ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།རྒྱུན་ཤེས་སྐོར།
ལུས་པོའི་བདེ་ཐང་སྐོར་གྱི་ཤེས་བྱ།
ཡོང་ཁུངས། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-13 08:58:45
པུས་ཚིགས་ལ་གནོད་པའི་སྤྱོད་ལམ་འདི་གསུམ་སྐྱུངས་པར་མཛོད།

རྒས་པའི་སྔ་མ་རྐང་པ་ཡིན། དེ་ཡི་ནང་ནས་པུས་ཚིགས་ཡིན་ཞེས་པ་ལྟར། པུས་ཚིགས་ནི་ཤིན་ཏུ་རྒས་སླ་བའི་གནས་ཤིག་ཡིན། འཚོ་བའི་ནང་གི་རྒྱུན་གོམས་སུ་སོང་བའི་སྤྱོད་ལམ་འགའ་ནི་པུས་ཚིགས་ལ་ཤིན་ཏུ་གནོད་པས་མཉམ་འཇོག་བྱས་ན་བཟང་།

ཁྱིམ་ལ་གད་དར་བྱེད་སྐབས་སྒུར་བའམ་ཙོག་མ་ལངས་ཀྱིས་ཐང་འབྱིད་པ། ཉལ་ནས་སྡོད་སྐབས་རུས་ཚིགས་ལ་ཁུར་གནོན་ཅི་ཡང་མེད་ཀྱང་། ལངས་ནས་འགྲོ་སྐབས་རུས་ཚིགས་ཀྱི་ཁུར་བོ་ལྡབ1ནས2ཀྱིས་ལྕི་བ་ཡིན། ཐེམ་སྐས་ཐོག་ཏུ་འགྲོ་བ་དང་། ལྷག་པར་དུ་མར་འབབ་པའི་སྐབས་སུ་ཁུར་གྱི་ལྗིད་ཚད400%འཕར་འགྲོ་བ་སྟེ། ཧ་ལམ་ལུས་ཀྱི་ལྗིད་ཚད་ཀྱི་ལྡབ4ཡིན། གལ་ཏེ་རྩོལ་བ་དྲག་པོའི་ལུས་རྩལ་གྱི་རིགས་ཏེ། རྐང་གྲུག་དང་ལྒང་ལི་རྩེ་བ་ལྟ་བུའི་སྐབས་སུ་ལྗིད་ཚད་དེ་དེ་ལས་ཀྱང་ཆེ་བ་ཡིན། ཙོག་པ་དང་སྒུར་བ་ལས་ལངས་པའི་སྐབས་སུ། རུས་ཚིགས་ཀྱི་ཁུར་ལྷག་པར་ལྕི་བས། སྤྱོད་ལམ་དེ་དག་ལ་གཟབ་དགོས་པ་ཡིན།

སྐྱིལ་ཀྲུང་དུ་སྡོད་པ། གསོ་རིག་གི་ངོས་ནས་བཤད་ན། སྐྱིལ་མོ་ཀྲུང་དུ་སྡོད་པ་ནི་བདེ་ཐང་ལ་ཕན་པའི་སྤྱོད་ལམ་ཞིག་མིན། སྐྱིལ་མོ་ཀྲུང་དུ་སྡོད་པའི་སྐབས་སུ། རུས་པའི་ཁུར་གནོན་ཇེ་ལྕིར་འགྲོ་བ་ཡིན་ལ། ལྷག་པར་དུ་པུས་ཚིགས་ལ་ནམ་རྒྱུན་ལས་ལྕི་བའི་གནོན་ཤུགས་ཐེབས་པ་ཡིན། གནོན་ཤུགས་རབ་ཏུ་ལྕི་བའི་ཚེ་ན། རུས་ཚིགས་མཐའ་འཁོར་གྱི་ཁྲག་གི་འཁོར་རྒྱུག་ལ་གནོད་པ་ཐེབས་ཏེ། ཕྲུམ་རུས་ལ་གནོད་པའི་གནས་ཚུལ་འབྱུང་བ་ཡིན། དེ་ལྟར་དུས་ཡུན་རིང་པོ་འགོར་ན་པུས་ཚིགས་ལ་གཉན་ཚད་བསྐྱེད་སྲིད་པས། སྐྱིལ་མོ་ཀྲུང་དུ་ཙོག་ནས་འདུག་མི་རུང་།

ལྕི་མོ་ཁུར་བ། པུས་ཚིགས་མ་བསྐུམ་སྐེད་པ་སྒུར་ནས་ཁུར་ལྕི་མོ་འདེགས་སྐབས། འཕོངས་ཤ་དང་པུས་མོའི་ཤ་གནད་ཀྱིས་སྟོབས་ཤུགས་འདོན་དཀའ་བ་དང་། རྒྱབ་གཞུང་གི་རྒྱུས་རྩ་དང་ཤ་གནད་ལ་ཁུར་གནོན་དྲག་པོ་ཐེབས་ཚེ་རྨས་ཕོག་སྲིད། ཚོང་ཁང་ནས་ཉོ་ཆ་རྒྱག་སྐབས་འདེད་འཁོར་དྲུད་ནས་འགྲོ་བ་དང་། ཡང་ན་ཡོ་བྱད་གཞན་ལ་བརྟེན་ནས་དངོས་ཟོག་སྡུད་ལེན་བྱེད་རྒྱུ་གལ་ཆེ། ཤུགས་འདོན་མི་དགོས་སར་དོན་མེད་དུ་ཤེད་ཤུགས་བཀོལ་ན་པུས་ཚིགས་ལ་གནོད་པ་ཐེབས་པའི་ཉེན་ཁ་ཆེ། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ལུས་པོའི་བདེ་ཐང་སྐོར་གྱི་ཤེས་བྱ།

ཡོང་ཁུངས། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།