སྤྱི་དམངས་ལ་རོགས་སྐྱོར་བྱེད་པའི་ཐད་གཏན་འཁེལ་ག་འདྲ་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

 ནུས་མེད་སྤྱི་དམངས་ལ་རོགས་སྐྱོར་བྱེད་པའི་ཐད་གཏན་འཁེལ་ག་འདྲ་ཡོད།     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལོ་ན་རྒས་པ་དང་། ནད་ཀྱིས་མནར་བའམ་ངལ་རྩོལ་གྱི་ནུས་པ་ཤོར་བ་བཅས་བྱུང་ཚེ། རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་རམ་ཐོབས་པའི་ཁེ་དབང་ཡོད།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཉེན་སྲུང་དང་།   སྤྱི་ཚོགས་རྒུད་སྐྱོབ།  སྨན་བཅས་འཕྲོད་བསྟེན་བཅས་ཀྱི་བྱ་གཞག་གོང་དུ་སྤེལ་བ་ཡིན། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་དམག་མིའི་འཚོ་བ་འགན་ལེན་བྱེད་པ་དང་།  སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཆི་གོད་གྱོང་གསབ་དང་ལྟ་སྐྱོང་།  དམག་མིའི་ཁྱིམ་མིར་དམིགས་བསལ་བདག་སྐྱོང་བཅས་བྱ་དགོས།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ལོང་བ་དང་།   འོན་པ། ལྐུགས་པ་བཅས་དང་དབང་པོར་སྐྱོན་ཡོད་པའི་སྤྱི་དམངས་གཞན་རྣམས་ལ་ངལ་རྩོལ་དང་།   འཚོ་བ། སློབ་གསོ་བཅས་ཀྱི་ཐད་ནས་བཀོད་སྒྲིག་བྱེད་པ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།