གཏེར་ལེན་ཁ་གྲོང་ཁྱེར་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས། སློབ་གསོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། 《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་བའི་བྱེད་ཐབས》སོགས་ཀྱི་གཏན་འབེབས་གཞིར་བཟུང་ནས། གཏེར་ལེན་ཁ་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་མཐོ་རིམ་སློབ་འབྲིང་གི་སྒྲིག་ཁོངས་ཕྱིའི་དགེ་རྒན38བསྡུ་རྒྱུ་ཡིན་ཞིང་། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།
གཅིག ལས་བསྡུའི་ལས་གནས།

གཉིས། ལས་བསྡུའི་ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ་དང་། རྩ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་ཅིང་། སྤྱོད་ཚུལ་ཡག་དགོས།
2. སྦྱངས་པའི་ཆེད་ལས་དང་མིང་ཐོ་འགོད་པའི་རིག་ཚན་གཅིག་མཚུངས་སམ་འདྲ་མཚུངས་ཡིན་པ་མ་ཟད། དེ་མཚུངས་ཀྱི་རིག་ཚན་དགེ་རྒན་གྱི་ཐོབ་ཐང་ལག་རྟགས་ཡོད་པ། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། ལོ་གཉིས་ཡན་གྱི་མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་ཉམས་མྱོང་དང་འབྲིང་རིམ་ཡན་གྱི་དགེ་རྒན་འཛིན་ཡིག་གི་ཐོབ་ཐང་ཡོད་པ་དག་ལ་དམིགས་བསལ་ཡོད།
(གསུམ།)ལོ་ཚོད་ཀྱི་ཆ་རྐྱེན།
ལོ18ཡན་ནས(2008ལོའི་ཟླ4པའི་ཚེས15ཉིན་གྱི་སྔོན་ལ་སྐྱེས་པ།)ལོ48དང་དེའི་མན(1978ལོའི་ཟླ4པའི་ཚེས16ཉིན་གྱི་རྗེས་སུ་སྐྱེས་པ།)ཡིན་དགོས།
བཞི། ལས་བསྡུའི་གོ་རིམ།
དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཁ་རྒྱུགས་ལེན་པ། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཡོངས་བསྒྲགས་བཅས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།
(ལྔ།)མིང་ཐོ་འགོད་པ་དང་འབྲེལ་ཡོད་དོན་ཚན།
1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད11:00ནས2026ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད17:00བར་རེད།
2.དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད11:00ནས2026ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད18:00བར་རེད།
3.དྲ་ཐོག་ནས་གྲོན་དངུལ་འཇལ་བའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད11:00ནས2026ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད19:00བར་རེད།
4.མིང་ཐོ་འགོད་སྟངས། མིང་ཐོ་འགོད་མཁན་གྱིས་དྲ་ཐོག་ཏུ་མིང་ཐོ་འགོད་པའི་མ་ལག་https://zk.xnrczpw.com/nindex/? ecode=dlhszpཐོ་འགོད་བྱས་ཏེ་མིང་ཐོ་འགོད་དགོས།
5.ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས། ཡིག་རྒྱུགས་ལེན་པའི་ཞིབ་ཕྲའི་དུས་ཚོད་དང་ས་གནས་དག་རྒྱུགས་སྤྲོད་འཛིན་ཡིག་གཞིར་འཛིན་དགོས།
(དྲུག) གླ་ཕོགས་དང་ཕན་བདེ།
1.གླ་ཕོགས་ཀྱི་ཚད་གཞི། གཞི་རྩའི་གླ་ཕོགས5500+སློབ་རིམ+ལས་ཞུགས་ལོ་ཚོད+གོ་མིང་གླ་ཕོགས་བཅས་ཡོད་པ་མ་ཟད། སྤྱི་ཚོགས་འགན་བཅོལ་ཡང་ཡོད། སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་མཉམ་གཅིག་ཏུ་དབྱར་དགུན་གནང་དང་། གསོ་སྦྱོང་། ཕུལ་བྱུང་དཔྱད་བསྡུར་དང་སྔོན་ཐོན་དཔྱད་བསྡུར་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག།
2.སློབ་གཉེར་བརྒྱུད་རིམ་དང་ལས་ཞུགས་ལོ་ཚོད། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་མཁན་ལ་རྨང་གཞིའི་གླ་ཕོགས་ཐོག་ཟླ་རེར་སྒོར1000རེ་སྣོན་རྒྱུ་དང་། ལས་ཞུགས་ལོ་ཚད་ཀྱི་གླ་ཕོགས་དེ《གཏེར་ལེན་ཁ་གྲོང་ཁྱེར་གྱི2026ལོའི་མཐོ་རིམ་སློབ་འབྲིང་གི་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བྱ་བའི་ཇུས་གཞ》ཡི་འབྲེལ་ཡོད་གཏན་འབེབས་ལྟར་དཔྱད་ཞིབ་ཀྱི་ཚད་ལོན་རྗེས་ལོ་རེར་རྩེག་སྣོན་བྱ་རྒྱུ་རེད།
བདུན། བློ་འདྲིའི་ཁ་པར་ཨང་གྲངས་དང་ས་གནས།
1.མིང་ཐོ་འགོད་པའི་དོན་དག་བློ་འདྲིའི་ཁ་པར།
དགེ་རྒན་ཧྲི་ལགས། 19997487755
དགེ་རྒན་ཝང་ལགས། 18509717646
2. ལྟ་སྐུལ་ཁ་པར།
གཏེར་ལེན་ཁ་གྲོང་ཁྱེར་སློབ་གསོ་ཅུའུ། 0977—8219102
གཏེར་ལེན་ཁ་གྲོང་ཁྱེར་སློབ་གསོ་ཅུའུ།
2026ལོའི་ཟླ4པའི་ཚེས15ཉིན།