སྤྱི་དམངས་ཀྱི་ཉེས་འདོན་དང་ཞུ་གཏུག་གི་དབང་ཆ་ནི་ག་འདྲ་ཞིག་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

སྤྱི་དམངས་ཀྱི་ཉེས་འདོན་དང་ཞུ་གཏུག་གི་དབང་ཆ་ནི་ག་འདྲ་ཞིག་ཡིན།  སྤྱི་དམངས་ལ་འབྲེལ་ཡོད་ལས་ཁུངས་དང་ཁྲིམས་འགལ་ལས་འཛོལ་བྱུང་མཁན་ལ་ཁྲིམས་ཆད་གཅོད་པའི་རེ་བ་ཞུ་བའི་དབང་ཆ་དང་ཉེས་འདོན་བྱེད་པའི་དབང་ཆ་ཡོད།  སྤྱི་དམངས་ཀྱིས་གཤམ་གསལ་ལས་ཁུངས་ལ་ཞུ་གཏུག་དང་ཉེས་འདོན་བྱས་ཆོག་པ་སྟེ།  (1) ཁྲིམས་འགལ་ཉེས་བཟོའི་བྱ་སྤྱོད་ཅིག་ཡིན་ཕྱིན་མི་དམངས་ཁྲིམས་ཁང་དང་ཞིབ་བཤེར་ཁང་། སྤྱི་བདེ་ལས་ཁུངས་བཅས་ལ་ཞུ་བ།   (2) སྲིད་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ཕྱིན་གཙོ་གཉེར་ལས་ཁུངས་ལ་ཞུ་བ།  (3) རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་དང་འགལ་བའི་ཐག་གཅོད་ཅིག་ཡིན་ཕྱིན་དབང་ཆ་འདྲ་མཉམ་ལས་ཁུངས་སམ་དེ་ལས་མཐོ་བའི་དབང་ཆའི་ལས་ཁུངས་ལ་ཞུ་བ།  (4) ཏང་ཁྲིམས་དང་འགལ་བའམ་ཏང་ཡོན་གྱི་ཁྲིམས་འགལ་ཉེས་བཟོས་བྱ་སྤྱོད་ཅིག་ཡིན་ཕྱིན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཞུ་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།