དྲ་སྟེང་དུ་མི་གཞན་གྱི་སྐད་འདྲ་བཟོ་དང་ལད་མོ་བྱས་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

     དྲ་སྟེང་དུ་མི་གཞན་གྱི་སྐད་འདྲ་བཟོ་དང་ལད་མོ་བྱས་ཆོག་གམ། རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་དོན་ཚན1023པའི་ཚན་པ2པའི་ནང་གཏན་འཁེལ་བྱས་དོན།    རང་བྱུང་མིའི་སྐད་ཆ་ལ་སྲུང་སྐྱོབ་བྱེད་པར་འདྲ་པར་དབང་ཆ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་གཏན་འཁེལ་དཔྱད་གཞིར་བཟུང་ཡོད་པ་སྟེ། སྒྲ་ནི་མི་གཤིས་ཀྱི་མཚོན་རྟགས་ཤིག་ཡིན་པའི་ཆ་ནས་མི་སྒེར་གྱི་མཚོན་རྟགས་དང་མི་གཞན་གྱིས་བཀོལ་སྤྱོད་བྱེད་ཆོག་པའི་ནུས་པ་ལྡན། དེང་རབས་སྤྱི་ཚོགས་སུ་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མི་སྒེར་གྱི་སྐད་འདྲ་བཟོ་དང་ཁྱབ་སྤེལ། ལད་མོ་བཅས་བྱེད་པའི་བྱེད་སྟངས་ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བཞིན་ཡོད་ལ། སྐད་ཀྱི་ཁེ་ཕན་ལ་གནོད་འཚེ་ཐེབས་པའི་གནད་དོན་ཡང་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། འདིས་མི་སྒེར་གྱི་མི་གཤིས་ཁེ་ཕན་ལ་གནོད་འཚེ་གཏོང་སྲིད་ལ། མི་སྒེར་གྱི་མཚན་སྙན་རྨེག་མེད་དུ་གཏོང་བའི་གནོད་འཚེ་ཡང་བཟོ་སྲིད། དེར་གཞིགས་ནས་དམངས་དོན་ཁྲིམས་གཞུང་ནང་རང་བྱུང་མིའི་སྐད་ལ་སྲུང་སྐྱོབ་བྱེད་པར་འདྲ་པར་དབང་ཆ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་གཏན་འཁེལ་དཔྱད་གཞིར་བཟུང་ནས་སྤྱད་དགོས་པའི་གཏན་འཁེལ་བྱས་ཡོད། དེར་བརྟེན། ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་སྐད་ཆ་རྫུན་བཟོ་བྱེད་པའམ་ཁེ་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་མི་གཞན་གྱི་སྐད་ཆ་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱས་ན་མི་གཞན་གྱི་སྐད་ཆ་དང་ཁེ་ཕན་ལ་གནོད་འཚེ་གཏོང་སྲིད། དཔེར་ན། མི་ཆེ་གེ་མོའི་སྐད་དབྱེ་ཕྲལ་བྱས་ནས་མི་གཞན་གྱི་སྣང་བརྙན་དང་འདྲེས་སྦྱོར་བྱེད་པའམ་མི་གཞན་གྱི་སྐད་ལ་ལད་མོ་བྱས་ནས་འཁྲབ་སྟོན་བྱེད་པ་སོགས་ཚང་མས་མི་གཞན་གྱི་སྐད་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་ལྟ་བུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།