རླངས་འཁོར་གྱི་གླ་མ་བྱིན་ན་མཇུག་འབྲས་འདི་འདྲ་རེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རླངས་འཁོར་གྱི་གླ་མ་བྱིན་ན་མཇུག་འབྲས་འདི་འདྲ་རེད། 

ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱི་གླ་འཁོར་ཁ་ལོ་བ་མཱ་ཆེ་གེ་མོས་འགྲུལ་བ་གཉིས་རླངས་འཁོར་ནང་བཟུང་ནས་ཧུའུ་ཀྲུའུ་ལྷོ་ཕྱོགས་ཀྱི་ལམ་གླ་བསྡུ་བའི་ས་ཚིགས་སུ་འབྱོར་སྐབས། འགྲུལ་བ་ཆང་གིས་བཟི་ནས་རླངས་འཁོར་གྱི་གླ་མ་བྱིན་པའི་གནས་ཚུལ་ལ་འཕྲད། གྱོད་དོན་སྙན་སེང་འབྱོར་འཕྲལ། ཧུའུ་ཀྲུའུ་སྤྱི་བདེ་ཅུས་ཐང་ཁྲོན་མངག་གཏོང་ཁང་གིས་མགྱོགས་མྱུར་ངང་དང་ལེན་བྱས་ནས། བརྒྱུད་བགྲོད་གྱིས་ཞིབ་ཕྲའི་ཞིབ་དཔྱད་དང་གར་སོང་ལ་འདྲི་གཅོད་བྱས་པ་བརྒྱུད། ལེགས་འགྲུབ་གྱིས་གྱོད་ཡིག་བྲོས་པའི་རླངས་འཁོར་གླ་མ་བྱིན་པས་བྲོས་བྱོལ་བྱས་འགྲུལ་བ་རྙེད་ནས་ཁ་ལོ་བར་དཔལ་འབྱོར་གྱོང་གུན་ཐེབས་སུ་མ་བཅུག་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ།

ཉིན་དེའི་ནམ་གུང་གི་ཆུ་ཚོད་གསུམ་པ་ཡས་མས་སུ། གླ་གཏོང་རླངས་འཁོར་ཁ་ལོ་བ་མཱ་ཆེ་གེ་མོས་ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ནས་འགྲུལ་བ་གཉིས་རླངས་འཁོར་ནང་བཟུང་ནས་ཧུའུ་ཀྲུའུ་ལྷོ་ཕྱོགས་ཀྱི་ལམ་གླ་བསྡུ་བའི་ས་ཚིགས་སུ་འབྱོར་སྐབས། རླངས་འཁོར་ནང་གི་འགྲུལ་བ་གཉིས་ཀས་ལག་འཁྱེར་ཁ་པར་ནང་དུ་གློག་མེད་པ་རྒྱུ་མཚན་དུ་བྱས་ནས་རླངས་འཁོར་གྱི་གླ་མ་བྱིན། དེ་ནས་ཁ་ལོ་བས་མཉམ་བཞག་མེད་པའི་གོ་སྐབས་དང་བསྟུན་ནས་བྲོས་བྱོལ་བྱས། ཁ་ལོ་བ་མཱ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུ་སྐབས། འགྲུལ་བ་གཉིས་ཀའི་ནང་ནས་གཅིག་གི་རུས་ཀྲང་ཡིན་པ་སེམས་སུ་བཟུང་ཡོད། གནད་གཙོ་བོ་སྟེ་སྐབས་དེར་མཚན་མོ་ཡིན་སྟབས་བརྙན་རིས་ཧ་ཅང་གསལ་པོ་མིན་པས། འགྲུལ་བའི་ལུས་ཀྱི་ཆ་བྱད་དང་གཟུགས་གཞིའི་ཁྱད་ཆོས་གསལ་པོ་ཞིག་ངོས་འཟིན་བྱེད་ཐབས་བྲལ། སྐབས་དེར་རླངས་འཁོར་ལམ་འགྲམ་ནས་བསྡད་དེ་གློག་སྒོ་བརྒྱབ་ཡོད་པས། རླངས་འཁོར་ནང་གི་ལྟ་སྐུལ་ཚོད་འཛིན་འཕྲུལ་ཆས་ཀྱིས་དེ་དག་ཟིན་ཐོར་འགོད་མ་ཐུབ།

མངག་གཏོང་ཁང་གི་ཉེན་རྟོག་པར་གྱོད་དོན་སྙན་སེང་འབྱོར་འཕྲལ། མགྱོགས་མྱུར་ངང་དམངས་འཚོའི་གྱོད་དོན་ཆུང་བ་མྱུལ་ཞིབ་སྒྲིག་སྲོལ་མགྱོགས་མྱུར་ངང་སྤེལ་མགོ་བཙུགས་རྗེས་ཤུལ་ལ་བདའ་འདེད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཉེན་རྟོག་པའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ལམ་གླ་བསྡུ་བའི་ས་ཚིགས་ཀྱི་ཉིན་དེའི་ལས་རེས་མི་སྣ་ལ་གནས་ཚུལ་དྲིས་ནས་ཞིབ་བཤེར་བྱས། དངོས་སུ་མཐོང་མཁན་གྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། ཆུ་ཚོད་བཞིའི་རིང་འབད་འཐབ་བྱས་པ་བརྒྱུད། ཉེན་རྟོག་པས་མཐར་ཀྲང་ཆེ་གེ་མོའི་ཐོབ་ཐོབ་ཐང་ཆ་འཕྲིན་གཏན་འཁེལ་བྱས་པར་མ་ཟད། ཁོ་བརྒྱུད་ནས་ཉིན་དེའི་འགྲོ་རོགས་ལིས་ཆེ་གེ་མོ་དང་འབྲེལ་བ་བྱས།

འདྲི་གཅོད་བྱས་པ་བརྒྱུད། ཀྲང་ཆེ་གེ་མོ་དང་ལིས་ཆེ་གེ་མིས་རླངས་འཁོར་གྱུ་གླ་མ་བྱིན་པར་བྲོས་བྱོལ་བྱས་པའི་དོན་དངོས་སྦ་གསེང་མེད་པར་ཁས་ལེན་བྱས། ཉེན་རྟོག་པས་སྐྱོན་བརྗོད་སློབ་གསོ་བཏང་རྗེས། ཁོ་གཉིས་ཀྱིས་རང་ཉིད་ཀྱི་སྐྱོན་ཆ་ངོས་ཟིན་ཏེ་ཁ་ལོ་བ་མཱ་ཆེ་གེ་མོར་དགོངས་དག་ཞུ་ཞོར་དུ་རླངས་འཁོར་གྱི་གླ་ཡང་བྱིན། 

ཁོས་བསམས་པར་རླངས་འཁོར་གྱི་གླ་ཕྱིར་ལེན་མ་ཐུབ་འདོད་ཡོད། མ་བསམས་སར་ཉེན་རྟོག་པས་ཕྱིར་བླངས་སོང་ཞེས་ཟེར། མཱ་ཆེ་གེ་མོ་ཧ་ཅང་དགའ་ནས་རྙེན་རྟོག་པས་བཀའ་དྲིན་ཡང་ཡང་ཞུས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།