འབའ་རྫོང་གི་སྔོན་འགྲོ་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། སྔོན་འགྲོ་སློབ་གསོའི་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ཇེ་ལེགས། སྔོན་འགྲོ་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་སྟོབས་ཤུགས་ཕུན་སུམ་ཇེ་ཚོགས། འབའ་རྫོང་གི་སྔོན་འགྲོ་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་མི་འདང་བའི་གནས་ཚུལ་ཞི་ལྷོད་བཅས་གཏོང་ཆེད། ཆེད་ལས་ལས་གནས་སྟོང་པར་ལུས་པའི་གནས་ཚུལ་དང་ལས་ཀའི་དགོས་མཁོ་གཉིས་་ཟུང་འབྲེལ་བྱས་ཏེ། འབའ་རྫོང་མི་དམངས་སྲིད་གཞུང་གིས་པར་འགྲེམས་བྱས་པའི《<འབའ་རྫོང་གིས་སྔོན་འགྲོ་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་གྱི་དགེ་རྒན་དང་ལས་བཟོའི་ཆུ་ཚད་འགན་ལེན་ལས་དོན་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱ་རྒྱུའི་བརྡ་ཐོ》གཞིར་བཟུང་ནས། (འབའ་རྫོང་སྲིད་གཞུང(2026)ཨང20པའི)བླང་བྱ་ལྟར། 2026ལོའི་མཚོ་ལྷོ་ཁུལ་ལ་ཁ་ཕྱོགས་ནས་སྔོན་འགྲོ་སློབ་གསོའི་སྒྲིག་ཁོངས་ཕྱིའི་དགེ་རྒན39བསྡུ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།
གཅིག ལས་བསྡུའི་མི་གྲངས་དང་། གོ་རིམ། ཁྱབ་ཁོངས།
(གཅིག) ལས་བསྡུའི་མི་གྲངས། འབའ་རྫོང་གིས2026ལོའི་སྔོན་འགྲོ་སློབ་གསོའི་སྒྲིག་ཁོངས་ཕྱིའི་སྲིད་གཞུང་གི་གནས་སྐབས་གདན་ཞུ་དགེ་རྒན39བསྡུ་རྒྱུ་རེད།
(གཉིས།) ལས་བསྡུའི་གོ་རིམ། “ཡོངས་བསྒྲགས་དང་། དྲང་གཞག འགྲན་རྩོད། ལེགས་འདེམས། རང་མོས”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཐོབ་ཐང་བསྐྱར་བཤེར། ཁ་རྒྱུགས་ལེན་པ། གཟུགས་པོར་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཁྱབ་བསྒྲགས་བཅས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།
(གསུམ།) ལས་བསྡུའི་ཁྱབ་ཁོངས། མཚོ་ལྷོ་ཁུལ་ལ་ཁ་ཕྱོགས་ནས་སྔོན་འགྲོ་སློབ་གསོའི་སྒྲིག་ཁོངས་ཕྱིའི་སྲིད་གཞུང་གི་གནས་སྐབས་གདན་ཞུའི་དགེ་རྒན39བསྡུ་རྒྱུ་རེད།
(བཞི།) ལས་བསྡུའི་ཆ་རྐྱེན། 1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ། 2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། སྤྱོད་ལམ་བཟང་བ། 3.རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་ལུས་ཕུང་གི་ཆ་རྐྱེན་ལྡན་པ། 4.ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག 5.སྔོན་འགྲོ་སློབ་གསོའི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་དང་བྱ་སྤྱོད་ཀྱི་ཚད་གཞི་བརྩི་སྲུང་བྱེད་ཐུབ་པ། བྱིས་པའི་སློབ་གསོའི་ལས་དོན་ལ་དགའ་ཞེན་ཆེ་བ་དང་། གཅེས་སེམས་དང་འགན་འཁྲིའི་སེམས། ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་བཅས་ལྡན་པ། 6. ལུས་སེམས་བདེ་ཐང་དང་། གཤིས་ཀ་ཡག་པ། འབྲེལ་འདྲིས་ཀྱི་ནུས་པ་ལེགས་པོ་ལྡན་པ། 7.མཚོ་ལྷོ་ཁུལ་གྱི་ཁྱིམ་ཐོ་ཡིན་པ། (ཁྱིམ་ཐོ་གནས་སྤོའི་དུས་ཚོད་ནི2025ལོའི་ཟླ12པའི་ཚེས31ཉིན་གྱི་གོང་ཡིན་དགོས།)
གཉིས། མིང་ཐོ་འགོད་པ་དང་རྒྱུགས་ལེན།
(གཅིག) མིང་ཐོ་འགོད་པ།
1. མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད09:00ནས2026ལོའི་ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད20:00བར་ཡིན།
2.དངུལ་སྤྲོད་པའི་དུས་ཚོད་ནི། 2026ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད09:00ནས2026ལོའི་ཟླ8པའི་ཚེས6ཉིན་གྱི་ཆུ་ཚོད20:00བར་ཡིན། 3.མིང་ཐོ་འགོད་སྟངས། ཐེངས་འདིས་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་དགོས་ཤིང་། མིང་ཐོ་འགོད་མཁན་གྱིས་དྲ་ཐོག་ནས་མིང་ཐོ་འགོད་དུས་ངེས་པར་དུ་གློག་ཀླད་ཀྱི་སྣེ་ནས་མཚོ་སྔོན་ཤེས་ལྡན་པའི་འཕེལ་རྒྱས་སྡེ་ཚོགས་དྲ་བའི་སྟེང་མིང་ཐོ་འགོད་དགོས། (https://rcfzjt.pzhl.net/index.php)
(བཞི།) ཡིག་རྒྱུགས། ཡིག་རྒྱུགས་འབའ་རྫོང་ནས་ལེན་རྒྱུ་ཡིན་པ་དང་ཞིབ་ཕྲའི་དུས་ཚོད་མཚོ་སྔོན་ཤེས་ལྡན་པ་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སིའི་དྲ་ཐོག་གི་མིང་ཐོ་འགོད་པའི་མ་ལག་དང་། དག་གཙང(净秀)འབའ་རྫོང་ཞེས་པའི་རྒྱ་ཡིག་གི་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་ཤེས་ལྡན་པ་བསྡུ་ལེན་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཐད་ཀར་ལས་བསྡུའི་སྐད་འཕྲིན་སྤྱི་སྟེགས་བཅས་སུ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པས་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་དུས་ཐོག་ཏུ་དོ་ཁུར་གནང་རོགས། 3.རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་མཚོ་སྔོན་ཤེས་ལྡན་པ་འཕེལ་རྒྱས་སྡེ་ཚོགས་ཀྱི་དྲ་ཐོག་ནས(https://rcfzjt.pzhl.net/index.php)རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།
བཞི། འབྲེལ་གཏུག་ཁ་པར།
(གཅིག)མིང་ཐོ་འགོད་སའི་ལས་ཁུངས་ཀྱི་བློ་འདྲིའི་ཁ་པར། 0971-6337153 0971-6361278
དྲ་ཐོག་གི་ལག་རྩལ་རྒྱབ་སྐྱོར་ཁ་པར་ཨང་གྲངས་ནི། 18997192300 བློ་འདྲིའི་དུས་ཚོད། ལས་ཞག་གི་ཆུ་ཚོད09:00-12:00དང་། 14:00-17:30རེད།
(གཉིས)མི་སྤྱོད་ལས་ཁུངས་ཀྱི་བློ་འདྲིའི་ཁ་པར། མི་སྤྱོད་ལས་ཁུངས། འབའ་རྫོང་སློབ་གསོ་ཅུའུ། ཁ་པར་ཨང་གྲངས།0974-8592312
(གསུམ།)ལྟ་སྐུལ་ལས་ཁུངས་དང་དེའི་ཁ་པར་ཨང་གྲངས། འབའ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0974-8592562
འབའ་རྫོང་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན། 0974-8597891
འབའ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།
2026ལོའི་ཟླ7པའི་ཚེས31ཉིན།