༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འབེབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
མཚོ་སྲིད〔2026〕ཨང11པ།
གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།
《མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འབེབས》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས83པའི་སྟེང་དུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་དགོས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
2026ལོའི་ཟླ1པོའི་ཚེས27ཉིན།
༄༅།།མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འབེབས།
ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ངེས་གསལ་དང་དོན་འཁྱོལ་བྱེད་པ་དང་། མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་གྱི་གནོད་འཚེ་ཇེ་ཉུང་དུ་བཏང་སྟེ། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》དང་《མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིང་། རང་ཞིང་གི་གནས་ཚུལ་དངོས་དང་སྦྱར་ནས། གཏན་འབེབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། མེ་གསོད་བྱ་བར་སྔོན་འགོག་གཙོ་བོ་དང་འགོག་གསོད་ཟུང་འབྲེལ་གྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྲིད་གཞུང་གིས་གཅིག་གྱུར་ངང་མགོ་ཁྲིད་གནང་བ་དང་། སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྡོམ་བྱེད་པ། སྡེ་ཚན་གྱིས་ཕྱོགས་ཡོངས་ནས་འགན་འཁུར་བ། སྤྱི་དམངས་ཧུར་ཐག་སྒོས་ཞུགས་པ་བཅས་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། ཏང་སྲིད་འགན་གཅིག་དང་། གནས་གཅིག་འགན་གཉིས། མཉམ་འཛིན་མཉམ་སྐྱོང་། ལས་འཛོལ་འགན་འདེད་བཅས་བྱེད་པ་རྒྱུན་འཁྱོངས་དང་། འགན་གསལ་འགན་སྒྲུབ་དང་འགན་སྐུལ་འགན་འདེད། གཙོ་གནད་འགོག་ཟོན་དང་ཕྱོགས་ཡོངས་འགོག་ཟོན། མཉེན་ཆས་མཐོར་འདེགས་དང་སྲ་ཆས་འགན་སྲུང་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་དགོས་ལ། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ལམ་ལུགས་ལག་ལེན་དུ་བསྟར་བ་དང་། སྤྱི་ཚོགས་ཅན་གྱི་མེ་གསོད་བྱ་བའི་དྲ་བ་ཆ་ཚང་བར་གཟུག་དགོས།
དོན་ཚན་གསུམ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་མེ་གསོད་བྱ་བར་འགན་འཁུར་དགོས་ལ། སྲིད་གཞུང་གི་གཙོ་འགན་འཁུར་མཁན་ནི་འགན་ཁུར་པ་དང་པོ་དང་། བགོས་འགན་འཁུར་མཁན་ནི་འགན་ཁུར་པ་གཙོ་བོ་ཡིན་ཞིང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས་རང་རང་གི་ལས་བགོས་ཁྱབ་ཁོངས་ཀྱི་མེ་གསོད་བྱ་བར་མགོ་ཁྲིད་ཀྱི་འགན་འཁུར་དགོས།
དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱ་བ་སྡེ་ཁག་གིས་ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱ་དགོས་པ་དང་ལས་སྒོར་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱ་དགོས་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་ན་ངེས་པར་བདེ་འཇགས་ལ་དོ་དམ་བྱ་དགོས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། རང་རང་གི་ལས་ཁུར་ཁྱབ་ཁོངས་སུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་རང་སྡེ་ཁག་དང་རང་ལས་རིགས་དང་རང་མ་ལག་གི་མེ་གསོད་བྱ་བ་ལེགས་པོར་བསྒྲུབ་དགོས།
དོན་ཚན་ལྔ་བ། བདེ་འཇགས་རང་བཤེར་དང་མངོན་མེད་རྐྱེན་ངན་རང་སེལ། འགན་ཁུར་རང་འཁུར་བཅས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ལས་ཁུངས་དང་ཚོགས་པ། ཁེ་ལས། དོན་ལས་སྡེ་ཚན་བཅས་ནི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་བྱེད་པོ་ཡིན་ལ། ཁྲིམས་བཀོད་འཐུས་ཚབ་པ་དང་འགན་འཁུར་པ་གཙོ་བོའམ་དོན་དངོས་ཀྱི་ཚོད་འཛིན་པ་ནི་རང་སྡེ་ཚན་དང་རང་གནས་ཡུལ་གྱི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་པ་ཡིན་ཏེ། རང་སྡེ་ཚན་དང་རང་གནས་ཡུལ་གྱི་མེ་གསོད་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་འཁུར་དགོས།
མེ་གསོད་བདེ་འཇགས་ཀྱི་གཙོ་གནད་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ཀྱི་དོ་དམ་མི་སྣ་གཏན་ཁེལ་བྱས་ཏེ། རང་སྡེ་ཚན་གྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བ་རྩ་འཛུགས་དང་ལག་བསྟར་བྱ་དགོས།
དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དུས་རྒྱུན་དུ་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་ནས། སྤྱི་དམངས་ཀྱི་མེ་གསོད་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏང་དགོས། ལས་ཁུངས་དང་ཚོགས་པ། ཁེ་ལས། དོན་ལས་བཅས་སྡེ་ཚན་གྱིས་རང་སྡེ་ཚན་གྱི་མི་སྣར་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་བ་ཤུགས་བསྣན་དགོས། བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་དག་གིས་རང་རང་གིས་བྱ་བ་བསྒྲུབ་ཡུལ་གྱི་ཁྱད་ཆོས་དང་སྦྱར་ནས། མེ་གསོད་དྲིལ་སྒྲོག་སློབ་གསོ་རྩ་འཛུགས་བྱ་དགོས། ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)གིས་དོན་དངོས་དང་སྦྱར་ནས་མེ་གསོད་བདེ་འཇགས་དེ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་གི་ནང་དོན་དུ་གཞག་དགོས། སྡེ་(སྡོད་)དམངས་ཨུ་ལྷན་གྱིས་མི་དམངས་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས། འཚུབ་ཟློག་དོ་དམ། མེ་གསོད་སྐྱོབ་རོགས་ལས་ཁུངས་སོགས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས། མེ་གསོད་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་དགོས།
དོན་ཚན་བདུན་པ། དབང་འགན་གཅིག་མཐུན་དང་ཁྲིམས་ལྟར་འགན་སྒྲུབ། ལས་འཛོལ་འགན་འདེད་བཅས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། མེ་གསོད་བདེ་འཇགས་ཀྱི་ལས་ཁུར་མི་བསྒྲུབ་པའམ་ཡང་ན་གཏན་འབེབས་ལྟར་མི་བསྒྲུབ་པའི་སྡེ་ཚན་དང་མི་སྒེར་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འགན་ཁུར་བདའ་འདེད་བྱ་དགོས།
ལེའུ་གཉིས་པ། སྲིད་གཞུང་གི་མེ་གསོད་བྱ་བའི་ལས་ཁུར་གྱི་སྐོར།
དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མེ་གསོད་བྱ་བའི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཏེ། གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས་སྲིད་ཇུས། དེ་མིན་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་མེ་གསོད་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་བཅས་ལག་བསྟར་མཐར་ཕྱིན་བྱས་ཏེ། རང་ས་ཁུལ་གྱི་མེ་གསོད་བྱ་བར་ཕྱོགས་ཡོངས་ནས་འགན་འཁུར་དགོས། ལོ་རེར་རང་ས་ཁུལ་གྱི་མེ་གསོད་བྱ་བ་དང་དོན་དག་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། གོང་རིམ་མི་དམངས་སྲིད་གཞུང་ལ་རང་ས་གནས་ཀྱི་མེ་གསོད་བྱ་བའི་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་དབུལ་དགོས།
(གཉིས)མེ་གསོད་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ནང་བཞག་སྟེ། མེ་གསོད་བདེ་འཇགས་ཀྱི་བཀོད་པ་དང་མེ་གསོད་ས་ཚིགས། མེ་གསོད་ཆུ་འདོན། མེ་གསོད་འཕྲིན་སྐྱེལ། མེ་གསོད་རླངས་འཁོར་བརྒྱུད་ལམ། མེ་གསོད་སྒྲིག་ཆས་སོགས་ཀྱི་ནང་དོན་འདུས་པའི་མེ་གསོད་འཆར་འགོད་དེ་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་ནང་འཇོག་དགོས་པ་མ་ཟད། རྩ་འཛུགས་དང་ལག་བསྟར་བྱེད་པའི་འགན་ཡང་འཁུར་དགོས། མེ་གསོད་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་མཁོ་བའི་འགྲོ་སོང་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཞག་ནས་འགན་སྲུང་བྱས་ཏེ། མེ་གསོད་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འཚམ་པ་ཁག་ཐེག་བྱ་དགོས།
(གསུམ)ཁོངས་གཏོགས་སྡེ་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་གིས་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་སྐུལ་འདེད་གཏོང་བ་དང་། མེ་སྐྱོན་འབྱུང་སླ་བའི་དུས་ཚིགས་དང་། དུས་ཆེན་གུང་གསེང་གལ་ཆེན་དང་བྱེད་སྒོ་གལ་ཆེན་གྱི་དུས་སྐབས་སུ། རྩ་འཛུགས་བྱས་ནས་མེ་གསོད་བདེ་འཇགས་ལ་ཞིབ་བཤེར་བྱ་དགོས། མེ་གསོད་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། མེ་གསོད་དང་འཚུབ་ཟློག་སྐྱོབ་རོགས་ཀྱི་ལག་རྩལ་དང་སྒྲིག་ཆས་སྔོན་ཐོན་ཁྱབ་གདལ་དང་བེད་སྤྱོད་གཏང་དགོས། དུས་རྒྱུན་དུ་མེ་གསོད་དྲིལ་སྒྲོག་བྱ་བ་རྩ་འཛུགས་བྱས་ནས་སྤེལ་དགོས། མེ་གསོད་སྤྱི་ཕན་བྱ་གཞག་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། སྲིད་གཞུང་གིས་སྤྱི་པའི་ཞབས་ཕྱི་ཉོ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། མེ་གསོད་ཀྱི་སློབ་གསོ་གསོ་སྦྱོང་དང་། ལག་རྩལ་ཞབས་ཕྱི། དངོས་པོའི་སྔོན་འགོག་དང་ལག་རྩལ་གྱི་སྔོན་འགོག་སོགས་ཀྱི་བྱ་བ་སྐུལ་སྤེལ་བྱ་དགོས།
(བཞི)རྒྱུན་རྣམ་ལྟར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་དང་སྒྲིག་བཅོས་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་དང་ས་ཁོངས་རང་བཞིན་གྱི་མངོན་མེད་རྐྱེན་ངན་སྒྲིག་བཅོས་ལ་རྩ་འཛུགས་དང་ལག་བསྟར་བྱ་དགོས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་བྱང་བུ་བཀལ་ནས་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་ལག་ལེན་དུ་བསྟར་དགོས། བྱང་བུ་བཀལ་ནས་སྒྲུབ་སྐུལ་བྱ་རྒྱུའི་རེ་ཞུ་ཕུལ་བའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་དང་ཐོན་སྐྱེད་མཚམས་འཇོག་གམ་ལས་གཉེར་མཚམས་འཇོག་གིས་སྒྱུར་བཅོས་བྱེད་པའི་སྙན་ཞུ་ལ། ལས་ཀའི་ཉིན་གྲངས་7གྱི་ནང་ཚུན་དུ་འཐད་པ་ཡིན་མིན་ཐག་གཅོད་བྱ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་མངོན་མེད་རྐྱེན་ངན་ཡོད་པའི་སྡེ་ཚན་ལ་ཐབས་བཀོད་འཐེན་ནས་སྒྱུར་བཅོས་བྱེད་དུ་འཇུག་པར་བསྐུལ་དགོས།
(ལྔ)རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་སྐྱོབ་རོགས་རུ་ཁག་དང་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་ཁྲིམས་ལྟར་བཙུགས་ཏེ། སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་ཁག་གི་སྤྱི་ཕན་ངོ་བོ་ངེས་གསལ་བྱ་དགོས་ལ། གདན་འགུགས་བྱེད་ཐབས་སྤྱད་དེ་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་མི་དང་མེ་གསོད་ཡི་གེ་པ་བསྡུ་བ་དང་། སྒར་ཁང་བསྐྲུན་ནས་སྒྲིག་ཆས་ཆ་ཚང་བསྡེབ་དགོས། གཏན་འབེབས་ལྟར་དེ་དག་གི་ཟླ་ཕོགས་དང་འགན་བཅོལ་དང་འབྲེལ་ཡོད་ཀྱི་ཕན་བདེ་གསོལ་ཐོབ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།
(དྲུག)མེ་སྐྱོན་གསོད་སྐྱོབ་དང་འཚུབ་ཟློག་སྐྱོབ་རོགས་ཀྱི་བྱ་བར་རྩ་འཛུགས་དང་མགོ་ཁྲིད་བྱ་དགོས། མེ་འཇོམས་སྐྱོབ་རོགས་ཀྱི་འཚུབ་ཟློག་སྔོན་ཇུས་བཟོ་བར་རྩ་འཛུགས་བྱེད་པ་དང་། དུས་བཅད་ལྟར་འཁྲབ་སྦྱོང་རྩ་འཛུགས་བྱས་ནས་སྤེལ་དགོས། མེ་འཇོམས་སྐྱོབ་རོགས་ཀྱི་སྤྱི་ཚོགས་མཉམ་འགུལ་དང་འཚུབ་ཟློག་ལ་ཚུར་སྣང་དང་ཐག་གཅོད་ཀྱི་རྐྱེན་སྲོལ་འཛུགས་པ་དང་། མི་སྣ་དང་སྒྲིག་ཆས། གྲོན་དངུལ། མེ་འཇོམས་སྨན་རྫས་སོགས་ཀྱི་འགན་སྲུང་དོན་འཁྱོལ་བྱ་དགོས་ལ། དགོས་མཁོར་གཞིགས་ནས་མེ་འཇོམས་སྐྱོབ་རོགས་བྱེད་པར་མཁོ་བའི་ལས་གྲྭའི་འཕྲུལ་འཁོར་དང་སྒྲིག་ཆས་དམིགས་བསལ་ཅན་བསྐོང་བསྡུ་བྱ་དགོས།
(བདུན)ཁྲིམས་འཛུགས་དབང་ཚད་གཞིར་བཟུང་སྟེ། རང་ས་ཁུལ་གྱི་མེ་གསོད་བདེ་འཇགས་ཀྱི་ཁྱད་ཆོས་དང་གནས་ཚུལ་དངོས་ལ་དམིགས་ནས་རིམ་པ་གཅིག་པའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བརྒྱག་དགོས་པའི་རེ་བ་དུས་ཐོག་ཏུ་འདོན་པ་དང་། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་ཡིག་ཆ་གཏན་འབེབས་དང་བཟོ་བཅོས་བརྒྱག་རྒྱུ་རྩ་འཛུགས་བྱ་དགོས།
(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་ལ་ཕབ་པའི་མེ་གསོད་བྱ་བའི་ལས་ཁུར་གཞན་དག
དོན་ཚན་དགུ་བ། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དོན་ཚན་བརྒྱད་པར་གཏན་ལ་ཕབ་པའི་ལས་ཁུར་བསྒྲུབ་དགོས་པ་ལས་གཞན། གཤམ་གསལ་གྱི་ལས་ཁུར་ཡང་བསྒྲུབ་དགོས་ཏེ།
(གཅིག)གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་གསོད་འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་དང་ནན་ཏན་གྱི་སྒོ་ནས་དོན་འཁྱོལ་བྱ་དགོས་པ་དང་། མེ་གསོད་རུ་ཁག་ས་ཚིགས་དང་སྦྱོང་བརྡར་གྱི་སྒྲིག་བཀོད་སོགས་ཀྱི་འཛུགས་སྐྲུན་སྤྱོད་ས་སྔོན་ནས་གཞག་དགོས། མེ་གསོད་ཀྱི་ཆུ་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཏན་འབེབས་ལྟར་གྲོང་སྲིད་མེ་གསོད་ཀྱི་ཆུ་འདོན་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་སྲིད་མེ་གསོད་ཀྱི་ཆུ་ཁུངས་དོ་དམ་བྱེད་ཐབས་བཟོས་ནས། འཛུགས་སྐྲུན་དང་དོ་དམ་བདག་སྐྱོང་གི་སྡེ་ཁག་དང་སྡེ་ཚན་ངེས་གསལ་བྱ་དགོས།
(གཉིས)མེ་གསོད་ཀྱི་སྤྱི་པའི་ཞབས་ཕྱི་དོན་ཚན་དག་སྲིད་གཞུང་གི་དམངས་འཚོའི་ལས་གྲྭའམ་ཡང་ན་མི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་གྲྭའི་ནང་གཞག་དགོས། སྤྱི་ཚོགས་ཕན་བདེའི་ལས་ཁུངས་དང་བྱིས་སྙོར་ཁང་། བུ་བཅོལ་ཁང་། སྡོད་དམངས་ཁྱིམ་ཚང་། མགྲོན་ཁང་ཆུང་གྲས། ཁྱུ་གླས་ཁང་པ། དེ་མིན་ཞག་སྡོད་བྱེད་སར་ཐོན་སྐྱེད་དམ་གསོག་ཉར་རམ་གཉེར་སྐྱོང་བྱེད་པའི་མཉམ་སྤྱོད་གནས་ཡུལ་བཅས་སུ་ཆུ་གཏོར་སྒྲིག་ཆས་སྟབས་བདེ་དང་། ཁེར་ཚུགས་ཀྱི་དུ་ཚོར་མེ་སྐྱོན་བརྟག་བྱེད་ཀྱི་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱ་རྒྱུ་ཁྱབ་གདལ་དུ་གཏང་དགོས།
(གསུམ)དུས་བཅད་ལྟར་རང་ས་ཁུལ་གྱི་མེ་གསོད་བདེ་འཇགས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་དཔྱད་འཇོག་བྱེད་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་དང་སྒྲིག་བཅོས་བྱེད་པའི་བྱ་བ་རྩ་འཛུགས་བྱས་ནས་སྤེལ་དགོས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་སྒྱུར་བཅོས་ཐབས་བཀོད་བཟོ་དགོས་པ་མ་ཟད། དུས་བཀག་ནང་སེལ་བར་སྐུལ་འདེད་བྱ་དགོས།
(བཞི)མེ་གསོད་ཀྱི་དྲིལ་སྒྲོག་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་སྤྱི་ཕན་རང་བཞིན་གྱི་མེ་གསོད་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། མེ་གསོད་ཚན་རྩལ་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་དགོས།
(ལྔ)མེ་གསོད་གཞི་གྲངས་ཆེན་མོའི་ཉེར་སྤྱོད་ལས་སྟེགས་ལ་གཞི་བཅོལ་སྟེ། རིག་ལྡན་མེ་གསོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མེ་སྐྱོན་འགོག་སྡོམ་དང་ས་ཁོངས་ཀྱི་མེ་སྐྱོན་ཉེན་ཁ་དཔྱད་དཔོག། མེ་སྐྱོན་གསོད་སྐྱོབ་དང་འཚུབ་ཟློག་སྐྱོབ་རོགས་བཅས་ལ་ལག་རྩལ་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས།
དོན་ཚན་བཅུ་བ། ཤང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཤམ་གསལ་གྱི་མེ་གསོད་བྱ་བའི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་བདེ་འཇགས་ཀྱི་ནང་དོན་དེ་ཤང་ངམ་གྲོང་རྡལ་གྱི་རྒྱལ་ཁོངས་བར་སྟོང་གི་སྤྱི་ཁོག་འཆར་འགོད་ནང་དུ་གཞག་དགོས་པ་མ་ཟད། རྩ་འཛུགས་དང་ལག་བསྟར་ནན་མོ་བྱ་དགོས། སྒྲིག་ཁོངས་གྲོང་རྡལ་གྱིས་མེ་གསོད་ཆེད་དམིགས་འཆར་འགོད་(མེ་གསོད་ཆེད་བསྒྲིགས་ལེའུ)སྒྲིག་བཟོ་བྱས་ནས། རིམ་པ་དེ་གའི་རྒྱལ་ཁོངས་བར་སྟོང་འཆར་འགོད་དུ་བཞག་ནས་རྩ་འཛུགས་དང་ལག་བསྟར་བྱ་དགོས།
(གཉིས)དགོས་ངེས་ཀྱི་མ་དངུལ་བཀོད་སྒྲིག་བྱས་ཏེ། སྤྱི་པའི་མེ་གསོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་ལས་སྒོའི་གྲོན་དངུལ་གཏོང་བར་བཀོལ་དགོས།
(གསུམ)མེ་གསོད་བདེ་འཇགས་ཀྱི་རྩ་འཛུགས་བཙུགས་ཏེ། མེ་གསོད་བྱ་བར་ཆེད་མིས་འགན་འཁུར་རྒྱུ་ངེས་གསལ་བྱ་དགོས་པ་དང་། མེ་གསོད་བདེ་འཇགས་ལམ་ལུགས་བཟོས་ནས། མེ་གསོད་བདེ་འཇགས་ལ་དྲ་མིག་ཅན་ལྟར་དོ་དམ་བྱེད་པའི་ཐབས་བཀོད་དང་བླང་བྱ་དོན་འཁྱོལ་བྱེད་པ་དང་། མེ་གསོད་དྲིལ་སྒྲོག་སློབ་གསོ་དང་འཚུབ་ཟློག་ཁ་འགྲེམ་འཁྲབ་སྦྱོང་ལ་ཤུགས་བསྣན་དགོས།
(བཞི)མེ་གསོད་བདེ་འཇགས་ལ་སྒྲིག་བཅོས་བྱ་རྒྱུ་བཀོད་སྒྲིག་བྱེད་པ་དང་། མེ་གསོད་བདེ་འཇགས་ལ་ཞིབ་བཤེར་བྱ་རྒྱུ་རྩ་འཛུགས་བྱས་ནས་སྤེལ་དགོས་ལ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏང་དགོས།
(ལྔ)ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མེ་གསོད་བྱ་བའི་དགོས་མཁོར་གཞིགས་ནས། ཆེད་བསྐོས་མེ་གསོད་རུ་ཁག་དང་དང་བླངས་མེ་གསོད་རུ་ཁག་བཙུགས་ཏེ། མེ་སྐྱོན་གསོད་སྐྱོབ་དང་འཚུབ་ཟློག་སྐྱོབ་རོགས་སོགས་ཀྱི་འགན་ནུས་དང་དུ་ལེན་དགོས་པ་མ་ཟད། མེ་གསོད་དྲིལ་སྒྲོག་དང་མེ་འགོག་སྐོར་ཞིབ། མེ་སྐྱོན་མངོན་མེད་རྐྱེན་གྱི་ཞིབ་བཤེར་དང་སྒྱུར་བཅོས་སོགས་བསྒྲུབ་དགོས།
(དྲུག)སྡེ་(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་རང་བཞིན་གྱི་མེ་གསོད་བྱ་བ་སྒྲུབ་པར་མཛུབ་སྟོན་དང་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས།
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་ལ་ཕབ་པའི་མེ་གསོད་བྱ་བའི་ལས་ཁུར་གཞན་དག
སྲང་ལམ་དོན་གཅོད་ཁང་གིས་ནང་ཚན་གོང་མའི་ཡང་ཚན་(གསུམ)པ་དང་། (བཞི)བ། (ལྔ)པ། (དྲུག)པ་བཅས་ཀྱི་ལས་ཁུར་བསྒྲུབ་དགོས་པ་མ་ཟད། མེ་གསོད་བྱ་བའི་གྲོན་དངུལ་ཡང་འགན་སྲུང་བྱ་དགོས།
དོན་ཚན་བཅུ་གཅིག་པ། གསར་སྤེལ་ཁུལ་གྱི་དོ་དམ་ལས་ཁུངས་དང་བཟོ་ལས་གླིང་ཁུལ་གྱི་དོ་དམ་ལས་ཁུངས་སོགས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་ཀྱིས། ས་ཁོངས་ནང་གི་མེ་གསོད་བྱ་བར་དོ་དམ་བྱེད་པའི་འགན་འཁུར་དགོས་ལ། གཏན་འབེབས་འདི་གཞིར་བཟུང་སྟེ་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་མེ་གསོད་བྱ་བའི་ལས་ཁུར་བསྒྲུབ་དགོས།
དོན་ཚན་བཅུ་གཉིས་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་གཙོ་འགན་འཁུར་མཁན་གྱིས་མེ་གསོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས་སྲིད་ཇུས། གོང་རིམ་གྱི་བཀོད་སྒྲིག་བླང་བྱ་བཅས་ལག་བསྟར་བྱེད་པར་རྩ་འཛུགས་བྱ་དགོས་ལ། དུས་བཅད་ལྟར་མེ་གསོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། རང་སྲིད་འཛིན་ས་ཁུངས་ནང་གི་མེ་གསོད་བདེ་འཇགས་གནད་དོན་གལ་ཆེན་ལ་མཐུན་སྦྱོར་ངང་ཐག་གཅད་དགོས།
རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་མེ་གསོད་བདེ་འཇགས་ལ་བགོས་འགན་འཁུར་མཁན་གྱིས་གཙོ་འགན་འཁུར་མཁན་ལ་གཞོགས་འདེགས་བགྱིས་ཏེ། རང་སྲིད་འཛིན་ས་ཁོངས་ནང་གི་མེ་གསོད་བྱ་བར་ཕྱོགས་བསྡུས་སྒོས་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་དང་འོག་རིམ་མི་དམངས་སྲིད་གཞུང་གིས་མེ་གསོད་བྱ་བ་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་སྐུལ་འདེད་དང་ཞིབ་བཤེར་བྱ་དགོས། འགན་འཁུར་མཁན་གཞན་དག་གིས་ལས་བགོས་ཁྱབ་ཁོངས་ཀྱི་མེ་གསོད་བྱ་བར་དུས་བཅད་ལྟར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ། ལས་བགོས་ཁྱབ་ཁོངས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་དང་སྒྲིག་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
ལེའུ་གསུམ་པ། སྡེ་ཁག་གི་མེ་གསོད་བདེ་འཇགས་ལས་ཁུར་གྱི་སྐོར།
དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱ་བའི་སྡེ་ཁག་གིས་སུས་གཙོ་སྐྱོང་བྱེད་ན་སུས་འགན་འཁུར་བའི་རྩ་དོན་ལྟར། རང་རང་གི་ལས་ཁུར་ཁྱབ་ཁོངས་སུ་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་བདེ་འཇགས་བྱ་བ་དེ་རང་སྡེ་ཁག་དང་རང་ལས་རིགས་དང་རང་མ་ལག་གི་བྱ་བའི་བཀོད་སྒྲིག་དང་ཞིབ་བཤེར་དཔྱད་བསྡུར་གྱི་ཁྱབ་ཁོངས་སུ་གཞག་སྟེ། ལས་སྒོའི་བྱ་བ་དང་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་དཔྱད་བསྡུར་བཅས་བྱེད་ཐུབ་པ་བྱ་དགོས།
(གཉིས)རང་ལས་རིགས་དང་རང་མ་ལག་གི་ལས་སྒོའི་བྱ་བའི་ཁྱད་ཆོས་གཞིར་བཟུང་སྟེ། ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་སྲོལ་སྲིད་ཇུས་དང་། འཆར་འགོད་འཆར་གཞི། འཚུབ་ཟློག་སྔོན་ཇུས་བཅས་ཀྱི་ཁྲོད་དུ་མེ་གསོད་བདེ་འཇགས་ཀྱི་ནང་དོན་བཞག་སྟེ། མེ་གསོད་བདེ་འཇགས་ལ་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།
(གསུམ)རང་ལས་རིགས་དང་རང་མ་ལག་གི་འབྲེལ་ཡོད་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱེད་པར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། མེ་གསོད་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་བཙུགས་ཏེ། ཆེད་བསྐོས་(གཅིག་ལྕོགས)ཀྱི་མེ་གསོད་བདེ་འཇགས་དོ་དམ་མི་སྣ་གཏན་ཁེལ་བྱེད་པ་དང་། ལས་ཁུར་དབྱེ་བགོ་ངེས་གསལ་བཟོས་ཏེ། འགན་སྲུང་ཐབས་བཀོད་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།
(བཞི)རང་ལས་རིགས་དང་རང་མ་ལག་གི་མེ་གསོད་བདེ་འཇགས་ཀྱི་གནས་བབ་ལ་དུས་བཅད་ལྟར་དབྱེ་ཞིབ་བྱེད་པ་དང་། ཉམས་ཞན་ཚིགས་གནས་དང་དོ་དམ་གཙོ་གནད་བཙལ་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་མེ་གསོད་བདེ་འཇགས་ལ་ཞིབ་བཤེར་དང་བཅོས་སྐྱོང་བྱས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་བར་བྱེད་པ་དང་། མེ་གསོད་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐག་གཅོད་བྱ་དགོས།
(ལྔ)རང་སྡེ་ཁག་དང་རང་ལས་རིགས་དང་རང་མ་ལག་གི་ལས་རིགས་གཉེར་མཁན་ལ་མེ་གསོད་བདེ་འཇགས་སློབ་གསོའི་གསོ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། ལོ་རེར་འཚུབ་ཟློག་འཁྲབ་སྦྱོང་རྩ་འཛུགས་བྱས་ཏེ། ལས་རིགས་གཉེར་མཁན་གྱི་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏང་དགོས།
(དྲུག)རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་མེ་གསོད་བདེ་འཇགས་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱིས་བསྒྲུབ་པར་སྤྲད་པའི་མེ་གསོད་བྱ་བའི་ལས་འགན་ལེགས་འགྲུབ་བྱ་དགོས།
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་ལ་ཕབ་པའི་མེ་གསོད་བྱ་བའི་ལས་ཁུར་གཞན་དག
འགན་ནུས་སྣོལ་སྡེབ་ཅན་དང་གསར་དར་ལས་རིགས་སམ་ཁྱབ་ཁོངས་ཀྱི་སྡེ་ཚན་དང་གནས་ཡུལ་ལ། “སུས་གཙོ་སྐྱོང་བྱས་ན་སུས་སྣེ་ཁྲིད་པ་དང་། སུ་གཙོ་བོ་ཡིན་ན་སུས་སྣེ་ཁྲིད་པ། སུ་ཉེ་སར་ཡོད་ན་སུས་སྣེ་ཁྲིད་པ”བཅས་དང་ལས་སྒོ་གང་ཉེའི་རྩ་དོན་ལྟར། སྡེ་ཁག་གི་མེ་གསོད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ཁུར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།
དོན་ཚན་བཅུ་བཞི་བ། སྲིད་འཛིན་ཞིབ་མཆན་འགོད་པའི་འགན་ནུས་སྡེ་ཁག་གིས། ཞིབ་མཆན་དོན་ཚན་ཁྲོད་ཀྱི་མེ་གསོད་བདེ་འཇགས་དང་འབྲེལ་བའི་ཁྲིམས་བཀོད་ཆ་རྐྱེན་ལ་ཁྲིམས་ལྟར་ཞིབ་བཤེར་མཆན་འགོད་ནན་ཏན་བྱ་དགོས་པ་དང་། ཁྲིམས་བཀོད་ཀྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་ལ། འབྲེལ་ཡོད་ཀྱི་ཆོག་འཐུས་དཔང་ཡིག་སྟེར་མི་ཆོག ཁྲིམས་ལྟར་ཆོག་མཆན་ཐོབ་ཟིན་པའི་ལས་ཁུངས་ལ། མེ་གསོད་བདེ་འཇགས་ཀྱི་ཆ་རྐྱེན་མི་འཛོམས་པར་གྱུར་ན་ཁྲིམས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་བཅོ་ལྔ་བ། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་མེ་གསོད་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ནང་འཇོག་པ་དང་། སྤྱི་པའི་མེ་གསོད་སྒྲིག་བཀོད་འཛུགས་སྐྲུན་དེ་ས་གནས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་འཇོག་གི་འཆར་གཞི་ནང་བཀོད་ནས། དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།
དོན་ཚན་བཅུ་དྲུག་པ། སློབ་གསོ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)སློབ་གྲྭ་དང་བྱིས་སྙོར་ཁང་ལ་དོ་དམ་བྱེད་སྒང་གི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས་པ་དང་། སློབ་གྲྭ་དང་བྱིས་སྙོར་ཁང་གིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་མཛུབ་སྟོན་བྱ་དགོས།
(གཉིས)མེ་གསོད་བདེ་འཇགས་ཀྱི་སློབ་གསོ་དེ་སློབ་གྲྭའི་བདེ་འཇགས་སློབ་གསོའི་བྱེད་སྒོ་ནང་བཞག་ནས་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱ་དགོས།
(གསུམ)ཆ་རྐྱེན་ལྡན་པའི་མཐོ་རིམ་སློབ་གླིང་དུ་མེ་གསོད་ཀྱི་རིགས་དང་འབྲེལ་བའི་ཆེད་ལས་བཀོད་སྒྲིག་བྱེད་པར་སྐུལ་མ་གཏོང་བ་དང་། མེ་གསོད་བདེ་འཇགས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བརྒྱག་དགོས།
དོན་ཚན་བཅུ་བདུན་པ། ཚན་རྩལ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ཚན་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་དོ་དམ་བྱེད་སྒང་གི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས་པ་དང་། ཚན་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས།
(གཉིས)མེ་གསོད་ཚན་རྩལ་དེ་ཚན་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་དང་ཚན་རྩལ་འཆར་གཞིའི་ནང་འཇོག་པ་མ་ཟད་ལག་བསྟར་བྱེད་པར་རྩ་འཛུགས་བྱ་དགོས་པ་དང། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་མེ་གསོད་ཚན་ཞིབ་ཀྱི་གྲུབ་འབྲས་འཕོ་སྒྱུར་དང་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ཐོན་གྱི་མེ་གསོད་ལག་རྩལ་དང་ཐོན་རྫས་ཁྱབ་སྤེལ་དང་དཔེ་སྟོན་བྱེད་པར་སྣེ་འཁྲིད་དགོས།
(གསུམ)མེ་གསོད་ཤེས་བྱ་དེ་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་གི་ནང་དོན་དུ་གཞག་དགོས།
དོན་ཚན་བཅོ་བརྒྱད་པ། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)དམངས་སྤྱོད་འགད་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)ལས་ཁུར་ལྟར་མེ་གསོད་བདེ་འཇགས་དེ་རྫས་བཟོ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་དང་ཐོན་ལས་བཀོད་པའི་ནང་གཞག་དགོས།
དོན་ཚན་བཅུ་དགུ་བ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པ་དང་། མེ་གསོད་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས། མེ་གསོད་བདེ་འཇགས་ཀྱི་བྱ་བ་དོན་འཁྱོལ་བྱས་ཚུལ་དེ་ཁེ་ལས་ཀྱི་འགན་འཁུར་མཁན་གྱི་ལས་རྗེས་ལ་ཞིབ་དཔྱད་བྱེད་པའི་ནང་དོན་དུ་གཞག་དགོས།
(གཉིས)ལྟ་སྐུལ་དོ་དམ་བྱ་ཡུལ་ཁེ་ལས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆེད་བསྐོས་མེ་གསོད་རུ་ཁག་དང་དང་བླངས་མེ་གསོད་རུ་ཁག་གམ་ཡང་ན་མེ་གསོད་ས་ཚིགས་ཕྲན་གྲས་འཛུགས་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་ཉི་ཤུ་བ། མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ཆོས་ལུགས་བྱེད་སྒོ་སྤེལ་གནས་དང་ཁོངས་གཏོགས་ཀྱི་ཆོས་ལུགས་སློབ་གླིང་གི་མེ་གསོད་བདེ་འཇགས་ཀྱི་དོ་དམ་ལ་འགན་འཁུར་དགོས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པར་མཛུབ་སྟོན་གནང་དགོས།
(གཉིས)ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱིས་དེའི་ནང་ཁུལ་གྱི་ཚོང་ལས་ཞབས་ཕྱི་སྒྲུབ་གནས་དང་། ཆོས་ལུགས་བྱེད་སྒོ་ཆེ་གྲས་དང་བཤམས་སྟོན་འགྲེམ་སྟོན། གློག་བརྙན་དང་བརྙན་འཕྲིན་ཕབ་སྐྲུན་སོགས་སྤེལ་དུས་མེ་གསོད་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ)ཆོས་ལུགས་བྱེད་སྒོ་གལ་ཆེན་གཙོ་གཉེར་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ཀྱི་ལས་ཁུར་བསྒྲུབ་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས། ཆོས་ལུགས་ལས་རིགས་མི་སྣ་དང་ཚོགས་པར་མེ་གསོད་དྲིལ་སྒྲོག་སློབ་གསོའི་གསོ་སྦྱོང་སྤེལ་བར་ཤུགས་བསྣན་དགོས།
དོན་ཚན་ཉེར་གཅིག་པ། སྤྱི་བདེ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་བདེ་འཇགས་དང་འབྲེལ་བའི་བདེ་སྐྱོང་དོ་དམ་ལ་འགལ་བ་དང་སྲིད་འཛིན་བཀག་ཉར་བྱ་དགོས་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱ་དགོས་པ་དང་། མེ་ཤོར་བ་དང་མེ་གསོད་འགན་ཁུར་གྱི་དོན་རྐྱེན་བྱུང་བ་སོགས་མེ་གསོད་བདེ་འཇགས་ཐོན་སྐྱེད་ཀྱི་བྱས་ཉེས་བསགས་པའི་ཉེས་དོན་གྱོད་གཞི་བསྒྲུབ་དགོས།
(གཉིས)མེ་གསོད་སྐྱོབ་རོགས་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་མེ་སྐྱོན་གསོད་སྐྱོབ་དང་། འཚུབ་ཟློག་སྐྱོབ་རོགས། མེ་སྐྱོན་དོན་རྐྱེན་བརྟག་བཤེར་བཅས་ཀྱི་བྱ་བ་བསྒྲུབ་དགོས།
(གསུམ)སྤྱི་བདེ་མངག་གཏོང་ཁང་གིས་ཉིན་རྒྱུན་གྱི་མེ་གསོད་ལྟ་སྐུལ་ཞིབ་བཤེར་དང་མེ་གསོད་དྲིལ་སྒྲོག་སློབ་གསོའི་བྱ་བར་ཁྲིམས་ལྟར་འགན་འཁུར་ཆོག
དོན་ཚན་ཉེར་གཉིས་པ། དམངས་སྲིད་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རྒན་གསོ་ཞབས་ཕྱི་དང་བྱིས་པའི་ཕན་བདེ། སྤྱི་ཚོགས་ཕན་བདེ། པུར་འཇུག་ཞབས་ཕྱི་སོགས་དམངས་སྲིད་ཞབས་ཕྱིའི་ལས་ཁུངས་(སྒྲིག་བཀོད)དང་རོགས་སྐྱོབ་དོ་དམ་ས་ཚིགས་དང་རྒྱན་ཤོག་འཚོང་གནས། གཉེན་སྒྲིག་ཐོ་འགོད་བྱེད་ས་སོགས་ཞབས་ཕྱིའི་ས་ཚིགས་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས། སྤྱི་ཚོགས་ཕན་བདེའི་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པར་མཛུབ་སྟོན་གནང་དགོས།
(གཉིས)ལས་ཁུར་དབྱེ་བགོས་ལྟར་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་ཉེར་གསུམ་པ། ཁྲིམས་འཛིན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)བཙོན་ཁང་དང་དུག་གཅོད་རྒྱུད་ཁོངས་ཀྱིས་གནས་ཡུལ་གྱི་མེ་གསོད་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་བྱ་དགོས།
(གཉིས)མེ་གསོད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དག་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་ནང་དོན་དུ་གཞག་དགོས།
དོན་ཚན་ཉེར་བཞི་བ། ནོར་སྲིད་སྡེ་ཁག་གིས་མེ་གསོད་གྲོན་དངུལ་འགན་སྲུང་བྱེད་པའི་རྐྱེན་སྲོལ་ཆ་ཚང་བར་འཛུགས་པ་དང་། གཏན་འབེབས་ལྟར་མེ་གསོད་མ་དངུལ་ལ་སྔོན་རྩིས་དོ་དམ་བྱ་དགོས།
དོན་ཚན་ཉེར་ལྔ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ལག་རྩལ་བཟོ་པའི་སློབ་གླིང་དང་ལས་རིགས་ནུས་རྩལ་གསོ་སྦྱོང་ལས་ཁུངས། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་བཅས་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས་པ་དང་། མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་གསོད་ཤེས་བྱ་དེ་ལས་རིགས་ནུས་རྩལ་གསོ་སྦྱོང་དང་ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོའི་ནང་དོན་དུ་གཞག་དགོས།
(གཉིས)མེ་གསོད་སྐྱོབ་རོགས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་རུ་མི་དང་ཁེ་ལས་ཀྱི་ཆེད་བསྐོས་མེ་གསོད་རུ་མི། མེ་གསོད་མི་སྣ་བཅས་ཁྲིམས་ལྟར་བཟོ་རྨས་འགན་བཅོལ་དུ་འཇུག་པའི་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་གནང་བ་མ་ཟད་རམ་འདེགས་ཀྱང་བྱ་དགོས།
(གསུམ)ལས་ཁུར་དབྱེ་བགོས་ལྟར་རིམ་པ་གཉིས་པའི་ཐོ་བཀོད་མེ་གསོད་བཟོ་འགོད་པའི་རྒྱུགས་ལེན་དང་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས།
དོན་ཚན་ཉེར་དྲུག་པ། རང་བྱུང་ཐོན་ཁུངས་སྡེ་ཁག་གིས་རིམ་པ་སོ་སོའི་སྲིད་གཞུང་ནས་རྒྱལ་ཁོངས་བར་སྟོང་འཆར་འགོད་ལྟར་མེ་གསོད་ཆེད་དམིགས་འཆར་འགོད་སྒྲིག་བཟོ་དང་བཟོ་བཅོས་བྱེད་པར་མཛུབ་སྟོན་གནང་དགོས་པ་དང་། འཆར་འགོད་ལྟར་མེ་གསོད་ས་ཚིགས་ཀྱི་སྤྱོད་ས་སྔོན་བཞག་བྱ་དགོས།
དོན་ཚན་ཉེར་བདུན་པ། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)གཙོ་གནད་ཁོར་སྲུང་སྒྲིག་བཀོད་དོ་དམ་སྡེ་ཚན་དང་། ཉེན་ཁའི་སྙིགས་རོ་དང་སྙིགས་དོར་གློག་ཆས་གློག་རྡུལ་ཐོན་རྫས་དང་སྤྱིར་བཏང་གི་སྲ་གཟུགས་སྙིགས་རོ་བཅས་བསྡུ་གསོག་དང་གསོག་ཉར་དང་ཐག་གཅོད་བྱེད་པའི་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)ཉེན་ཁའི་རྫས་འགྱུར་དངོས་རྫས་སོགས་ཀྱི་མེ་སྐྱོན་དོན་རྐྱེན་གྱི་འཚུབ་ཟློག་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པར་རམ་འདེགས་བྱ་དགོས།
དོན་ཚན་ཉེར་བརྒྱད་པ། སྡོད་ཁང་དངགྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)འཛུགས་སྐྲུན་ལས་གྲྭའི་མེ་གསོད་ཇུས་འགོད་ཀྱི་ཞིབ་བཤེར་དང་མེ་གསོད་རྩིས་ལེན། ཞུ་ཚགས་དང་འཐེན་བཤེར་བཅས་ཀྱི་བྱ་བ་ཁྲིམས་ལྟར་ལག་བསྟར་བྱ་དགོས། འཛུགས་སྐྲུན་ལས་གྲྭའི་འགན་འཁུར་སྡེ་ཚན་གྱིས་ཁང་པ་བཟོ་བཀོད་དང་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་འཛུགས་སྐྲུན་ཀྱི་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པར་སྐུལ་འདེད་གཏང་དགོས།
(གཉིས)གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་རླངས་འདོན། ཚ་འདོན། བཙོག་ཆུ་གཙང་སེལ། གད་སྙིད་གཙང་སེལ་སོགས་གྲོང་སྲིད་སྤྱི་སྤྱོད་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ)མཁར་གྲོང་གི་འབར་རླངས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། མཁར་གྲོང་གི་འབར་རླངས་གཉེར་སྐྱོང་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས་ལ། འབར་རླངས་སྒྲིག་བཀོད་ཀྱི་བདེ་འཇགས་ལ་དུས་བཅད་ལྟར་ཞིབ་བཤེར་བྱེད་པ་དང་། སྤྱོད་མཁན་གྱིས་བདེ་འཇགས་ངང་འབར་རླངས་སྤྱོད་པ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། མཁར་གྲོང་གི་འབར་རླངས་གཉེར་སྐྱོང་ཁེ་ལས་ཀྱི་འབར་རླངས་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱ་དགོས།
(བཞི)ལས་གྲྭའི་འཛུགས་སྐྲུན་ཚད་གཞི་རྩ་འཛུགས་བྱས་བཟོ་བ་དང་ལག་རྩལ་གསར་བ་དང་རྒྱུ་ཆ་གསར་བ་དང་བཟོ་རྩལ་གསར་བ་ཁྱབ་སྤེལ་བྱེད་པའི་སྐབས་སུ། མེ་གསོད་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བཏང་ནས། འབྲེལ་ཡོད་མེ་གསོད་བདེ་འཇགས་ཀྱི་གཤིས་ནུས་དང་བླང་བྱ་ཚིམ་པར་བྱ་དགོས།
(ལྔ)གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱིས་གན་རྒྱའི་ཁ་ཆད་ལྟར་མེ་གསོད་བདེ་འཇགས་ཀྱི་ལས་ཁུར་བསྒྲུབ་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(དྲུག)རྒྱལ་ཁོངས་བར་སྟོང་འཆར་འགོད་ལྟར་སྤྱི་པའི་མེ་གསོད་སྒྲིག་བཀོད་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་སྐྲུན་གྱི་གྲས་སུ་བཞག་སྟེ་གཅིག་འདོམས་ངང་ལག་བསྟར་བྱ་དགོས། ཆུ་འདོན་སྡེ་ཚན་གྱིས་གྲོང་སྲིད་མེ་གསོད་སྟེམ་སྒོ་འཛུགས་སྐྲུན་དང་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། མེ་འཇོམས་སྐྱོབ་རོགས་ཀྱི་བླང་བྱ་དང་མི་འཚམ་པའི་གྲོང་ཁྱེར་མེ་གསོད་ཆུ་འདོན་སྒྲིག་བཀོད་ལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏང་དགོས།
(བདུན)འཛུགས་སྐྲུན་སྡེ་ཚན་གྱིས་སྡོད་ཁང་གཞིས་ཁུལ་དང་སྡོད་དམངས་ཐོག་ཁང་སོགས་སྡོད་གནས་རིགས་ཀྱི་འཛུགས་སྐྲུན་ལས་གཞི་གསར་སྐྲུན་(སྒྱུར་བཀོད་དམ་རྒྱས་སྐྲུན)བྱེད་སྐབས། འཆར་འགོད་ལྟར་གློག་སྒུལ་ལྕགས་རྟ་དང་གློག་སྒུལ་འཕྲུལ་རྟ་གཅིག་བསྡུས་ཀྱིས་འཇོག་པ་དང་གློག་གསོག་པའི་གནས་ཡུལ་འགྲོས་མཐུན་ངང་འཛུགས་སྐྲུན་བྱས་ཏེ། དུས་བཅད་ལྟར་གློག་གསོག་པ་དང་། རང་འགུལ་གྱིས་གློད་གཅོད་པ། སྐྱོན་ཞུགས་ཚེ་ཉེན་བརྡ་གཏོང་བ་སོགས་ཀྱི་བྱེད་ནུས་ལྡན་པའི་རིག་ནུས་བདེ་འཇགས་གློག་གསོག་སྒྲིག་བཀོད་འཛུགས་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་ཉེར་དགུ་བ། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་དང་གྲུ་ཚིགས། གྲུ་ཁ། འགྲུལ་ཟོང་སྐྱེལ་འདྲེན་ཁེ་ལས། ཉེན་ཁའི་རྫས་འགྱུར་དངོས་རྫས་རྒྱ་ལམ་སྐྱེལ་འདྲེན་ཁེ་ལས་དང་འགྲིམ་འགྲུལ་ཡོ་བྱད་(ནང་ཁུལ་ཆུ་བོ་དང་མཚེའུ་ཐོག་གི་སྐྱེལ་འདྲེན་གྲུ་གཟིངས་འདུ)བཅས་ལ་དོ་དམ་བྱེད་པའི་ཁྲོད་འབྲེལ་ཡོད་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་འགན་ཁུར་དང་མེ་གསོད་བྱ་བའི་ལམ་ལུགས་དོན་འཁྱོལ་བྱེད་པར་ཁྲིམས་ལྟར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)གཉེར་སྐྱོང་དོ་དམ་སྡེ་ཚན་གྱིས་གཞུང་ལམ་གྱི་ཕུག་ལམ་དང་། ཞབས་ཕྱི་ཁུལ། གླ་སྡུད་ས་ཚིགས། ཟམ་འོག་བར་སྟོང་སོགས་གཙོ་གནད་བར་ཁོངས་ཀྱི་མེ་གསོད་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་པ་དང་། གཞུང་ལམ་གྱི་མེ་གསོད་སྒྲིག་བཀོད་དང་སྒྲིག་ཆས་སྐྱོན་མེད་འཐུས་ཚང་ཡིན་པ་འགན་སྲུང་བྱེད་པར་སྐུལ་འདེད་གཏང་དགོས།
(གསུམ)འབྲེལ་ཡོད་སྡེ་ཚན་གྱིས་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་འཛུགས་སྐྲུན་ལས་གྲྭའི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བ་ལེགས་པོར་བསྒྲུབ་པར་ཁྲིམས་ལྟར་སྐུལ་འདེད་གཏང་དགོས།
དོན་ཚན་སུམ་ཅུ་བ། ཆུ་བེད་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག) ཆུ་བེད་ལས་གྲྭ་དང་ཆུ་བེད་སྒྲིག་བཀོད་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས།
(གཉིས) ཞིང་སྡེའི་མེ་གསོད་ཆུ་ཁུངས་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་དང་དོ་དམ་བཅས་སུ་གཞག་དགོས།
(གསུམ) དུས་ཐོག་ཏུ་མེ་གསོད་སྐྱོབ་རོགས་ལས་ཁུངས་ལ་ཞོད་ཐན་གནོད་འཚེའི་དོན་རྐྱེན་ཆེན་པོ་འབྱུང་ཉེན་གྱི་སྔོན་བརྡའི་ཆ་འཕྲིན་བསྒྲག་དགོས།
དོན་ཚན་སོ་གཅིག་པ། ཞིང་ལས་ཞིང་སྡེའི་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག) བྱ་ཕྱུགས་བཤས་གཏོང་ལས་རིགས་དང་། ཞིང་ལས་(འདེབས་འཛུགས་ལས་རིགས་དང་ཕྱུགས་ལས། ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད)ཐོན་སྐྱེད་དང་། ཕྱུགས་སྨན་དང་གཟན་ཆས། གཟན་ཆས་ཀྱི་སྦྱོར་རྟ་བཅས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས།
(གཉིས) གཞུ་སྤྱིལ་འདེབས་འཛུགས་བྱེད་གནས་ཀྱི་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་སོ་ནམ་མེ་སྤྱོད་ཀྱི་མེ་གསོད་བདེ་འཇགས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་དགོས།
(གསུམ) འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་བྱས་ཏེ་མེ་གསོད་བྱ་བ་དེ་འབྲེལ་ཡོད་འཛུགས་སྐྲུན་འཆར་འགོད་ནང་འཇོག་པ་དང་། ཞིང་སྡེའི་དོན་དངོས་དང་འཚམ་པའི་མེ་གསོད་བདེ་འཇགས་ཀྱི་ཐབས་བཀོད་དོན་འཁྱོལ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པར་རམ་འདེགས་བྱ་དགོས།
དོན་ཚན་སོ་གཉིས་པ། ཚོང་དོན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག) ཚོང་དོན་ལས་རིགས་ཀྱི་མེ་གསོད་བདེ་འཇགས་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས) ཧབ་ཚོང་དང་རླངས་འཁོར་འཁོར་རྒྱུག ཟོང་རྙིང་འཁོར་རྒྱུག བཅོས་སྣུམ་འཁོར་རྒྱུག ཚོང་ལས་ཕྱོགས་བསྡུས་གཟུགས་ཆེ་གྲས་སོགས་ཚོང་དོན་ཁེ་ལས་དང་། གློག་ཚོང་དང་དྲ་ལམ་ཐད་གཏོང་ཟོང་འཚོང་བྱེད་གནས་ཀྱིས་མེ་གསོད་བདེ་འཇགས་ཀྱི་བྱེད་པོའི་འགན་ཁུར་ཐོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ) སླར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་ལས་རིགས་ཀྱི་མེ་གསོད་བདེ་འཇགས་བྱ་བར་མཛུབ་སྟོན་གནང་དགོས།
དོན་ཚན་སོ་གསུམ་པ། རིག་གནས་དང་ཡུལ་སྐོར་(རིག་དངོས)སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག) སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་(ས་ཚིགས)། ཟློས་གར་ཁང་སོགས་རིག་གནས་སྡེ་ཚན་དང་། གླུ་གར་རོལ་རྩེད་དང་རྩེད་མོ་རྩེད་འཇོའི་རོལ་རྩེད། སྦྲེལ་དྲའི་དྲ་རྒྱར་ཞུགས་པའི་ཞབས་ཕྱི། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན། ཡུལ་སྐོར་ལས་དོན་ཁང་། སྐར་རིམ་གསོལ་ཁང་། རིམ་Aལྗོངས་ཁུལ། རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་སོགས་ཀྱི་གནས་ཡུལ་གྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པ་དང་། མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས) འཁྲབ་གཞུང་རོལ་རྩེད་གཉེར་སྐྱོང་བྱེད་གནས་(གསང་ཁང་བྲོས་ཐར་དང་འཁྲབ་གཞུང་ཚར་གཅོད)སོགས་ལས་རྣམ་གསར་བ་གཉེར་སྐྱོང་བྱེད་གནས་ཀྱིས་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པ་དང་། མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ) རྟེན་མཛོད་ཁང་དང་དྲན་གསོ་ཁང་། རིག་གནས་ཤུལ་བཞག་དང་རིག་དངོས་སྲུང་སྐྱོབ་སྡེ་ཚན་བཅས་ཀྱིས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས་པ་དང་། རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་དང་། རིག་དངོས་ཉམས་གསོ་དང་སྒྱུར་བཀོད་བྱེད་པར་ཟུང་དུ་སྦྲེལ་ནས་རིག་གནས་བཟོ་བཀོད་ཀྱི་མེ་གསོད་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བར་མཛུབ་སྟོན་གནང་དགོས།
དོན་ཚན་སོ་བཞི་བ། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག) སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་འཆར་ལྡན་བུ་སྐྱེའི་ལག་རྩལ་ཞབས་ཕྱིའི་ལས་ཁུངས། མ་བུའི་བདེ་སྲུང་ལག་རྩལ་ཞབས་ཕྱིའི་ལས་ཁུངས། ལས་རིགས་ནང་ཁུལ་གྱི་འཕྲོད་བསྟེན་ཆེད་གཉེར་དང་འཕྲོད་བསྟེན་འགྱེད་འཕྲོའི་ལག་རྩལ་ཞབས་ཕྱིའི་ལས་ཁུངས། ཁྲག་ལེན་ཁྲག་འདོན་ལས་ཁུངས་བཅས་ལ་ཞིབ་མཆན་འགོད་པའམ་དོ་དམ་བྱེད་པའི་ཁྲོད་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་འགན་འཁུར་དགོས་པ་དང་། སྨན་བཅོས་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་ལ་ཚད་གཞི་ཅན་ལྟར་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པར་མཛུབ་སྟོན་གནང་དགོས།
(གཉིས) ལས་ཁུར་དབྱེ་བགོས་ལྟར་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ལས་ཁུངས་དང་། སྨན་བཅོས་བཞིན་སྤྲས་ཞབས་ཕྱིའི་ལས་ཁུངས། གསོ་བཅོལ་ལས་ཁུངས་སོགས་ཀྱི་གནས་ཡུལ་གྱི་མེ་གསོད་བདེ་འཇགས་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ) མེ་གསོད་སྐྱོབ་རོགས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་མེ་སྐྱོན་དོན་རྐྱེན་དང་འཚུབ་ཟློག་སྐྱོབ་རོགས་ཁྲོད་སྨན་བཅོས་འཕྲོད་བསྟེན་གྱི་སྐྱོབ་རོགས་བྱ་བ་ལེགས་པོར་བསྒྲུབ་དགོས།
དོན་ཚན་སོ་ལྔ་བ། ཁོལ་འཁྱུར་དམག་མིའི་ལས་དོན་སྡེ་ཁག་གིས་སྔོན་གཤེགས་དཔའ་བོ་དྲན་གསོ་དང་། དམག་མིའི་ངལ་གསོ་དང་མཁོ་འདོན། གཟིགས་སྐྱོང་སྨན་ཁང་། གཟི་བརྗིད་གླིང་སོགས་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་སོ་དྲུག་པ། འཚུབ་ཟློག་དོ་དམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མེ་གསོད་དྲིལ་སྒྲོག་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་དང་སྐུལ་འདེད་དང་གཞོགས་འདེགས་བཅས་བྱ་དགོས།
(གཉིས) མེ་གསོད་སྐྱོབ་རོགས་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་རང་སྲིད་འཛིན་ས་ཁུངས་ནང་ཁུལ་གྱི་མེ་གསོད་བདེ་འཇགས་གཙོ་གནད་ལས་ཁུངས་དག་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞུ་ཚགས་དགོད་དགོས།
(གསུམ) མེ་གསོད་སྐྱོབ་རོགས་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་མེ་གསོད་བདེ་འཇགས་ཀྱི་བླང་བྱ་དང་མི་འཚམ་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་མེ་གསོད་བདེ་འཇགས་བཀོད་པ་དང་སྤྱི་པའི་མེ་གསོད་སྒྲིག་བཀོད་དང་། སྤྱི་པའི་བདེ་འཇགས་ལ་གནོད་པའི་མེ་སྐྱོན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་སྒྱུར་བཅོས་དཀའ་ཁག་ཅུང་ཆེ་བའི་ས་ཁུངས་རང་བཞིན་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅས། ཡིག་ངོས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས།
(བཞི) མེ་གསོད་སྐྱོབ་རོགས་ལས་ཁུངས་ཀྱིས་ཁྲིམས་ལྟར་བཀའ་བབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བར་ཤུགས་རྐྱེན་ཅུང་ཆེ་བའི་ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་པ་དེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།
(ལྔ) ཉེན་ཁའི་རྫས་འགྱུར་དངོས་རྫས་དང་། ཤོག་སྦག གཏེར་རི་བཅས་ཀྱི་ཁེ་ལས་དང་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་ནང་གི་བཟོ་ལས་ཉོ་ཚོང་ཁེ་ལས་བཅས་ཀྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་སོ་བདུན་པ། ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་ཐད་གཏོགས་སྡེ་ཚན་གྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བའི་འགན་འཁུར་དགོས།
(གཉིས)ནགས་རྩྭའི་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཁེ་ལས་ཀྱི་ལས་རིགས་ཀྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བའི་འགན་འཁུར་དགོས།
དོན་ཚན་སོ་བརྒྱད་པ། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཀྱི་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ་དང་། མེ་གསོད་ཐོན་རྫས་སྤུས་ཚད་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱ་དགོས།
(གཉིས)ཟས་རིགས་དང་སྨན་རྫས། སྐག་རྫས། སྨན་བཅོས་འཕྲུལ་ཆས་བཅས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གསུམ)གློག་སྒུལ་ལྕགས་རྟ་དང་གློག་སྒུལ་འཕྲུལ་རྟའི་ཐོན་སྐྱེད་དང་ཕྱིར་འཚོང་མཚམས་ཚིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྣེ་ཁྲིད་ནས་བཅོས་སྒྲིག་མཚམས་ཚིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱ་དགོས།
(བཞི)གསོལ་ཅོག་ཆུང་བའི་གསོ་སྐྱོང་རིགས་ཀྱི་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པ་དང་། མེ་གསོད་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(ལྔ)མེ་གསོད་བདེ་འཇགས་དང་འབྲེལ་བའི་ས་གནས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱེད་པ་དང་། མེ་གསོད་དང་འབྲེལ་བའི་ཐོན་རྫས་ཀྱི་སྤུས་ཚད་ངོས་འཛིན་བདེན་དཔང་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།
དོན་ཚན་སོ་དགུ་བ། རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ལེ་ཚན་ཞབས་ཕྱིའི་ལས་ཁུངས་ཀྱིས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱད་ཀྱིས་མེ་གསོད་བདེ་འཇགས་ཀྱི་གསལ་བརྡ་གཏོང་བ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྤྱི་ཕན་རང་བཞིན་གྱི་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་བར་སྐུལ་འདེད་གཏང་དགོས།
དོན་ཚན་བཞི་བཅུ་བ། ལུས་རྩལ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ལུས་རྩལ་རིགས་ཀྱི་ར་བ་དང་ཁང་བ་སོགས་སྤྱི་པའི་ལུས་རྩལ་སྒྲིག་བཀོད་དང་ལུས་རྩལ་བྱེད་སྒོ་ཆེ་གྲས་ཀྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)ལུས་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་དང་ལུས་རྩལ་རིགས་ཀྱི་དམངས་གཉེར་གྱི་ཁེ་ལས་མིན་པའི་སྡེ་ཚན། གངས་འཁྱགས་བྱེད་སྒོ་སྤེལ་གནས། དེ་མིན་ལུས་རྩལ་ཁྲོམ་རའི་གཉེར་སྐྱོང་བྱེད་སྒོའི་བྱེད་པོ་བཅས་ཀྱིས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་ཞེ་གཅིག་པ། རྒྱལ་སྲུང་སྐུལ་སློང་སྡེ་ཁག་གིས་མི་དམངས་མཁའ་ཟོན་ལས་གྲྭས་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱེད་འགན་འཁུར་དགོས།
དོན་ཚན་ཞེ་གཉིས་པ། འབྲུ་རིགས་སྡེ་ཁག་གིས་འབྲུ་རིགས་འཁོར་རྒྱུག་ལས་རིགས་(འབྲུ་སྣ་ལས་སྣོན་དང་འབྲུ་སྣ་མཛོད་ཉར་ལས་རིགས)ལ་མེ་གསོད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། འབྲུ་རིགས་གྲབས་གསོག་སྡེ་ཚན་གྱི་མེ་གསོད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།
དོན་ཚན་ཞེ་གསུམ་པ། ནུས་ཁུངས་སྡེ་ཁག་གིས་གློག་ཤུགས་ཁེ་ལས་(འོད་ཝོལ་གློག་འདོན་དང་རྫས་འགྱུར་ནུས་གསོག་གློག་འདོན་ས་ཚིགས་འདུ)ཀྱིས་གློག་ཤུགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་མེ་གསོད་ལག་རྩལ་ཚད་གཞི་བརྩི་སྲུང་ནན་ཏན་དང་། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ། སྔོན་ཐོན་གྱི་མེ་སྐྱོན་འགོག་ཟོན་ལག་རྩལ་དང་སྒྲིག་བཀོད་ཁྱབ་སྤེལ་དང་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏང་དགོས།
དོན་ཚན་ཞེ་བཞི་བ། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་ཟོག་གྲབས་གསོག་ལས་ཁུངས་ཀྱི་མེ་གསོད་བདེ་འཇགས་དོ་དམ་བྱ་བའི་འགན་འཁུར་དགོས་པ་དང་། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་རྒྱུད་ཁོངས་ཀྱིས་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
དོན་ཚན་ཞེ་ལྔ་བ། བཟོ་ཚོགས་རྩ་འཛུགས་ཀྱིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ལས་བཟོ་པར་མེ་གསོད་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་གཏོང་བར་མཛུབ་སྟོན་བྱ་དགོས་པ་དང་། རྒྱ་ཆེའི་ལས་བཟོ་པར་སྐུལ་སློང་བྱས་ནས་མང་ཚོགས་རང་བཞིན་གྱི་མེ་གསོད་བདེ་འཇགས་ལ་ལྟ་སྐུལ་དང་མངོན་མེད་ཉེན་ཁ་ལེབ་བཤེར། ལས་བཟོ་པའི་ལས་གནས་ཀྱི་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པར་ཐེ་ཞུགས་དང་། མང་ཚོགས་ཀྱི་འགོག་ཟོན་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཅས་བྱ་དགོས།
(གཉིས)མེ་སྐྱོན་དོན་རྐྱེན་དང་འབྲེལ་བའི་བརྟག་བཤེར་དང་ཐག་གཅོད་བྱ་བར་ཁྲིམས་ལྟར་ཞུགས་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།
དོན་ཚན་ཞེ་དྲུག་པ། མཁོ་འཚོང་སྡེ་ཁག་གིས་མཁོ་འཚོང་མཉམ་ལས་ཁང་གི་རྒྱུད་ཁོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་དང་ཞིང་ཞོར་ཐོན་རྫས། ལུད་རྫས་དང་མཐའ་འཚོང་ཇ་ལོ། སླར་སྐྱེས་ཐོན་ཁུངས་བཅས་གཉེར་སྐྱོང་དང་གསོག་ཉར་བྱེད་མཁན་ཁེ་ལས་དང་མཉམ་ལས་ཁང་གིས་གཉེར་བའི་ཁེ་ལས་ཀྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱེད་འགན་འཁུར་དགོས།
དོན་ཚན་ཞེ་བདུན་པ། གནམ་གཤིས་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རླུང་ཆེན་གཡུག་པའི་གནམ་གཤིས་ཀྱི་སྔོན་བརྡ་ཉེན་བརྡ་དང་གནམ་གཤིས་གནོད་འཚེའི་ཉེན་བརྡའི་བརྡ་རྟགས་ཁྱབ་བསྒྲགས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་མ་ཟད། དུས་ཐོག་ཏུ་སྲིད་གཞུང་དང་མེ་གསོད་སྐྱོབ་རོགས་ལས་ཁུངས་སོགས་འབྲེལ་ཡོད་ཀྱི་གནོད་འཚེ་སྔོན་འགོག་དང་རོགས་སྐྱོབ་སྡེ་ཁག་ལ་བསྒྲགས་བརྡ་གཏང་དགོས།
(གཉིས)གནོད་འཚེའི་དོན་རྐྱེན་ཚབས་ཆེན་ལ་ཕྱོགས་བསྡུས་འཚུབ་ཟློག་སྐྱོབ་རོགས་བྱེད་སྐབས་གནམ་གཤིས་གནས་ཚུལ་ལ་སྐབས་བསྟུན་གྱིས་བརྟག་འཇལ་བྱ་དགོས་པ་མ་ཟད། ཡུལ་དངོས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མེ་གསོད་སྐྱོབ་རོགས་སྟོབས་ཤུགས་ལ་དུས་ཐོག་ཏུ་བསྒྲགས་བརྡ་གཏང་དགོས།
དོན་ཚན་ཞེ་བརྒྱད་པ། ས་ཡོམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ས་ཡོམ་འབྱུང་ཉེན་གྱི་གཙོ་གནད་ཁུལ་གཏན་ཁེལ་དང་སྔོན་གྲབས་དཔྱད་དཔོག་བྱས་པའི་མཇུག་འབྲས་བསྒྲགས་བརྡ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས།
(གཉིས)མེ་གསོད་སྐྱོབ་རོགས་ལས་ཁུངས་ལ་ས་ཡོམ་གྱི་མྱུར་བསྒྲགས་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས།
(གསུམ)འབྲེལ་ཡོད་སྡེ་ཁག་དང་མེ་གསོད་སྐྱོབ་རོགས་སྟོབས་ཤུགས་ཀྱིས་ས་ཡོམ་གནོད་འཚེའི་དོན་རྐྱེན་ལ་མྱུར་སྐྱོབ་སྐྱོབ་རོགས་བྱེད་པར་གཞོགས་འདེགས་བྱ་དགོས།
དོན་ཚན་ཞེ་དགུ་བ། མེ་གསོད་སྐྱོབ་རོགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)སྤྱི་བྱིངས་འདུ་གནས་ལ་བཀོལ་སྤྱོད་དང་ལས་གཉེར་མ་བྱས་གོང་དུ་ཁྲིམས་ལྟར་མེ་གསོད་བདེ་འཇགས་ཞིབ་བཤེར་ལག་བསྟར་བྱ་དགོས།
(གཉིས)རང་ས་གནས་ཀྱི་མེ་གསོད་བདེ་འཇགས་གནས་བབ་ལ་དུས་བཅད་ལྟར་དབྱེ་ཞིབ་དང་དཔྱོད་གཅོད་བྱས་ཏེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་གཅོད་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱ་དགོས།
(གསུམ)ཁྲིམས་ལྟར་མེ་གསོད་ལྟ་སྐུལ་ཞིབ་བཤེར་ལག་བསྟར་བྱེད་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལག་ལེན་དུ་བསྟར་དགོས།
(བཞི)བཀོལ་སྤྱོད་ཁྱབ་ཁོངས་ཀྱི་མེ་གསོད་ཐོན་རྫས་ཀྱི་སྤུས་ཚད་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་པ་དང་། མེ་གསོད་ལག་རྩལ་ཞབས་ཕྱི་ལས་ཁུངས་དང་མི་སྣའི་ལས་གཉེར་བྱ་སྤྱོད་ལ་ལྟ་སྐུལ་དང་འཐེན་བཤེར་བྱེད་པར་ཤུགས་བསྣན་དགོས།
(ལྔ)དུས་ཚིགས་རང་བཞིན་གྱི་མེ་སྐྱོན་ཆོས་ཉིད་དམ་ཁྱད་ཆོས་དང་མེ་གསོད་བདེ་འཇགས་ཀྱི་འབུར་ཐོན་གནད་དོན་ལ་ཟུང་འབྲེལ་བྱས་ཏེ། མེ་གསོད་བདེ་འཇགས་བཅོས་སྐྱོང་རྩ་འཛུགས་བྱས་ནས་སྤེལ་བ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་བྱེད་པར་ཁྲིམས་ལྟར་སྐུལ་འདེད་གཏང་དགོས།
(དྲུག)ཁྲིམས་ལྟར་མེ་སྐྱོན་དོན་རྐྱེན་ལ་ཐག་གཅོད་དང་། མེ་སྐྱོན་འབྱུང་རྐྱེན་ལ་བརྟག་དཔྱད། མེ་སྐྱོན་གྱི་གྱོང་གུན་བསྡོམས་རྩིས་བཅས་བྱ་དགོས།
(བདུན)མེ་གསོད་བདེ་འཇགས་ཀྱི་གཙོ་གནད་སྡེ་ཚན་དང་མེ་སྐྱོན་འབྱུང་ཉེན་ཤིན་ཏུ་ཆེ་བའི་སྡེ་ཚན་གཏན་ཁེལ་བྱས་ཏེ། དེ་བས་ནན་ཏན་གྱི་མེ་གསོད་བདེ་འཇགས་དོ་དམ་ལག་བསྟར་བྱ་དགོས།
(བརྒྱད)རིམ་པ་དེ་གའི་མེ་གསོད་བདེ་འཇགས་ཀྱི་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ལས་ཁུར་སྒྲུབ་པ་དང་། ཁྲིམས་ལྟར་མེ་གསོད་བདེ་འཇགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་འགན་ནུས་སྤྱོད་པ་དང་། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།
(དགུ)མེ་གསོད་དྲིལ་སྒྲོག་སློབ་གསོའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་བྱ་བའི་འཆར་གཞི་རྩ་འཛུགས་བྱས་ནས་བཟོ་བ་དང་། མེ་གསོད་བདེ་འཇགས་དེ་སྤྱི་པའི་བདེ་འཇགས་སློབ་གསོའི་གསོ་སྦྱོང་གི་ནང་དོན་དུ་འཇོག་པར་སྐུལ་འདེད་གཏང་དགོས།
(བཅུ)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མེ་གསོད་དྲིལ་སྒྲོག་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་དང་མཛུབ་སྟོན་དང་གཞོགས་འདེགས་བྱ་དགོས།
(བཅུ་གཅིག)མེ་གསོད་དྲིལ་སྒྲོག་“ལྔ་སྐྱོད”ཀྱི་བྱ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ནས་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་དགོས།
(བཅུ་གཉིས)འཚུབ་ཟློག་མེ་གསོད་ཀྱི་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་རྩ་འཛུགས་བྱས་ནས་འཛུགས་པ་མ་ཟད། དུས་བཅད་ལྟར་སྤྱི་བྱིངས་ལ་སྒོ་འབྱེད་དགོས།
(བཅུ་གསུམ)གསར་འགྱུར་སྨྱན་བྱད་ལ་མཐུན་སྦྱོར་བྱས་ཏེ་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སྤྱི་ཚོགས་ལ་ཕྱོགས་ཏེ་མེ་གསོད་དྲིལ་སྒྲོག་སློབ་གསོ་གཏོང་བ་དང་། མེ་གསོད་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་ཤུགས་ཇེ་ཆེར་གཏང་དགོས།
(བཅུ་བཞི)སྤྱི་ཚོགས་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་པ་དང་། དོ་དམ་པ། དམིགས་བསལ་ལས་སྣའི་མི་སྣ། འབྲེལ་ཡོད་ལས་གཉེར་མི་སྣ་བཅས་ལ་མེ་གསོད་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་པར་མཛུབ་སྟོན་གནང་དགོས།
རིམ་པ་སོ་སོའི་མེ་གསོད་སྐྱོབ་རོགས་དཔུང་སྡེ་ཡིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་ཏུ། “གནོད་འཚེ་རིགས་ཡོངས”དང་“འཚུབ་ཟློག་ཆེན་པོ”ཡི་བླང་བྱ་དང་“ཁྲིམས་ལྟར་སྐྱོབ་རོགས་དང་། ཚན་རིག་དང་མཐུན་པར་སྐྱོབ་རོགས”བྱེད་པའི་རྩ་དོན་གཞིར་བཟུང་སྟེ། མེ་གསོད་སྐྱོབ་རོགས་བྱ་བ་དེ་ཕྱོགས་བསྡུས་འཚུབ་ཟློག་སྐྱོབ་རོགས་ཀྱི་མ་ལག་ཏུ་འདྲེས་པར་བྱ་དགོས་པ་དང་། མེ་སྐྱོན་གསོད་སྐྱོབ་དང་། གནོད་འཚེའི་དོན་རྐྱེན་ཚབས་ཆེན། མི་སྲོག་སྐྱོབ་པ་གཙོས་པའི་འཚུབ་ཟློག་སྐྱོབ་རོགས་ཀྱི་བྱ་བ་གཞན་དག་བཅས་ཁྲིམས་ལྟར་ཁུར་དུ་ལེན་པ་དང་། ཆེད་ལས་ནུས་རྩལ་གྱི་སྦྱོང་བརྡར་རྩ་འཛུགས་དང་ལག་བསྟར་བྱས་ཏེ། མེ་སྐྱོན་གསོད་སྐྱོབ་དང་འཚུབ་ཟློག་སྐྱོབ་རོགས་ཀྱི་ནུས་པ་ཇེ་མཐོར་གཏང་དགོས།
དོན་ཚན་ལྔ་བཅུ་བ། འཕྲིན་སྐྱེལ་དོ་དམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)གློག་འཕྲིན་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱེད་པ་དང་། ཁེ་ལས་སོ་སོས་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།
(གཉིས)གློག་འཕྲིན་ཁེ་ལས་ལ་མཐུན་སྦྱོར་བྱས་ནས་སྤྱི་ཕན་རང་བཞིན་གྱི་མེ་གསོད་བདེ་འཇགས་དྲིལ་སྒྲོག་བྱ་བ་བསྒྲུབ་པར་རམ་འདེགས་བྱ་དགོས།
(གསུམ)གློག་འཕྲིན་ཁེ་ལས་ལ་རྩ་འཛུགས་དང་མཐུན་སྦྱོར་བྱས་ནས་གནོད་འཚེ་དོན་རྐྱེན་ཚབས་ཆེན་གྱི་འཚུབ་ཟློག་སྐྱོབ་རོགས་བྱ་བར་འཕྲིན་སྐྱེལ་འགན་སྲུང་འདོན་སྤྲོད་བྱ་དགོས།
དོན་ཚན་ང་གཅིག་པ། སྦྲག་སྲིད་དོ་དམ་སྡེ་ཁག་གིས་སྦྲག་སྲིད་ལས་རིགས་ཀྱི་མེ་གསོད་བདེ་འཇགས་བྱ་བར་འགན་འཁུར་དགོས་པ་དང་། སྦྲག་སྲིད་ཁྲོམ་རའི་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། སྐུར་སྐྱེལ་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་འགན་ཁུར་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།
དོན་ཚན་ང་གཉིས་པ། དངུལ་ཁང་དང་འཛིན་ལོར། འགན་བཅོལ་སོགས་དངུལ་རྩའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་དང་འཛིན་ལོར་ལས་རིགས་ཀྱི་ལས་ཁུངས། འགན་བཅོལ་ལས་ཁུངས་དང་ཞབས་ཕྱི་སྒྲུབ་གནས། མངགས་གཏོང་ལས་ཁུངས་བཅས་ཀྱིས་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བར་ཤུགས་སྣོན་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས། འགན་བཅོལ་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་འགན་བཅོལ་ཀུང་སིས་མེ་སྐྱོན་གྱི་སྤྱི་བྱིངས་འགན་ཁུར་འགན་བཅོལ་གྱི་ལས་སྒོ་སྤེལ་བར་མཛུབ་སྟོན་བྱེད་འགན་འཁུར་དགོས་པ་དང་། འགན་བཅོལ་ལས་ཁུངས་ཀྱིས་མེ་སྐྱོན་ཉེན་ཁར་དཔྱད་དཔོག་ལྟ་སྡོམ་དང་མེ་སྐྱོན་དོན་རྐྱེན་སྔོན་འགོག་གི་བྱེད་ནུས་འདོན་སྤེལ་བྱེད་པར་སྐུལ་མ་གཏང་དགོས།
དོན་ཚན་ང་གསུམ་པ། དམངས་སྤྱོད་མཁའ་འགྲུལ་དོ་དམ་སྡེ་ཁག་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བའི་འགན་འཁུར་དགོས་པ་དང་། དམངས་སྤྱོད་གནམ་གྲུ་ཐང་གིས་ཁྲིམས་ལྟར་ཆེད་བསྐོས་མེ་གསོད་རུ་ཁག་འཛུགས་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(གཉིས)དམངས་སྤྱོད་མཁའ་འགྲུལ་གྱི་ཁེ་ལས་དོན་ལས་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་མེ་སྐྱོན་གྱི་ཡུལ་དངོས་སམ་ཡང་ན་འཚུབ་ཟློག་སྐྱོབ་རོགས་ཀྱི་ཡུལ་དངོས་སུ་སྐྱོད་པའི་མེ་གསོད་མི་སྣ་དང་མེ་གསོད་སྒྲིག་ཆས་དང་དངོས་ཟོག་བཅས་སྔོན་འཇོག་གིས་སྐྱེལ་འདྲེན་བྱ་དགོས།
དོན་ཚན་ང་བཞི་བ། འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་ལས་ཁུར་ཁྱབ་ཁོངས་སུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་མེ་གསོད་བྱ་བ་ལེགས་པོར་བསྒྲུབ་དགོས།
ལེའུ་བཞི་བ། སྡེ་ཚན་གྱི་མེ་གསོད་བདེ་འཇགས་ལས་ཁུར་གྱི་སྐོར།
དོན་ཚན་ང་ལྔ་བ། ལས་ཁུངས་དང་ཚོགས་པ། ཁེ་ལས། དོན་ལས་སྡེ་ཚན་བཅས་ཀྱིས་བདེ་འཇགས་རང་བཤེར་དང་། མངོན་མེད་རྐྱེན་ངན་རང་སེལ། འགན་ཁུར་རང་འཁུར་བཅས་བྱེད་པའི་རྩ་དོན་ལྟར། མེ་གསོད་བདེ་འཇགས་ཀྱི་བྱེད་པོའི་འགན་ཁུར་དོན་འཁྱོལ་བྱས་ནས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རིམ་པ་སོ་སོ་དང་ལས་གནས་སོ་སོའི་མེ་གསོད་བདེ་འཇགས་འགན་ ཁུར་པ་དང་དེའི་ལས་ཁུར་ངེས་གསལ་བཟོ་བ་དང་། རང་སྡེ་ཚན་གྱི་མེ་གསོད་བདེ་འཇགས་ལམ་ལུགས་དང་། མེ་གསོད་བདེ་འཇགས་བཀོལ་སྤྱོད་སྒྲིག་སྲོལ། མེ་འཇོམས་དང་འཚུབ་ཟློག་ཁ་འགྲེམ་གྱི་སྔོན་ཇུས་བཅས་གཏན་ལ་དབབ་དགོས། དུས་བཅད་ལྟར་མེ་འཇོམས་དང་འཚུབ་ཟློག་ཁ་འགྲེམ་གྱི་འཁྲབ་སྦྱོང་སྤེལ་བ་དང་། མེ་གསོད་བྱ་བར་ཞིབ་བཤེར་དང་དཔྱད་ཞིབ་བྱ་རྒྱུ་རྩ་འཛུགས་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་དགོས།
(གཉིས)སྡེ་ཚན་གྱི་དོན་དངོས་དང་སྦྱར་ཏེ། “རང་བདག་གསུམ་ཡོངས་བསྒྲགས་གཉིས་ཁས་ལེན་གཅིག”གི་བླང་བྱ་དོན་འཁྱོལ་བྱ་དགོས་པ་སྟེ། མེ་གསོད་ཉེན་ཁར་རང་བདག་ངང་དཔྱད་དཔོག་དང་། མེ་གསོད་བདེ་འཇགས་ལ་རང་བདག་ངང་ཞིབ་བཤེར། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་རང་བདག་ངང་སྒྱུར་བཅོས་བཅས་བྱེད་པ་དང་། སྤྱི་ཚོགས་ཡོངས་ལ་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་པ་དང་དོ་དམ་པ་དང་དེ་དག་གི་ལས་ཁུར་བཅས་ཡོངས་བསྒྲགས་བྱ་དགོས་ལ། རང་སྡེ་ཚན་ལ་ཉེན་ཁ་མངོན་གསལ་མེད་པའམ་ཡང་ན་སྔོན་འགོག་ཐབས་བཀོད་དོན་འཁྱོལ་བྱས་ཟིན་པ་ཁས་ལེན་བྱ་དགོས།
(གསུམ)མེ་འགོག་ཞིབ་བཤེར་སྐོར་ཞིབ་དང་། མེ་གསོད་སྒྲིག་བཀོད་ཡོ་བྱད་སྲུང་སྐྱོང་དང་ཉམས་གསོ། བཟོ་བཀོད་ཀྱི་མེ་གསོད་སྒྲིག་བཀོད་ལ་བཤེར་འཇལ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་དང་། ཆེད་བསྐོས་སམ་དང་བླངས་མེ་གསོད་རུ་ཁག་དང་། མེ་གསོད་ས་ཚིགས་ཕྲན་གྲས་འཛུགས་སྐྲུན་སོགས་མེ་གསོད་བྱ་བར་མཁོ་བའི་མ་དངུལ་དོན་འཁྱོལ་བྱ་དགོས། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱི་བདེ་འཇགས་གྲོན་དངུལ་ནང་གི་བསྡུར་ཚད་འོས་འཚམ་ཞིག་མེ་གསོད་བྱ་བར་སྤྱོད་རྒྱུ་འགན་ལེན་བྱ་དགོས།
(བཞི)རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་མེ་གསོད་སྒྲིག་བཀོད་དང་ཡོ་བྱད་བཀོད་སྒྲིག་བྱེད་པ་དང་། མེ་གསོད་བདེ་འཇགས་མཚོན་རྟགས་བཀོད་ནས་དུས་བཅད་ལྟར་ཞིབ་བཤེར་དང་ཉམས་གསོ་རྩ་འཛུགས་བྱ་དགོས་ཏེ། བཟོ་བཀོད་ཀྱི་མེ་གསོད་སྒྲིག་བཀོད་ལ་ལོ་རེར་མ་མཐའ་ཡང་ཕྱོགས་ཡོངས་ནས་ཐེངས་རེ་བཤེར་འཇལ་བྱས་ཏེ་སྐྱོན་མེད་འཐུས་ཚང་དང་ནུས་ལྡན་ཡིན་པ་ཁག་ཐེག་བྱ་དགོས། མེ་གསོད་ཚོད་འཛིན་ཁང་བཙུགས་ཡོད་ན། དུས་ཚོད24རིང་ལས་རེས་འཁོར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། འཁོར་ཐེངས་རེར་མི2ལས་མི་ཉུང་བ་མ་ཟད། དཔང་རྟགས་བཟུང་ནས་ལས་གནས་སུ་ཞུགས་དགོས།
(ལྔ)ཁ་འགྲེམ་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་གེགས་མེད་ཤར་སྐྱོད་ཐུབ་པ་འགན་སྲུང་བྱེད་པ་དང་། མེ་འགོག་དུ་འགོག་དབྱེ་ཁུལ་དང་། མེ་འགོག་བར་ཐག བཟོ་བཀོད་གྲུབ་ཆ། བཟོ་བཀོད་རྒྱུ་ཆ། ཁང་བའི་ནང་གི་མཛེས་སྤྲས་རྒྱུ་ཆ་སོགས་མེ་གསོད་ལག་རྩལ་གྱི་ཚད་གཞི་དང་མཐུན་པ་འགན་ལེན་བྱས་ཏེ། མེ་གསོད་སྒྲིག་བཀོད་རྒྱུན་ལྡན་གྱི་རྣམ་པར་གནས་པ་སྲུང་འཛིན་བྱ་དགོས། མི་ཚོགས་འདུ་གནས་ཀྱི་སྒོ་དང་སྒེའུ་ཁུང་ཐོག་བྲོས་བྱོལ་དང་མེ་འཇོམས་སྐྱོབ་རོགས་བྱེད་པར་གནོད་པའི་གེགས་དངོས་འཇོག་མི་ཆོག
(དྲུག) རང་སྡེ་ཚན་གྱི་མེ་སྐྱོན་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་དགོས་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མ་སེལ་གོང་དུ་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ཏེ་མེ་གསོད་བདེ་འཇགས་ཀྱི་བྱ་བ་འགན་སྲུང་བྱ་དགོས། མེ་སྤྱོད་པར་མེ་གསོད་བདེ་འཇགས་དོ་དམ་ནན་མོ་བྱ་དགོས་པ་དང་། སྤྱི་པའི་རོལ་རྩེད་གནས་ཡུལ་གྱི་ལས་གཉེར་བྱེད་སྐབས་མེ་བཀོལ་ནས་ཨར་ལས་བྱེད་པ་གཏན་འགོག་བྱ་དགོས།
(བདུན)དགོས་མཁོར་གཞིགས་ནས་ཆེད་བསྐོས་སམ་དང་བླངས་མེ་གསོད་རུ་ཁག་དང་མེ་གསོད་ས་ཚིགས་ཕྲན་གྲས་འཛུགས་པ་དང་། དཔུང་སྡེ་འཛུགས་སྐྱོང་དང་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་དང་མེ་འཇོམས་སྨན་རྫས་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། དུས་བཅད་ལྟར་སྦྱོང་བརྡར་འཁྲབ་སྦྱོང་རྩ་འཛུགས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་སྐྱོབ་རོགས་དཔུང་སྡེ་དང་མཉམ་འབྲེལ་ཐོག་ལས་སྒྲུབ་བྱེད་པའི་མཉམ་འགུལ་རྐྱེན་སྲོལ་བཙུགས་ནས་མེ་སྐྱོན་བྱུང་མགོའི་གསོད་སྐྱོབ་ནུས་པ་ཇེ་མཐོར་གཏང་དགོས།
(བརྒྱད)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་བཅས་སུ་གཏན་འབེབས་བྱས་པའི་མེ་གསོད་བྱ་བའི་ལས་ཁུར་གཞན་དག
དོན་ཚན་ང་དྲུག་པ། མེ་གསོད་བདེ་འཇགས་ཀྱི་གཙོ་གནད་སྡེ་ཚན་གྱིས་དོན་ཚན་ང་ལྔ་བའི་ནང་གཏན་ལ་ཕབ་པའི་ལས་ཁུར་བསྒྲུབ་དགོས་པ་ལས་གཞན། གཤམ་གསལ་གྱི་ལས་ཁུར་ཡང་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་ཡིག་ཚགས་བཟོ་བ་དང་། མེ་གསོད་བདེ་འཇགས་ཀྱི་གཙོ་གནད་གཏན་འཁེལ་བྱེད་པ། མེ་གསོད་ཉེན་བརྡ་དང་གསལ་འདེབས་མཚོན་རྟགས་བཀོད་ནས་དོ་དམ་ནན་མོ་བྱ་དགོས།
(གཉིས)གློག་ཆས་ཐོན་རྫས་དང་འབར་རླངས་ཡོ་བྱད་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་པ་དང་གློག་ཤུགས་ཀྱི་སྐུད་ལམ་དང་སྦུག་ལམ་འཐེན་པ་ངེས་པར་དུ་འབྲེལ་ཡོད་ཚད་གཞི་དང་གློག་སྤྱོད་རླངས་སྤྱོད་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་གཏན་འབེབས་དང་མཐུན་དགོས་པ་མ་ཟད། དུས་བཅད་ལྟར་སྲུང་སྐྱོང་དང་ཉམས་གསོ་དང་བཤེར་འཇལ་བྱ་དགོས།
(གསུམ)དགོས་མཁོར་གཞིགས་ཏེ་ཚད་གཞི་ལྟར་མེ་གསོད་ས་ཚིགས་ཕྲན་གྲས་འཛུགས་པ་དང་། མེ་གསོད་བདེ་འཇགས་ཀྱི་ས་ཁོངས་མཉམ་འགོག་མཉམ་སྡོམ་ནང་ཧུར་ཐག་གིས་ཞུགས་ཏེ། རང་འགོག་རང་སྐྱོབ་དང་མཉམ་འགོག་སྐྱོབ་རེས་ཀྱི་ནུས་པ་ཇེ་མཐོར་གཏང་དགོས།
(བཞི)ལས་གནས་སུ་གསར་དུ་ཞུགས་པའི་ལས་མི་རྩ་འཛུགས་བྱས་ནས་ལས་གནས་སུ་མ་ཞུགས་གོང་གི་མེ་གསོད་བདེ་འཇགས་གསོ་སྦྱོང་བྱེད་པ་དང་། དུས་བཅད་ལྟར་ལས་མི་ཡོངས་ལ་མེ་གསོད་བདེ་འཇགས་གསོ་སྦྱོང་དང་ཁ་འགྲེམ་འཁྲབ་སྦྱོང་རྩ་འཛུགས་བྱས་ནས་སྤེལ་དགོས།
(ལྔ)མེ་གསོད་ལ་རྒྱང་རིང་ལྟ་སྐུལ་ཚོད་འཛིན་དང་། གློག་ཤུགས་མེ་སྐྱོན་བརྟག་འཇལ། ཟོག་སྦྲེལ་དྲ་རྒྱའི་ལག་རྩལ་སོགས་ལག་རྩལ་དང་དངོས་པོའི་འགོག་ཟོན་བྱེད་ཐབས་ཧུར་ཐག་གིས་སྤྱད་དགོས།
(དྲུག)ཉིན་རེར་མེ་འགོག་སྐོར་ཞིབ་བྱེད་པ་སྟེ། སྤྱི་དམངས་འདུ་འཛོམས་བྱེད་གནས་ཀྱིས་ལས་གཉེར་བྱེད་ཡུན་ནང་ཉུང་མཐར་ཡང་ཆུ་ཚོད2རེར་མེ་འགོག་སྐོར་ཞིབ་ཐེངས་རེ་བྱ་དགོས་ཤིང་། མགྲོན་ཁང་དང་སྨན་ཁང་། རྒན་གསོ་ཞབས་ཕྱིའི་ལས་ཁུངས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ། བུ་བཅོལ་ཁང་། བྱིས་སྐྱོང་ཁང་བཅས་ཀྱིས་མཚན་མོར་ཉུང་མཐར་ཡང་ཆུ་ཚོད2རེར་མེ་འགོག་སྐོར་ཞིབ་ཐེངས་རེ་བྱ་དགོས།
མེ་གསོད་བདེ་འཇགས་ཀྱི་གཙོ་གནད་སྡེ་ཚན་དང་དེའི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་པ། མེ་གསོད་བདེ་འཇགས་དོ་དམ་པ། མེ་གསོད་ཚོད་འཛིན་ཁང་གི་ལས་རེས་བཀོལ་སྤྱོད་བྱེད་མཁན་སོགས་ས་གནས་དེ་གའི་མེ་གསོད་སྐྱོབ་རོགས་ལས་ཁུངས་ལ་ཞུ་ཚགས་དགོད་དགོས།
དོན་ཚན་ང་བདུན་པ། མི་ཚོགས་ལ་ཤི་རྨས་ཐེབས་པའི་མེ་སྐྱོན་འབྱུང་སླ་བའི་གནས་ཡུལ་དང་། འབར་གས་སླ་བའི་སྡེ་ཚན་དང་ཁང་བརྩེགས། ས་འོག་སྤྱི་པའི་བཟོ་བཀོད། གྲོང་ཁྱེར་གྱི་ཕྱོགས་བསྡུས་གཟུགས་སོགས་མེ་སྐྱོན་འབྱུང་ཉེན་ཆེ་བའི་སྡེ་ཚན་གྱིས་དོན་ཚན་ང་ལྔ་བ་དང་ང་དྲུག་པའི་ནང་གཏན་ལ་ཕབ་པའི་ལས་ཁུར་བསྒྲུབ་པ་ལས་གཞན། གཤམ་གསལ་གྱི་ལས་ཁུར་ཡང་བསྒྲུབ་དགོས་ཏེ།
(གཅིག)དུས་བཅད་ལྟར་མེ་གསོད་བདེ་འཇགས་བྱ་བའི་འཆར་ཅན་ཚོགས་འདུ་འཚོགས་ནས་རང་སྡེ་ཚན་གྱི་མེ་གསོད་བྱ་བར་ཞིབ་འཇུག་བྱེད་པ་དང་། མེ་གསོད་གྲོན་དངུལ་གཏོང་འཇོག་དང་མེ་གསོད་ཀྱི་སྒྲིག་བཀོད་སྒྲིག་ཆས་ཉོ་སྒྲུབ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐག་གཅོད་བྱ་དགོས།
(གཉིས)མེ་གསོད་བདེ་འཇགས་དོ་དམ་པས་ཐོ་བཀོད་མེ་གསོད་བཟོ་སྐྲུན་མཁན་པོའི་ལས་གཉེར་ཐོབ་ཐང་ལེན་པར་སྐུལ་མ་གཏོང་བ་དང་། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་པ་དང་དམིགས་བསལ་གྱི་ལས་རིགས་མི་སྣ་ལ་ངེས་པར་དུ་མེ་གསོད་བདེ་འཇགས་གསོ་སྦྱོང་བྱ་དགོས་ལ། རང་འགུལ་ཅན་གྱི་མེ་གསོད་སྒྲིག་བཀོད་བཀོལ་སྤྱོད་བྱེད་མཁན་གྱིས་མེ་གསོད་སྒྲིག་བཀོད་བཀོལ་སྤྱོད་བྱེད་མཁན་གྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ལེན་དགོས།
(གསུམ)ཆེད་གཉེར་མེ་གསོད་རུ་ཁག་གམ་མེ་གསོད་ས་ཚིགས་ཕྲན་གྲས་ཀྱིས་རང་སྡེ་ཚན་གྱི་མེ་སྐྱོན་ཉེན་ཁའི་ཁྱད་ཆོས་ལ་གཞིགས་ནས་དེ་མཚུངས་ཀྱི་མེ་གསོད་སྒྲིག་ཆས་དང་ཡོ་བྱད་བཀོད་སྒྲིག་བྱེད་ཅིང་། མེ་འཇོམས་སྐྱོབ་རོགས་སྨན་རྫས་དང་དངོས་རྫས་འདང་ངེས་གསོག་འཇོག་བྱེད་པ་དང་། དུས་བཅད་ལྟར་མེ་གསོད་ལས་སྒོ་སློབ་སྦྱོང་དང་མེ་གསོད་ཀྱི་རྩལ་ནུས་སྦྱོང་བརྡར་རྩ་འཛུགས་བྱ་དགོས།
(བཞི)རྒྱལ་ཁབ་ཀྱི་ཚད་གཞི་ལྟར་འཚུབ་ཟློག་བྲོས་བྱོལ་སྒྲིག་ཆས་དང་ཁ་འགྲེམ་ཁྲིད་སྟོན་ཡོ་བྱད་སྒྲིག་སྦྱོར་བྱ་དགོས།
(ལྔ)མེ་གསོད་བདེ་འཇགས་ལ་དཔྱད་དཔོག་བྱེད་པའི་ལམ་ལུགས་བཙུགས་ནས་དུས་བཅད་ལྟར་མེ་གསོད་བདེ་འཇགས་ལ་དཔྱད་དཔོག་བྱེད་པ་དང་། དཔྱད་དཔོག་བྱས་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།
(དྲུག)མེ་སྐྱོན་གྱི་སྤྱི་བྱིངས་འགན་ཁུར་གྱི་འགན་བཅོལ་ནང་ཞུགས་པར་སྐུལ་མ་གཏང་དགོས།
དོན་ཚན་ང་བརྒྱད་པ། རྒྱུད་འབྲེལ་ཁེ་ལས་ཆེ་གྲས་ཀྱིས་དོན་ཚན་ང་ལྔ་བ་ནང་གཏན་ལ་ཕབ་པའི་ལས་ཁུར་བསྒྲུབ་པ་ལས་གཞན། གཤམ་གསལ་གྱི་ལས་ཁུར་ཡང་བསྒྲུབ་དགོས་ཏེ།
(གཅིག)རྒྱུད་འབྲེལ་ཡན་ལག་སྡེ་ཚན་དང་གཉེར་སྐྱོང་ཚོང་ཁང་གི་མེ་གསོད་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་དང་མ་ལག་དོ་དམ་བྱས་ཏེ། མཛུབ་སྟོན་དང་ལྟ་སྐུལ། ཞིབ་བཤེར། དོ་དམ་བཅས་ཀྱི་འགན་འཁུར་དགོས།
(གཉིས)མེ་གསོད་བདེ་འཇགས་ཚད་ལྡན་ཅན་གྱི་དོ་དམ་ལམ་ལུགས་གཏན་འབེབས་དང་དོན་འཁྱོལ་བྱས་ཏེ། རྒྱུད་འབྲེལ་ཡན་ལག་སྡེ་ཚན་དང་གཉེར་སྐྱོང་ཚོང་ཁང་ལ་གཅིག་གྱུར་དང་ཚད་ལྡན་གྱི་མེ་གསོད་བདེ་འཇགས་དོ་དམ་ལག་བསྟར་བྱ་དགོས།
(གསུམ)དུས་བཅད་ལྟར་རྒྱུད་འབྲེལ་ཡན་ལག་སྡེ་ཚན་དང་གཉེར་སྐྱོང་ཚོང་ཁང་གི་འགན་འཁུར་མཁན་རྣམས་བསྡུས་ནས་མེ་གསོད་བདེ་འཇགས་སྐོར་གྱི་འཆར་ཅན་ཚོགས་འདུ་འཚོགས་ཏེ། མེ་གསོད་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐག་གཅོད་པ་དང་། རང་སྡེ་ཚན་གྱི་མེ་གསོད་བདེ་འཇགས་བྱ་བའི་འཆར་གཞི་དང་བྱེད་ཐབས་ལ་ཞིབ་འཇུག་དང་། བཀོད་སྒྲིག དོན་འཁྱོལ་བཅས་བྱ་དགོས།
(བཞི)རྒྱུད་འབྲེལ་ཡན་ལག་སྡེ་ཚན་དང་གཉེར་སྐྱོང་ཚོང་ཁང་གིས་གཏན་འབེབས་ལྟར་མེ་གསོད་བདེ་འཇགས་ལ་དཔྱད་དཔོག་དང་། མེ་གསོད་བདེ་འཇགས་ལ་ཞིབ་བཤེར། མེ་གསོད་དྲིལ་སྒྲོག་སློབ་གསོའི་གསོ་སྦྱོང་། བཟོ་བཀོད་ཀྱི་མེ་གསོད་སྒྲིག་བཀོད་ལ་བརྟག་འཇལ་དང་རྒྱུན་ལྡན་གྱི་སྲུང་སྐྱོང་ཉམས་གསོ་སོགས་བྱེད་པའི་བྱ་བ་སྤེལ་བར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(ལྔ)དུས་བཅད་ལྟར་རྒྱུད་འབྲེལ་ཡན་ལག་སྡེ་ཚན་དང་གཉེར་སྐྱོང་ཚོང་ཁང་གི་མེ་གསོད་བདེ་འཇགས་ལས་ཁུར་སྒྲུབ་ཚུལ་དང་མེ་གསོད་སྒྲིག་བཀོད་འཁོར་སྐྱོད་བྱས་ཚུལ་ལ་རྟོག་འདོམས་དང་ཞིབ་བཤེར་རྩ་འཛུགས་བྱས་ཏེ། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་བཅོས་བྱ་དགོས་པའི་བཀའ་དབབ་དགོས་པ་མ་ཟད། སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བར་རྗེས་འདེད་ལྟ་སྐུལ་བྱ་དགོས།
(དྲུག)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྒྲིག་སྲོལ། འབྲེལ་ཡོད་ཡིག་ཆའི་ནང་གཏན་འབེབས་བྱས་པའི་ལས་ཁུར་གཞན་དག
དོན་ཚན་ང་དགུ་བ། རྡོ་སྣུམ་དང་། ཡང་བའི་བཟོ་ལས། ཟོང་འགྲེམས་སོགས་ལས་རིགས་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་མེ་གསོད་བདེ་འཇགས་རང་གཅུན་དོ་དམ་ལ་ཤུགས་བསྣན་ནས། ལས་རིགས་རང་གི་མེ་གསོད་བདེ་འཇགས་བྱ་བར་སྐུལ་འདེད་གཏོང་བ་དང་། ལས་རིགས་སྡེ་ཚན་གྱིས་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བྱ་དགོས།
དོན་ཚན་དྲུག་ཅུ་བ། རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་མེ་གསོད་བདེ་འཇགས་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། མེ་གསོད་ས་ཚིགས་དང་མེ་གསོད་ཆུ་ཁུངས་སོགས་མེ་གསོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མེ་གསོད་བདེ་འཇགས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། མཆོད་མེ་སྤོར་ལེན་དང་གློག་སྒྲོན་བརྗེ་སྒྱུར། མེ་གཞན་ལྟ་སྡོམ། གཅིག་བསྡུས་ཀྱི་ཟས་སྡོད་དྲོད་འདོན་སོགས་ཀྱི་ཐབས་བཀོད་དོན་འཁྱོལ་བྱས་ཏེ། མེ་སྤྱོད་གློག་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས།
དོན་ཚན་རེ་གཅིག་པ། མེ་གསོད་སྒྲིག་བཀོད་ལ་བཤེར་འཇལ་དང་སྲུང་སྐྱོང་ ཉམས་གསོ་དང་། མེ་གསོད་བདེ་འཇགས་ལ་དཔྱད་དཔོག་དང་། བློ་འདྲི། བརྟག་འཇལ་སོགས་བྱེད་པའི་མེ་གསོད་ལག་རྩལ་ཞབས་ཕྱིའི་ལས་ཁུངས་དང་དེའི་ལས་གཉེར་མི་སྣར་ལས་གཉེར་ཆ་རྐྱེན་འཛོམས་དགོས་པ་མ་ཟད། ཞབས་ཕྱིའི་སྤུས་ཚད་ལ་འགན་འཁུར་དགོས།
དོན་ཚན་རེ་གཉིས་པ། ཐོན་སྐྱེད་ལས་སྣོན་དང་། ཕྱིར་འཚོང་། བཟའ་བཏུང་། སྤྲོ་གསེང་རོལ་རྩེད། ཞག་སྡོད་ཞབས་ཕྱི་སོགས་གཉེར་བའི་སྡེ་ཚན་དང་གནས་ཡུལ་གྱིས་ཐོན་སྐྱེད་གཉེར་སྐྱོང་གི་ཁྱད་ཆོས་ལ་གཞིགས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་གནས་སུ་སྤྱོད་པའི་མེ་དང་གློག སྣུམ། སོལ་རླངས་བཅས་དང་དེ་བཞིན་མཛོད་ཉར་དངོས་རྫས་ཀྱི་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། མེ་གསོད་བདེ་འཇགས་ཐབས་བཀོད་དོན་འཁྱོལ་དང་། དགོས་ངེས་ཀྱི་མེ་གསོད་སྒྲིག་ཆས་བཀོད་སྒྲིག ཁ་འགྲེམ་བགྲོད་ལམ་གེགས་མེད་ཡིན་པ་འགན་ལེན་བཅས་བྱེད་ཅིང་། རྒྱུན་ལྡན་གྱི་མེ་གསོད་བདེ་འཇགས་ལ་རང་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་མེད་པར་བཟོ་དགོས།
དོན་ཚན་རེ་གསུམ་པ། ཚོང་ལས་ཕྱོགས་བསྡུས་གཟུགས་ཆེ་གྲས་དང་། ཚོང་ར། སྤྱི་པའི་རོལ་རྩེད་གནས་ཡུལ། འཁྲབ་གཞུང་རོལ་རྩེད་གཉེར་སྐྱོང་བྱེད་གནས་བཅས་ཀྱི་ལས་གཉེར་མཇུག་སྒྲིལ་རྗེས། དགོས་ངེས་མིན་པའི་གློག་དང་སོལ་རླངས་སྤྱོད་པའི་སྒྲིག་ཆས་ཀྱི་གློག་སྒོ་བརྒྱག་དགོས་ལ། ཤུལ་ལུས་མེ་སོན་ལ་ཞིབ་བཤེར་བྱེད་པ་མ་ཟད་དེ་མེད་པར་བཟོ་དགོས།
དོན་ཚན་རེ་བཞི་བ། མི་ཚོགས་འདུ་གནས་སུ་མེ་སྤྱད་ནས་འོད་སྤྲོ་བ་དང་དྲོན་ལེན་པ་སོགས་བྱེད་མི་ཆོག གལ་ཏེ་དམིགས་བསལ་གྱི་གནས་ཚུལ་དབང་གིས་བཀོལ་སྤྱོད་བྱེད་དགོས་ཚེ་ཆེད་མིས་ལྟ་རྟོག་བྱ་དགོས། མགྲོན་ཁང་དང་། ཟ་ཁང་། སྨན་ཁང་། སློབ་གྲྭ་བཅས་ཀྱི་ཐབ་ཚང་གི་དུ་ལམ་ཉུང་མཐར་ཡང་དུས་ཚིགས་རེར་གཙང་འཁྲུད་ཐེངས་རེ་བྱ་དགོས།
སྤྱི་པའི་བཟོ་བཀོད་དུ་ལས་གཉེར་དང་བེད་སྤྱོད་བྱེད་སྐབས་ཕྱི་རོལ་གྱི་དྲོད་འཛིན་རྒྱུ་ཆ་དང་། གློག་ཤུགས་ཚ་ལ། ཆུ་འགོག་ཐག་གཅོད་སོགས་མེ་སྐྱོན་གྱི་ཉེན་ཁ་ཡོད་པའི་ཨར་ལས་བྱེད་མི་ཆོག
དོན་ཚན་རེ་ལྔ་བ། མི་ཚོགས་འདུ་གནས་སམ་ཡང་ན་སྡེ་ཚན་གཉིས་ཡན་གྱིས་མཉམ་དུ་སྤྱོད་པའི་བཟོ་བཀོད་ལ་ཕྱོགས་ཤས་ཀྱི་ཨར་ལས་བྱེད་པར་མེ་སྤྱོད་དགོས་ཚེ། མེ་སྤྱོད་པའི་སྡེ་ཁག་དང་མི་སྣས་ལམ་ལུགས་ཀྱི་གཏན་འབེབས་ལྟར་མེ་སྤྱོད་པའི་ཞིབ་མཆན་ འགྲོ་ལུགས་བསྒྲུབ་དགོས་ལ། ཨར་ལས་སྡེ་ཚན་དང་བེད་སྤྱོད་སྡེ་ཚན་གྱིས་མཉམ་དུ་ཐབས་བཀོད་སྤྱད་དེ་ཨར་ལས་ཁུལ་དང་བེད་སྤྱོད་དམ་ལས་གཉེར་ཁུལ་བར་མེ་འགོག་བར་མཚམས་གཅད་དགོས་ཤིང་། མེ་འགོག་བར་མཚམས་དབྱེ་བའི་ས་ཁོངས་སུ་ཚོད་འཛིན་ནན་མོ་བྱེད་པ་དང་། མེ་སྤྱོད་ཁུལ་གྱི་འབར་སླ་བ་དང་འབར་ཐུབ་པའི་དངོས་རྫས་གཙང་སེལ་བྱས་ནས་མེ་འགོག་ཡོ་བྱད་བཀོད་སྒྲིག་བྱེད་པ་དང་། ཡུལ་དངོས་སུ་ལྟ་སྐྱོང་དང་བདེ་འཇགས་ཐབས་བཀོད་དོན་འཁྱོལ་བྱས་ཏེ། མེ་སྐྱོན་དང་འབར་གས་ཀྱི་ཉེན་ཁ་མེད་པ་གཏན་འཁེལ་བྱས་རྗེས་ད་གཟོད་མེ་སྤྱོད་ལས་ཀ་སྒྲུབ་ཆོག་པ་མ་ཟད། བཟོ་བཀོད་ཀྱི་མེ་གསོད་སྒྲིག་བཀོད་ཀྱི་སྒོ་རྒྱག་མི་ཆོག
དོན་ཚན་རེ་དྲུག་པ། སྡོད་གནས་བཟོ་བཀོད་ལ་རྐུན་འགོག་དྲ་བ་སོགས་བྲོས་བྱོལ་དང་མེ་འཇོམས་སྐྱོབ་རོགས་ལ་གནོད་པའི་བཀག་དངོས་བཙུགས་ཡོད་ཚེ། འབྲོ་སའི་སྒེའུ་ཁུང་འཛུགས་དགོས་པ་དང་། ཁ་འགྲེམ་དང་བྲོལ་བྱོལ་གྱི་རམ་འདེགས་སྒྲིག་བཀོད་བཀོད་སྒྲིག་བྱེད་པར་སྐུལ་མ་གཏང་དགོས།
དོན་ཚན་རེ་བདུན་པ། བཟོ་བཀོད་ཀྱི་ཕྱི་རའི་གྱང་ངོས་སུ་སྤྱོད་པའི་གློག་ལྡན་བརྡ་ཁྱབ་བྱང་བུ་དང་གློག་སྒམ་གྱི་བདག་པོ་དང་དོ་དམ་པའམ་སྤྱོད་མཁན་གྱིས་དུས་བཅད་ལྟར་བརྡ་ཁྱབ་བྱང་བུ་དང་གློག་སྒམ་ལ་ཞིབ་བཤེར་བྱས་ནས་མེ་གསོད་བདེ་འཇགས་ཀྱི་བླང་བྱ་དོན་འཁྱོལ་བྱ་དགོས།
བཟོ་བཀོད་ཀྱི་ཕྱི་རའི་གྱང་ངོས་སུ་མཛེས་བཟོ་དང་མཛེས་སྤྲས་བྱེད་པ་དང་བརྡ་ཁྱབ་བྱང་བུའམ་གློག་སྒམ་སོགས་འཛུགས་པ། བཟོ་བཀོད་ཀྱི་ཁང་ངོས་བེད་སྤྱོད་བྱེད་པ་བཅས་ཀྱིས་མེ་འགོག་དང་བྲོས་བྱོལ། མེ་འཇོམས་སྐྱོབ་རོགས་བཅས་ལ་ཤུགས་རྐྱེན་བཟོ་མི་ཆོག
དོན་ཚན་རེ་བརྒྱད་པ། སྨན་ཁང་དང་ཚོང་ར། སློབ་གྲྭ། ལུས་རྩལ་ར་བ། སྤྱི་གླིང་སོགས་མི་ཚོགས་འདུ་གནས་དང་སྡོད་ཁང་གཞིས་ཁུལ་སོགས་སུ་རྒྱལ་ཁབ་དང་རང་ཞིང་གི་འབྲེལ་ཡོད་བླང་བྱ་ལྟར། གློག་སྒུལ་ལྕགས་རྟ་དང་གློག་སྒུལ་འཕྲུལ་རྟ་འཇོག་ས་འཛུགས་སྐྲུན་བྱ་དགོས་པ་དང་། དུས་བཅད་ལྟར་གློག་གསོག་པ་དང་། རང་འགུལ་གྱིས་གློག་གཅོད་པ། སྐྱོན་བྱུང་ཚེ་ཉེན་བརྡ་གཏོང་བ་སོགས་ཀྱི་བྱེད་ནུས་ལྡན་པའི་རིག་ནུས་གློག་གསོག་ཚོད་འཛིན་སྒྲིག་བཀོད་བཀོད་སྒྲིག་བྱ་དགོས། སྡེ་ཚན་གཞན་དག་གིས་དགོས་མཁོར་གཞིགས་ནས་གློག་སྒུལ་ལྕགས་རྟ་དང་གློག་སྒུལ་འཕྲུལ་རྟ་འཇོག་ས་འཛུགས་སྐྲུན་བྱས་ཏེ། རིག་ནུས་ཀྱི་གློག་གསོག་ཚོད་འཛིན་སྒྲིག་བཀོད་བཀོད་སྒྲིག་བྱེད་ཆོག
དོན་ཚན་རེ་དགུ་བ། གྲོང་ཁྱེར་གྱི་ཕྱོགས་བསྡུས་སྦུག་ཁྱམས་འཛུགས་སྐྲུན་སྡེ་ཚན་གྱིས་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་ལྟར་དུས་མཉམ་དུ་མེ་གསོད་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས། ཨར་ལས་སྡེ་ཚན་གྱིས་ཨར་ལས་བྱེད་སྐབས་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་བསྣན་དགོས་ཤིང་། སྲུང་སྐྱོང་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་ལྟར་མེ་གསོད་སྒྲིག་བཀོད་དང་ཡོ་བྱད་བཀོད་སྒྲིག་བྱེད་པ་མ་ཟད་དུས་བཅད་ལྟར་བརྟག་འཇལ་དང་སྲུང་སྐྱོང་བྱ་དགོས་ལ། སྦུག་ཁྱམས་ཀྱི་མེ་འགོག་བར་ཆོད་སོགས་མེ་གསོད་སྒྲིག་བཀོད་དང་ཡོ་བྱད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས།
དོན་ཚན་བདུན་ཅུ་བ། རྫས་བཟོ་ཁེ་ལས་དང་། ཚད་བརྒལ་མཐོ་གནོན་གློག་སྒྱུར་ས་ཚིགས། ཁྱད་མཐོ་མཐོ་གནོན་རྒྱུན་བརྗེ་ས་ཚིགས་བཅས་ཀྱིས་ཐོན་སྐྱེད་བཟོ་རྩལ་སྒྲིག་ཆས་བསྒྱུར་བཀོད་རིམ་སྤོར་དང་ཟུང་འབྲེལ་བྱས་ནས། མེ་གསོད་བདེ་འཇགས་ཀྱི་ཉེན་ཁའི་འབྱུང་ཁུངས་ལྟ་སྡོམ་ལ་ཤུགས་བསྣན་དགོས།
དོན་ཚན་དོན་གཅིག་པ། འགན་གཙང་ལེན་དང་བོགས་མར་གཏོང་ལེན་བྱེད་པའམ་ཡང་ན་གཉེར་སྐྱོང་དང་དོ་དམ་མངགས་བཅོལ་བྱེད་སྐབས། འགན་གཙང་སྤྲོད་མཁན་དང་བོགས་མར་གཏོང་མཁན་ནམ་ཡང་ན་མངགས་བཅོལ་མཁན་གྱིས་མེ་གསོད་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་བཟོ་བཀོད་དམ་གནས་ཡུལ་འདོན་སྤྲོད་བྱ་དགོས། དོ་བདག་གིས་བཞག་པའི་གན་རྒྱའི་ནང་འབྲེལ་ཡོད་གཏན་འབེབས་ལྟར་ཕྱོགས་སོ་སོའི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ངེས་གསལ་བྱ་དགོས་པ་མ་ཟད། འགན་ཁུར་པ་གཏན་འཁེལ་བྱས་ཏེ་སྤྱི་སྤྱོད་ཀྱི་ཁ་འགྲེམ་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། བཟོ་བཀོད་ཀྱི་མེ་གསོད་སྒྲིག་བཀོད། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་ལ་གཅིག་གྱུར་གྱིས་དོ་དམ་བྱ་དགོས།
འགན་གཙང་ལེན་པ་དང་བོགས་མར་ལེན་པའམ་ཡང་ན་གཉེར་སྐྱོང་དང་དོ་དམ་གྱི་མངགས་བཅོལ་དང་ལེན་བྱེད་མཁན་སྡེ་ཚན་གྱིས་བེད་སྤྱོད་དང་དོ་དམ་བྱེད་ཁོངས་སུ་མེ་གསོད་བདེ་འཇགས་ཀྱི་ལས་ཁུར་བསྒྲུབ་དགོས།
དོན་ཚན་དོན་གཉིས་པ། བཟོ་བཀོད་དངོས་པོ་གཅིག་ལ་དོ་དམ་མམ་བེད་སྤྱོད་བྱེད་མཁན་སྡེ་ཚན་གཉིས་ཡན་ཡོད་ན། མཉམ་དུ་དོ་དམ་དང་བེད་སྤྱོད་བྱེད་མཁན་ཕྱོགས་ཀྱིས་གྲོས་མོལ་བྱས་ཏེ་ཕྱོགས་སོ་སོའི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འཁེལ་བྱ་དགོས་པ་མ་ཟད། འགན་ཁུར་པ་གཏན་འཁེལ་བྱས་ཏེ་སྤྱི་སྤྱོད་ཁ་འགྲེམ་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། བཟོ་བཀོད་མེ་གསོད་སྒྲིག་བཀོད། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་གཅིག་གྱུར་གྱིས་སྲུང་སྐྱོང་དང་དོ་དམ་བྱ་དགོས་པ་དང་། ཁ་འགྲེམ་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་སོགས་བཟུང་སྤྱོད་དང་། འགོག་པ། བཀག་སྡོམ་བཅས་བྱེད་པའི་བྱ་སྤྱོད་དུས་ཐོག་ཏུ་བཞམས་འགོག་དང་བཀག་འགོག་བྱ་དགོས། བཞམས་འགོག་དང་བཀག་འགོག་བྱས་ཀྱང་ཕན་ཐོགས་མེད་ན། འཕྲལ་མར་མེ་གསོད་སྐྱོབ་རོགས་ལས་ཁུངས་དང་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།
དོན་ཚན་དོན་གསུམ་པ། སྤྱི་བྱིངས་ལ་སྒོ་ཕྱེ་བའི་མི་ཚོགས་འདུ་གནས་སུ་རི་མོ་སྦྱོར་བ་དང་། མེ་གསོད་དུས་དེབ་སྟེར་བ། བརྙན་གཏོང་བ། མེ་གསོད་རིག་གནས་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ་སྤྱི་བྱིངས་ལ་མེ་འགོག་དང་། མེ་གསོད། འཚུབ་ཟློག་བྲོས་བྱོལ་སོགས་ཀྱི་རྒྱུན་ཤེས་དྲིལ་སྒྲོག་བྱ་དགོས།
དོན་ཚན་དོན་བཞི་བ། སྡེ་ཚན་གྱི་མེ་གསོད་བདེ་འཇགས་འགན་ཁུར་པས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བསྟར་ནས་རིམ་པ་བཞིན་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འཁེལ་བྱེད་པ་དང་། མེ་གསོད་བདེ་འཇགས་ལམ་ལུགས་དང་མེ་གསོད་བདེ་འཇགས་འགན་སྲུང་བྱེད་པའི་བཀོལ་སྤྱོད་སྒྲིག་སྲོལ་ལག་ལེན་དུ་བསྟར་བར་ཆོག་མཆན་སྤྲད་དགོས།
(གཉིས)མེ་གསོད་བྱ་བ་དེ་སྡེ་ཚན་གྱི་ཐོན་སྐྱེད་དང་། ཚན་ཞིབ། གཉེར་སྐྱོང་། དོ་དམ་སོགས་ཀྱི་བྱེད་སྒོ་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། མེ་གསོད་བྱ་བའི་ལོ་འཁོར་འཆར་གཞི་ལག་བསྟར་བྱེད་པར་ཆོག་མཆན་འགོད་པ་མ་ཟད། དགོས་ངེས་ཀྱི་གྲོན་དངུལ་དང་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱ་དགོས།
(གསུམ)མེ་འགོག་ཞིབ་བཤེར་རྩ་འཛུགས་བྱས་ཏེ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་བྱེད་པར་སྐུལ་འདེད་དང་། མེ་གསོད་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།
(བཞི)མེ་གསོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆེད་བསྐོས་མེ་གསོད་རུ་ཁག་དང་། དང་བླངས་མེ་གསོད་རུ་ཁག་གམ་མེ་གསོད་ས་ཚིགས་ཕྲན་གྲས་འཛུགས་པ་དང་། སྡེ་ཚན་གྱི་དོན་དངོས་དང་མཐུན་པའི་མེ་གསོད་དང་འཚུབ་ཟློག་ཁ་འགྲེམ་སྔོན་ཇུས་གཏན་འབེབས་བྱེད་པ་མ་ཟད་འཁྲབ་སྦྱོང་ལག་བསྟར་བྱ་དགོས།
དོན་ཚན་དོན་ལྔ་བ། མེ་གསོད་བདེ་འཇགས་དོ་དམ་པས་སྡེ་ཚན་གྱི་མེ་གསོད་བདེ་འཇགས་འགན་ཁུར་པར་འགན་འཁུར་ཏེ། གཤམ་གསལ་གྱི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བ་ལག་བསྟར་དང་རྩ་འཛུགས་དོན་འཁྱོལ་བྱ་དགོས་ཏེ།
(གཅིག)མེ་གསོད་བྱ་བའི་ལོ་འཁོར་འཆར་གཞི་དང་། མ་དངུལ་གཏོང་འཇོག རྩ་འཛུགས་འགན་སྲུང་བཅས་ཀྱི་ཇུས་གཞི་འཆར་འགོད་བྱེད་པ་དང་། མེ་གསོད་བདེ་འཇགས་ལམ་ལུགས་དང་མེ་གསོད་བདེ་འཇགས་འགན་སྲུང་བྱེད་པའི་བཀོལ་སྤྱོད་སྒྲིག་སྲོལ་གཏན་འབེབས་བྱེད་པ་མ་ཟད། དོན་ཐོག་ཏུ་འཁྱོལ་བར་ཞིབ་བཤེར་དང་སྐུལ་འདེད་གཏང་དགོས།
(གཉིས)མེ་འགོག་སྐོར་ཞིབ་ཞིབ་བཤེར་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྒྱུར་བཅོས་བྱ་བ་རྩ་འཛུགས་བྱས་ཏེ། མེ་གསོད་སྒྲིག་བཀོད་དང་། མེ་གསོད་ཡོ་བྱད། མེ་གསོད་བདེ་འཇགས་མཚོན་རྟགས་བཅས་འཐུས་ཚང་ནུས་ལྡན་ཡིན་པ་དང་། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་གེགས་མེད་ཡིན་པ་ཁག་ཐེག་བྱ་དགོས།
(གསུམ)ཆེད་བསྐོས་མེ་གསོད་རུ་ཁག་དང་། དང་བླངས་མེ་གསོད་རུ་ཁག་གམ་མེ་གསོད་ས་ཚིགས་ཕྲན་གྲས་ཀྱི་དོ་དམ་དང་སྦྱོང་བརྡར་བྱ་བའི་འགན་འཁུར་དགོས། ལས་མི་རྩ་འཛུགས་བྱས་ནས་མེ་གསོད་བདེ་འཇགས་སློབ་གསོ་གསོ་སྦྱོང་བྱེད་པ་དང་། མེ་གསོད་དང་འཚུབ་ཟློག་ཁ་འགྲེམ་སྔོན་ཇུས་གཏན་འབེབས་བྱེད་པ་མ་ཟད་འཁྲབ་སྦྱོང་རྩ་འཛུགས་བྱ་དགོས།
(བཞི)སྡེ་ཚན་གྱི་མེ་གསོད་བདེ་འཇགས་འགན་ཁུར་པས་མངགས་བཅོལ་བྱས་པའི་མེ་གསོད་དོ་དམ་བྱ་བ་གཞན་དག་བཅས།
མེ་གསོད་བདེ་འཇགས་དོ་དམ་པས་དུས་བཅད་ལྟར་མེ་གསོད་བདེ་འཇགས་འགན་ཁུར་པར་མེ་གསོད་བདེ་འཇགས་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། མེ་གསོད་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེན་དུས་ཐོག་ཏུ་སྙན་སེང་ཞུ་དགོས། མེ་གསོད་བདེ་འཇགས་དོ་དམ་པ་གཏན་འཁེལ་བྱས་མེད་པའི་སྡེ་ཚན་ཡིན་ན། ནང་གསེས་དོན་ཚན་གོང་མར་གཏན་འབེབས་བྱས་པའི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བ་དེ་དག་མེ་གསོད་བདེ་འཇགས་འགན་ཁུར་པས་འགན་འཁུར་དགོས།
ལེའུ་ལྔ་བ། སྡེ(སྡོད)དམངས་ཁུལ་གྱི་འབྲེལ་ཡོད་བྱེད་པོའི་མེ་གསོད་བྱ་བའི་ལས་ཁུར་གྱི་སྐོར།
དོན་ཚན་དོན་དྲུག་པ། སྡེ(སྡོད་གནས)དམངས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་བདེ་འཇགས་ཀྱི་ཆེད་བསྐོས(གཅིག་ལྕོགས)དོ་དམ་མི་སྣ་གཏན་འཁེལ་བྱེད་པ་དང་། མེ་གསོད་བདེ་འཇགས་སྐོར་གྱི་སྤྱི་ཆིངས་བཟོ་བར་རྩ་འཛུགས་བྱ་ དགོས།
(གཉིས)དགོས་མཁོར་གཞིགས་ནས་དང་བླངས་མེ་གསོད་རུ་ཁག་དང་མེ་གསོད་ས་ཚིགས་ཕྲན་གྲས་སོགས་སྣ་མང་གི་མེ་གསོད་རྩ་འཛུགས་བཙུགས་ནས། མང་ཚོགས་རང་བཞིན་གྱི་རང་འགོག་རང་སྐྱོབ་བྱ་བ་སྤེལ་དགོས།
(གསུམ)མེ་འགོག་བདེ་འཇགས་ཞིབ་བཤེར་བྱས་ཏེ། མེ་གསོད་སྐོར་གྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་དུས་ཐོག་ཏུ་བཞམས་འགོག་དང་བཀག་འགོག་བྱ་དགོས།
(བཞི)སྡེ་ཁུལ་གྱི་དྲིལ་སྒྲོག་ཡིག་སྒྲོམ་དང་ཞིང་སྡེའི་རྒྱང་བསྒྲགས་སོགས་སྤྱད་དེ། རྒྱུན་ལྡན་རང་བཞིན་གྱི་མེ་གསོད་བདེ་འཇགས་དྲན་སྐུལ་དང་མེ་གསོད་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱ་དགོས།
དོན་ཚན་དོན་བདུན་པ། སྡོད་དམངས་སྡོད་ཁང་ཁུལ་གྱི་མེ་གསོད་བདེ་འཇགས་འགན་ཁུར་གཤམ་གསལ་གྱི་བྱེད་ཐབས་ལྟར་བསྒྲུབ་དགོས་ཏེ།
(གཅིག)གཞིས་ལས་ཞབས་ཕྱིའི་ཁེ་ལས་ལ་མངགས་བཅོལ་བྱས་ནས་གཞིས་ལས་དོ་དམ་བྱེད་པའི་གཞིས་ཁུལ་ཡིན་ན། གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱིས་གཞིས་ལས་ཞབས་ཕྱིའི་གན་རྒྱའི་ཁ་ཆད་ལྟར་མེ་གསོད་བདེ་འཇགས་དོ་དམ་གྱི་འགན་ཁུར་བསྒྲུབ་དགོས།
(གཉིས)ཁང་བདག་རང་གིས་གཞིས་ལས་དོ་དམ་བྱེད་པའི་གཞིས་ཁུལ་ཡིན་ན། ཁང་བདག་གིས་མེ་གསོད་བདེ་འཇགས་དོ་དམ་གྱི་འགན་ཁུར་བསྒྲུབ་དགོས།
(གསུམ)གཞིས་ལས་དོ་དམ་བྱེད་པོ་གསལ་བོ་མེད་པའི་གཞིས་ཁུལ་ཡིན་ན། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ཁང་བདག་དང་བེད་སྤྱོད་མཁན་རྩ་འཛུགས་བྱས་ནས་མེ་འགོག་གྲོས་ཆིངས་བཞག་ནས་མེ་གསོད་བདེ་འཇགས་དོ་དམ་གྱི་འགན་ཁུར་ངེས་གསལ་བཟོ་བ་དང་། མེ་གསོད་སྒྲིག་བཀོད་དང་། ཡོ་བྱད། ཁ་འགྲེམས་བགྲོད་ལམ། བདེ་འཇགས་ཐོན་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་ལ་སྲུང་སྐྱོང་དོ་དམ་བྱ་དགོས།
དོན་ཚན་དོན་བརྒྱད་པ། ཁང་བདག་དང་གཞིས་ལས་བེད་སྤྱོད་མཁན་གྱིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་དང་། གནས་སྐབས་ཀྱི་དོ་དམ་གྲོས་དན་དང་དོ་དམ་གྲོས་དན་ནང་ཁ་ཆད་བཞག་པའི་མེ་གསོད་བདེ་འཇགས་དོན་ཚན་ལ་བརྩི་སྲུང་བྱེད་པ་དང་། ཁང་བདག་ཚོགས་པ་དང་ཁང་བདག་ཚོགས་པས་དབང་སྤྲད་པའི་ཁང་བདག་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་མེ་གསོད་བདེ་འཇགས་དོ་དམ་གྱི་བྱ་བའི་སྐོར་གྱི་ཆོད་དོན་ལག་བསྟར་བྱ་དགོས།
(གཉིས)གཞིས་ལས་ཞབས་ཕྱིའི་ཁེ་ལས་ལ་རམ་འདེགས་བྱས་ནས་སྡོད་ཁང་གཞིས་ལས་ཀྱི་མེ་གསོད་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་དགོས།
(གསུམ)གཏན་འབེབས་ལྟར་མེ་གསོད་སྒྲིག་བཀོད་ཉམས་གསོ་དང་། གསར་སྒྱུར། ཁ་སྣོན་བཅས་བྱེད་པའི་འབྲེལ་ཡོད་འགྲོ་གྲོན་འཁུར་དགོས།
(བཞི)རང་སྤྱོད་ཁང་བ་དང་། རང་སྤྱོད་སྒྲིག་ཆས། གནས་ས་བཅས་ཀྱི་མེ་འགོག་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ལེབ་བཤེར་དང་སྒྱུར་བཅོས་བྱ་དགོས།
དོན་ཚན་དོན་དགུ་བ། ཁང་བདག་ཚོགས་པ་དང་ཁང་བདག་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)ཁང་བདག་དང་གཞིས་ལས་སྤྱོད་མཁན་གྱིས་མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་རྩ་འཛུགས་དང་སྐུལ་འདེད་གཏོང་བ་དང་། གནས་སྐབས་དོ་དམ་གྲོས་དན་དང་དོ་དམ་གྲོས་དན་ནང་ཁ་ཆད་བཞག་པའི་མེ་གསོད་བདེ་འཇགས་དོན་ཚན་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས།
(གཉིས)སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་དང་ཕན་ཚུན་མཉམ་ལས་བྱས་ཏེ་སྡོད་ཁང་གཞིས་ལས་ཀྱི་མེ་གསོད་བདེ་འཇགས་བྱ་བ་ཐུན་མོང་ཐོག་ལེགས་པོར་བསྒྲུབ་དགོས།
(གསུམ)སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་མེ་གསོད་བདེ་འཇགས་རང་སྐྱོང་དོ་དམ་གྱི་ལས་ཁུར་སྒྲུབ་པར་རམ་འདེགས་དང་། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་མེ་གསོད་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་མ་ཟད། དེའི་མཛུབ་སྟོན་དང་ལྟ་སྐུལ་དང་ལེན་བྱ་དགོས།
(བཞི)གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱིས་མེ་གསོད་བདེ་འཇགས་འགོག་ཟོན་ཞབས་ཕྱིའི་བྱ་བ་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་དགོས།
(ལྔ)མེ་གསོད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། མེ་གསོད་ལག་རྩལ་ཚད་གཞི། ཆེད་དམིགས་ཉམས་གསོའི་མ་དངུལ་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལ་གཞིགས་ནས། གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱི་རེ་ཞུ་ལྟར་གོ་རིམ་བཞིན་ཆེད་དོན་ཉམས་གསོའི་མ་དངུལ་བེད་སྤྱོད་པའི་ཆོག་མཆན་སྤྲད་ནས་མེ་གསོད་སྒྲིག་བཀོད་ཉམས་གསོ་དང་གསར་སྒྱུར་བྱ་དགོས།
དོན་ཚན་བརྒྱད་ཅུ་བ། གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱིས་གན་རྒྱའི་ཁ་ཆད་ལྟར་མེ་གསོད་བདེ་འཇགས་འགོག་ཟོན་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། གཞིས་ལས་དོ་དམ་ས་ཁོངས་ནང་གཤམ་གསལ་གྱི་ལས་ཁུར་བསྒྲུབ་དགོས་ཏེ།
(གཅིག)རིམ་ལྡན་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་དང་ལས་གནས་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། རིམ་པ་སོ་སོ་དང་ལས་གནས་སོ་སོའི་མེ་གསོད་བདེ་འཇགས་འགན་ཁུར་མི་སྣ་གཏན་འཁེལ་བྱེད་པ། དོ་དམ་ས་ཁོངས་ཀྱི་མེ་གསོད་བདེ་འཇགས་ལམ་ལུགས་དང་བཀོལ་སྤྱོད་སྒྲིག་སྲོལ་གཏན་འབེབས་དང་དོན་འཁྱོལ་བྱས་ནས། གནས་ཚུལ་དངོས་ལ་གཞིགས་ནས་དང་བླངས་མེ་གསོད་དཔུང་སྡེ་གཟུག་དགོས།
(གཉིས)མེ་གསོད་སྐྱོབ་རོགས་ལས་ཁུངས་དང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་ལ་རམ་འདེགས་བྱས་ནས་མེ་གསོད་བྱ་བ་སྤེལ་དགོས།
(གསུམ)གཞིས་ལས་ཞབས་ཕྱིའི་ཁེ་ལས་ཀྱི་ལས་མིར་མེ་གསོད་བདེ་འཇགས་གསོ་སྦྱོང་རྩ་འཛུགས་དང་། མེ་གསོད་བདེ་འཇགས་དྲིལ་སྒྲོག་སློབ་གསོ་སྤེལ་བ། ཁང་བདག་དང་གཞིས་ལས་སྤྱོད་མཁན་གྱིས་མེ་གསོད་བདེ་འཇགས་དོ་དམ་གྱི་གཏན་འབེབས་བརྩི་སྲུང་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་དགོས།
(བཞི)མེ་འགོག་སྐོར་ཞིབ་དང་ཞིབ་བཤེར་བྱས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་གེགས་མེད་ཡིན་པ་འགན་སྲུང་བྱེད་པ་དང་། མེ་གསོད་རླངས་འཁོར་གྱི་ལས་སྒྲུབ་བྱ་ཡུལ་བཟུང་སྤྱོད་མི་བྱེད་པའི་འགན་སྲུང་བྱ་དགོས།
(ལྔ)དོ་དམ་ས་ཁོངས་ནང་གི་མཉམ་སྤྱོད་མེ་གསོད་སྒྲིག་བཀོད་དང་། ཡོ་བྱད། མེ་གསོད་བདེ་འཇགས་མཚོན་རྟགས་བཅས་ལ་སྲུང་སྐྱོང་དོ་དམ་བྱས་ཏེ་སྐྱོན་མེད་ནུས་ལྡན་ཡིན་པ་ཁག་ཐེག་བྱ་དགོས།
(དྲུག)མེ་གསོད་དང་འཚུབ་ཟློག་ཁ་འགྲེམ་གྱི་སྔོན་ཇུས་གཏན་འབེབས་བྱས་ཏེ་དུས་བཅད་ལྟར་འཁྲབ་སྦྱོང་བྱ་དགོས།
(བདུན)མེ་གསོད་ཚོད་འཛིན་ཁང་གི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ། མེ་སྐྱོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། ཧུར་ཐག་གིས་མེ་གསོད་བྱ་བ་རྩ་འཛུགས་བྱེད་པ་མ་ཟད། མེ་སྐྱོན་ཡུལ་དངོས་ལ་སྲུང་སྐྱོབ་བྱས་ནས་མེ་སྐྱོན་དོན་རྐྱེན་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱ་དགོས།
ལེའུ་དྲུག་པ། འགན་ཁུར་དོན་འཁྱོལ་གྱི་སྐོར།
དོན་ཚན་གྱ་གཅིག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་བྱ་བའི་སྡེ་ཁག་གིས་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་འཛུགས་པའི་བླང་བྱ་ལྟར། མེ་གསོད་བྱ་བའི་འགན་ཁུར་བྱེད་པོ་དང་། འགན་ཁུར་ཁྱབ་ཁོངས། དམིགས་འབེན་ལས་འགན། བྱ་བའི་ཐབས་བཀོད། བྱ་དགའ་ཆད་གཅོད་བྱེད་ཐབས་སོགས་ཀྱི་ནང་དོན་ངེས་གསལ་བཟོ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁོངས་གཏོགས་སྡེ་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་གི་ལོ་འཁོར་གྱི་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར། དཔྱད་ཞིབ་བཅས་བྱས་ནས། བྱས་འབྲས་དེ་ཁོངས་གཏོགས་སྡེ་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་གི་ལོ་འཁོར་གྱི་བྱ་བའི་དཔྱད་ཞིབ་ནང་དོན་ནང་འཇོག་པ་དང་། ཁོངས་གཏོགས་སྡེ་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་དང་དེའི་གཙོ་འགན་འཁུར་མཁན། འགན་འཁུར་མཁན་གཞན་དག་བཅས་ཕྱོགས་བསྡུས་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ། བྱ་བ་འབུར་ཐོན་བསྒྲུབ་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྟེར་དགོས།
རིམ་པ་སོ་སོའི་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་རང་ལས་རིགས་དང་རང་མ་ལག་གི་སྡེ་ཚན་གྱི་མེ་གསོད་བདེ་འཇགས་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་དགོས་པ་མ་ཟད། ཞིབ་བཤེར་བྱས་འབྲས་དེ་སྔོན་ལ་དཔྱད་འདེམས་དང་ལེགས་པར་དཔྱད་འདེམས་བྱེད་པའི་གཞི་འཛིན་སར་བརྩི་དགོས།
དོན་ཚན་གྱ་གཉིས་པ། རིམ་པ་སོ་སོའི་མེ་གསོད་བདེ་འཇགས་དོན་གྲོས་མཐུན་སྦྱོར་ལས་ཁུངས་ཀྱིས་རང་སྲིད་འཛིན་ཁུལ་གྱི་མེ་གསོད་བྱ་བ་རྩ་འཛུགས་དང་། མཐུན་སྦྱོར། མཛུབ་སྟོན་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། ཁོངས་མིའི་སྡེ་ཚན་གྱི་མེ་གསོད་བྱ་བ་མཐུན་སྦྱོར་མཉམ་ལས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་བཙུགས་ནས། དུས་བཅད་ལྟར་ཁོངས་མིའི་སྡེ་ཚན་གྱི་ཚོགས་འདུ་རྩ་འཛུགས་བྱས་ཏེ་ མེ་གསོད་བདེ་འཇགས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་དཔྱད་བསྡུར་བྱེད་པ་དང་། མེ་གསོད་བྱ་བ་སྤེལ་བར་མཐུན་སྦྱོར་དང་མཛུབ་སྟོན་བྱས་ནས། མེ་གསོད་བདེ་འཇགས་ཀྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས།
དོན་ཚན་གྱ་གསུམ་པ། འབྲེལ་ཡོད་སྡེ་ཁག་སོ་སོས་སྡེ་ཚན་གྱི་མེ་གསོད་བདེ་འཇགས་ཡིད་རྟོན་ཟིན་ཐོ་བཟོས་ནས། དེ་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་བཅུག་སྟེ་ཡིད་རྟོན་གདེང་འཇོག་དང་། ལས་གཞི་ལ་ཞིབ་མཆན་འགོད་པ། ས་སྤྱོད་བཤེར་མཆན། དངུལ་རྩའི་རོགས་སྐྱོར། ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་ལ་སོགས་པའི་ཐད་ཀྱི་དཔྱད་གཞིའི་གཞི་འཛིན་སར་བྱ་དགོས།
དོན་ཚན་གྱ་བཞི་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལས་ཁུར་མི་བསྒྲུབ་པ་དང་། མེ་གསོད་བདེ་འཇགས་སྲིད་འཛིན་བཤེར་མཆན་དང་སྤྱི་པའི་མེ་གསོད་སྒྲིག་བཀོད་འཛུགས་སྐྲུན། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་སྒྱུར་བཅོས། མེ་གསོད་སྟོབས་ཤུགས་འཕེལ་རྒྱས་གཏོང་བ་སོགས་དང་འབྲེལ་བའི་བྱ་བར་ཤུགས་མི་རྒྱག་པ་དང་འགན་ཤོར་ལས་འཛོལ་བྱུང་ན། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་མི་སྣའི་འགན་ཁུར་རྩད་གཅོད་བྱ་དགོས། བྱས་ཉེས་སུ་གྲུབ་ན། སྲིད་འཛིན་ལས་ཁུངས་ལ་བསྐྱལ་ནས་ཐག་གཅོད་དུ་འཇུག་དགོས།
མེ་གསོད་བདེ་འཇགས་ཀྱི་འགན་ཁུར་དོན་འཁྱོལ་མ་བྱས་པའི་དབང་གིས་སྤྱིར་བཏང་མེ་སྐྱོན་དང་དེའི་ཡན་གྱི་མེ་སྐྱོན་གྱི་དོན་རྐྱེན་བྱུང་ཚེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྡེ་ཚན་གྱི་ཐད་ཀའི་འགན་འཁུར་པ་དང་། ཁྲིམས་བཀོད་འཐུབ་ཚབ་པ། གཙོ་འགན་འཁུར་མཁན་ནམ་དོན་དངོས་ཀྱི་ཚོད་འཛིན་པའི་འགན་ཁུར་རྩད་གཅོད་བྱེད་པ་དང་། ལས་ཁུར་བསྒྲུབ་པར་ཤུགས་མི་རྒྱག་པ་དང་འགན་ཤོར་ལས་འཛོལ་བྱུང་བའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མཁན་དང་ལས་བྱེད་མི་སྣར་འགན་ཁུར་རྩད་གཅོད་བྱ་དགོས། བྱས་ཉེས་སུ་གྲུབ་ན། ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་ནས་ཐག་གཅོད་དུ་འཇུག་དགོས།
མི་སྣ་ཤི་བའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་སྤྱིར་བཏང་གི་མེ་སྐྱོན་དོན་རྐྱེན་བྱུང་ཚེ། དོན་རྐྱེན་བྱུང་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་བརྟག་དཔྱད་དང་ཐག་གཅོད་བྱ་དགོས། མེ་སྐྱོན་དོན་རྐྱེན་ཅུང་ཚབས་ཆེན་བྱུང་ཚེ། དོན་རྐྱེན་བྱུང་བའི་ས་ཁུལ་དང་གྲོང་ཁྱེར (ཁུལ)མི་དམངས་སྲིད་གཞུང་ངམ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་ལ་དབང་ཆ་བསྕལ་ནས་བརྟག་དཔྱད་དང་ཐག་གཅོད་རྩ་འཛུགས་བྱེད་འགན་འཁུར་དུ་འཇུག་དགོས།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
དོན་ཚན་གྱ་ལྔ་བ། གཏན་འཁེལ་གྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཡུལ་ཡོད་པའི་ཁེར་གཉེར་བཟོ་ཚོང་དུད་ཚང་གིས་བྱེད་ཐབས་འདི་གཞིར་བཟུང་ནས་སྡེ་ཚན་གྱི་མེ་གསོད་བདེ་འཇགས་ལས་ཁུར་བསྒྲུབ་དགོས།
དོན་ཚན་གྱ་དྲུག་པ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཐབས་བཀོད་ཞིབ་ཕྲ་གཏན་འབེབས་བྱེད་ཆོག
དོན་ཚན་གྱ་བདུན་པ། གཏན་འབེབས་འདི2026ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས་པ་དང་། 2019ལོའི་ཟླ8པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་བདེ་འཇགས་ཀྱི་འགན་ཁུར་གཏན་འབེབས》(མཚོ་སྲིད〔2019〕ཨང57པ)དེ་དུས་མཚུངས་སུ་མེད་པར་བཟོ་དགོས།།
◎འབྲུག་བྱམས་ཚེ་རིང་དང་མགོན་པོ་འཚོས་བསྒྱུར།
འབྲུག་བྱམས་ཚེ་རིང་གིས་ཞུས།