས་གསལ་པོ་དགོས་པ་ལས་གང་འདོད་དུ་བཀོལ་ན་བདེ་ཐང་ལ་ཉེན་ཁ་བསྐྱེད་སྲིད།

ཉེ་བའི་ལོ་འདི་འགར། ཁྱིམ་བདག་ལ་ལར་བྱིས་པ་གཟུགས་ཐུང་བའི་སེམས་ཁྲལ་བྱུང་ཡོད་དེ། རྨོངས་ཚོད་ཀྱིས་འགྲན་པ་དང་། དངུལ་མང་པོ་གཏོང་བར་སེར་སྣ་ཅི་ཡང་མེད་པར་གཟུགས་སྐྱེ་བར་བྱེད་པའི་ཐབས་སྣ་ཚོགས་ཚོད་ལྟ་བྱེད་བཞིན་ཡོད། ཐ་ན་འཚར་ལོངས་སྐུལ་རྒྱུའི་ཁབ་ཀྱང་གང་འདོད་དུ་བཀོལ་བ་རེད། དེས་བྱིས་པ་གཟུགས་སྐྱེ་བའི་རེ་བ་མངོན་འགྱུར་མ་བྱུང་བ་མ་ཟད། ད་དུང་བདེ་ཐང་གི་གནད་དོན་གཞན་བྱུང་དུ་བཅུག་ཡོད། ཁྱིམ་བདག་རྣམས་ཀྱིས་རྨོངས་ཚོད་ཀྱིས་སྨན་ལ་བསྟེན་པ་ཇེ་ཉུང་དུ་གཏོང་ཆེད། ས་ཆ་མང་པོའི་སྨན་ཁང་དུ་ཆེད་ལས་ཅན་གྱི་འཚར་ལོངས་སྐྱེ་འཕེལ་སྐབས་བསྟེན་སྨན་བཅོས་ཁང་བཙུགས་ཡོད། ཉེ་སྔོན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག4ཡིས་བཀྲམ་པའིབྱིས་ནད་ཚན་ཁག་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུའི་ལོའགུལ་སྐྱོད་འཆར་གཞི(2025-2027ལོ)》ལས་བསྟན་དོན། སྨན་བཅོས་ལས་ཁུངས་ཀྱིས་བྱིས་པའི་ནད་ཀྱི་གནས་ཚུལ་ལ་དམིགས་ནས་འཚར་ལོངས་སྐྱེ་འཕེལ་སོགས་ཁྱད་ལྡན་སྐབས་བསྟེན་སྨན་བཅོས་ཁང་འཛུགས་ཆོག

གཟུགས་ཐུང་བའི་སེམས་ཁྲལདེབདེ་ཐང་གི་ལྕགས་སྒྲོགཏུ་འགྱུར་དུ་འཇུག་མི་རུང་། དམིགས་སའི་རང་བཞིན་ལྡན་པའི་བདེ་ཐང་གི་ཚན་རིག་ཁྱབ་གདལ་རྒྱ་ཁྱབ་ཏུ་སྤེལ་དགོས། ཁྱིམ་བདག་ལབདེ་ཐང་གི་གཟུགས་དཔངསལསལྟོས་མེད་ཀྱི་གཟུགས་དཔངསཀྱི་འདུ་ཤེས་ཆགས་སུ་འཇུག་མི་རུང་། སྤྱིའི་བདེ་ཐང་ལ་མཐོང་ཆེན་བྱེད་པ་ལས་དམིགས་ཚད་སྣ་གཅིག་ལ་མཐོང་ཆེན་བྱེད་མི་རུང་། འཚར་ལོངས་སྐུལ་རྒྱུའི་ཁབ་བཀོལ་སྤྱོད་ཚད་ལྡན་དུ་བཏང་སྟེ། ནད་ལ་མི་འཚམ་པར་ཁྱབ་གདལ་དུ་གཏོང་བ་གཏན་དུ་འགོག་དགོས། ཁེ་ཕན་ལ་དམིགས་ནས་བྱིས་པར་འཚར་ལོངས་སྐུལ་རྒྱུའི་ཁབ་བརྒྱག་པར་འཇམ་ཁྲིད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་ལ་ཆད་པ་ནན་མོ་གཅོད་དགོས། ཚན་རིག་དང་མཐུན་ཞིང་རྗེས་དཔག་བྱས་ནས་དགོས་མཁོར་བརྟག་ན། ད་གཟོད་བྱིས་པ་བདེ་ཐང་དང་ཡིད་ཆེས་ཀྱི་ཁྲོད་ནས་འཚར་ལོངས་འབྱུང་དུ་འཇུག་ཐུབ།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།