2026ལོའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་(བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོ)གི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

《2026ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་བྱ་བའི་ཇུས་གཞི》(མཚོ་སྔོན་སྲིད་དོན་གཞུང་དོན་ཁང་གི་ཡིག་ཆ(2026)ཨང་དང་པོ)གཞིར་བཟུང་སྟེ། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་2026ལོའི་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོ)གི་དགེ་རྒན་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར། 

གཅིག    བསྡུ་བྱའི་ལས་གནས་དང་ཁྱབ་ཁོངས།

2026ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་གནས་ཁྱོན600བསྡུ་རྒྱུའི་འཆར་གཞི་དང་ཆ་རྐྱེན《མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས2026ལོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་འཆར་གཞིའི་རེའུ་མིག》ལས་གསལ།

གཉིས། ལས་བསྡུའི་གོ་རིམ།

ཐེངས་འདིའི་ལས་བསྡུ་དེ་དྲ་ཐོག་ཏུ་ལས་བསྡུའི་བརྡ་སྦྱོར་ཁྱབ་སྒྲོག་དང་། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས་ལེན་པ། གཟུགས་པོར་བརྟག་དཔྱད (ཆབ་སྲིད་ཞིབ་བཤེར)། སྤྱི་བསྒྲགས། ལས་བསྡུའི་འགྲོ་ལུགས་སྒྲུབ་པ་སོགས་ཀྱི་གོ་རིམ་བཞིན་བསྡུ་རྒྱུ་རེད།

གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད།

ཐེངས་འདིའི་ལས་བསྡུའི་མིང་ཐོ་འགོད་པའི་ལས་དོན་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་གྲོན་དངུལ་སྤྲོད་པ། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བཅས་བྱེད་དགོས་པ་རེད། མིང་ཐོ་འགོད་མཁན་གྱིས་མཚོ་སྔོན་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་དྲ་བ(https://www.qhjyks.com)སྟེང་མིང་ཐོ་དགོད་དགོས།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ3པའི་ཚེས31ཉིན་གྱི་ཆུ་ཚོད18བར་རེད།

དྲ་ཐོག་ནས་ཆ་འཕྲིན་བཟོ་བཅོས་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད12བར་རེད།

དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད18བར་རེད། 

དྲ་ཐོག་ནས་གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2026ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད23དང་སྐར་མ30བར་རེད།

དྲ་ཐོག་ནས་སྙོམས་སྒྲིག་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཆུ་ཚོད17བར་རེད། 

རྒྱུགས་སྤྲོད་འཛིན་ཡིག་དཔར་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས18ཉིན་བར་རེད།

བཞི། ཡིག་རྒྱུགས་ལེན་པའི་དུས་ཚོད།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས18ཉིན(གཟའ་སྤེན་པ)ཡིན་པ་དང་། ཡིག་རྒྱུགས་ཀྱི་ཞིབ་ཕྲའི་དུས་ཚོད་དང་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

བློ་འདྲིའི་ཁ་པར།(ལས་ཚོགས་ཉིན་གྱི་སྔ་དྲོའི་ཆུ་ཚོད9:00-12:00བར་དང་། ཕྱི་དྲོའི་ཆུ་ཚོད14:30-17:30བར།)

ལས་གནས་དང་སྲིད་ཇུས་བློ་འདྲིའི་ཁ་པར། ལས་བསྡུའི་འཆར་གཞིའི་རེའུ་མིག་གི་མི་སྤྱོད་ལས་ཁུངས་སོ་སོའི་འབྲེལ་གཏུག་བྱེད་ས།(འཆར་གཞིའི་རེའུ་མིག་ནང་གི་འབྲེལ་ཡོད་དོན་ཚན། དཔེར་ན། ལས་བསྡུའི་ཁྱབ་ཁོངས་དང་། སློབ་རིམ། ཆེད་ལས། ཐོབ་ཐང་ཆ་རྐྱེན་སོགས་འབྲེལ་ཡོད་ནང་དོན་ཐད་ཀར་མི་སྤྱོད་ལས་ཁུངས་ལ་བློ་འདྲི་གནང་རོགས།) 

ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་མི་དོན་ཁོའོ། 0971-4393999

མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ་མི་དོན་ཁོའོ།0972-8611713

མཚོ་ནུབ་ཁུལ་སློབ་གསོ་ཅུའུ་རྨང་གཞིའི་སློབ་གསོ་ཁོའོ།0977-8299805

མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་སློབ་གསོ་ཁོའོ།0974-8510523

མཚོ་བྱང་ཁུལ་སློབ་གསོ་ཅུའུ་ལྟ་སྐུལ་མཛུབ་ཁྲིད་ཁང་།0970-8642694

རྨ་ལྷོ་ཁུལ་སློབ་གསོ་ཅུའུ་དགེ་རྒན་ལས་དོན་ཁོའོ།0973-8726908

མགོ་ལོག་ཁུལ་སློབ་གསོ་ཅུའུ་མི་དོན་ཁོའོ། 0975-8383595

ཡུལ་ཤུལ་ཁུལ་སློབ་གསོ་ཅུའུ་མི་དོན་ཁོའོ། 0976-8826865

རྒྱུགས་དོན་བློ་འདྲིའི་ཁ་པར། ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་། 0971-6304309

མ་ལག་བློ་འདྲིའི་ཁ་པར། ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་ཁང་། 0971-6366344

ལས་བསྡུའི་ལྟ་སྐུལ་ཁ་པར། ཞིང་ཆེན་སློབ་གསོ་ཐིང་དགེ་རྒན་ལས་དོན་ཁྲུའུ། 0971-6310741

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་།

2026ལོའི་ཟླ3པའི་ཚེས25ཉིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།