ས་རྡུལ་འཐིབ་པའི་གནམ་གཤིས་སྐབས་ཀྱི་འགོག་སྲུང་བྱེད་ཐབས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་དུས། ཟི་ལིང་གྲོང་ཁྱེར་དུ་ས་རྡུལ་འཐིབ་པ་དང་གནམ་གཤིས་ཇེ་འཁྱག་ཏུ་སོང་བའི་ཤུགས་རྐྱེན་འོག །མཁའ་དབུགས་ཀྱི་སྤུས་ཚད་ཇེ་ཞན་དུ་སོང་སྟེ་དབུགས་ལམ་དང་སྙིང་རྩྭའི་ནད་རིགས་སློང་སླ་བས་སྡོད་དམངས་ཀྱིས་འགོག་སྲུང་ལེགས་པོ་བྱ་དགོས།    

འགྲོ་འོང་ཇེ་ཉུང་དུ་གཏོང་བའི་ཐད།  

འགྲོ་འོང་ཇེ་ཉུང་དུ་བཏང་སྟེ་ལྷག་པར་རྒན་རྒོན་དང་བྱིས་པ། སྦྲུམ་མ། དེ་མིན་དབུགས་ལམ་དང་སྙིང་རྩྭའི་ནད་པ་ཕྱི་རོལ་དུ་མ་སོང་ན་ལེགས། ངེས་པར་དུ་འགྲོ་དགོས་ཚེN95ཁ་ཐུམ་དང་སྨན་པའི་ཁ་ཐུམ་བརྒྱག་པ། ས་རྡུལ་འགོག་སྲུང་གི་མིག་ཤེལ་གྱོན་དགོས།  ཕྱི་རོལ་ནས་སྦྱོང་བརྡར་མི་བྱེད་པ་དང་ཁང་པའི་ནང་དུ་ལས་སྦྱོང་བྱེད་ན་འོས་འཚམ་གྱིས་རླུང་རྒྱུ་རུ་འཇུག་དགོས།

གཞིས་ཁྱིམ་ནས་འགོག་སྲུང་བྱེད་པའི་ཐད།

སྒེའུ་ཁུང་གཏན་ཏེ་བརླན་རས་དང་ལག་ཕྱིས་བཀོལ་ནས་ཁང་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་མཁའ་དབུགས་གཙང་སྒྱུར་གློག་ཆས་བཀོལ་ན་ལེགས།

དུས་ལྟར་གཙང་སྦྲ་བྱེད་པའི་ཐད།

སྒོ་ཕྱི་ཁྱིམ་ལ་སོང་ན་དུས་ལྟར་ཁ་ངོ་གཙང་མ་བཀྲུ་དགོས་ཤིང་ཚྭ་ཆུས་ཁ་ནང་དུ་བཤལ་ན་ལེགས།  

གྲང་འགོག་དྲོད་སྲུང་གི་ཐད།

གནམ་གཤིས་ཇེ་འཁྱག་ཏུ་འགྲོ་དུས་ལྭ་བ་ཇེ་འཐུག་ཏུ་བཏང་སྟེ། ཆམས་ནད་དང་སྙིང་རྩའི་ནད་ཕོག་པར་སྔོན་འགོག་བྱ་དགོས།

བདེ་ཐང་ལྟ་ཞིབ་བྱེད་པའི་ཐད།

ཆུ་མང་ཙམ་བཏུང་བ་དང་ཚྭ་སྣུམ་ཉུང་པའི་ཟས་རིགས་ལ་བསྟེན་པ། སིལ་ཏོག་དང་སྔོ་ཚལ་རིགས་ཇེ་མང་དུ་བཏང་སྟེ་ནད་འགོག་ནུས་ཤུགས་ཇེ་ལེགས་སུ་གཏང་དགོས། འགོག་སྲུང་ལ་ཤུགས་བསྣན་ཏེ་གཟུགས་པོའི་ཚོར་འདུ་ལ་དོ་སྣང་སྒོས་གལ་སྲིད་གློ་ལུ་དང་དབུགས་འཚང་། མིག་དང་སྣ་བ་མི་བདེ་བའི་ནད་རྟགས་ཡོད་ཚེ་དུས་ལྟར་སྨན་བཅོས་བྱ་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།