2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིས་ལས་ཀ་བ་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རང་ཞིང་གི་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་དང་། གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་ཆད་གསབ་ལེགས་སྒྱུར། གྲོང་གསེབ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས། གསོ་རིག་ཆེད་ལས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཅས་གཏང་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་དབྱང་སྒྲིག་འཛུགས་གཞུང་ལས་ཁང་སོགས་པུའུ་ཨུད་ལྔའི་《སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་ལག་བསྟར་སྐོར་གྱི་བརྡ་ཐོ》(རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་ཡིག་ཆ[2023]ཨང་9པ་)དང་། 《སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་སྒྲིག་ཁོངས་འགན་སྲུང་ལས་དོན་མུ་མཐུད་དུ་ལེགས་སྒྲུབ་བྱ་བའི་སྐོར་གྱི་བརྡ་ཐོ》(ཀྲུང་དབྱང་སྒྲིག་འཛུགས་གཞུང་ལས་ཁང་གིས་ཁྱབ་སྒྲོག་བྱས་པའི་ཡིག་ཆ[2025]ཨང་107པ)། དེ་མིན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཞིང་ཨུད་སྒྲིག་འཛུགས་གཞུང་ལས་ཁང་སོགས་སྡེ་ཁག་ལྔའི《མཚོ་སྔོན་ཞིང་ཆེན་གྱི2025ལོའི་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་ལས་བསྡུའི་ལས་དོན་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན[2025]ཨང་79པ་)དང《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་ལས་ཁུངས་ལས་བྱེད་པ་བསྡུ་བའི་བྱེད་ཐབས》(མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིས་སྤེལ་བའི[2015]ཨང་80པ་)སོགས་ཀྱི་ཡིག་ཆའི་བླང་བྱ་ལྟར། ཞིང་ཨུད་སྒྲིག་འཛུགས་གཞུང་ལས་ཁང་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱི་མོས་མཐུན་ལྟར། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་ལས་བསྡུའི་ལས་དོན་སྒྲིག་འཛུགས་བྱས། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག བསྡུ་བྱའི་ལས་གནས།ཐེངས་འདིར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ48བསྡུ་རྒྱུ་ཡིན་ཞིང་། དེའི་ནང་མཚོ་ནུབ་ཁུལ་ལ་མི12དང་། མཚོ་ལྷོ་ཁུལ་ལ10། མཚོ་བྱང་ཁུལ་ལ2། ཡུལ་ཤུལ་ཁུལ་ལ19། མགོ་ལོག་ཁུལ་ལ5བཅས་བསྡུ་རྒྱུ་རེད།བསྡུ་བྱའི་ལས་གནས་ཞིབ་ཕྲ《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་ལས་བསྡུའི་འཆར་གཞིའི་རེའུ་མིག》ལ་གསལ།

གཉིས། ལས་བསྡུའི་ཁྱབ་ཁོངས།ཐེངས་འདིའི་ལས་བྱེད་པ་བསྡུ་བར་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཡོད།  གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད།ཐེངས་འདིའི་ལས་བསྡུའི་མིང་ཐོ་འགོད་སྐབས་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་གྲོན་དངུལ་སྤྲོད་པ་དང་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བྱེད་དགོས་པ་རེད། 

མིང་ཐོ་འགོད་པའི་དུས་ཚོད་ནི། 2025ལོའི་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད10ནས་ཟླ9པའི་ཚེས19ཉིན་གྱི་ཆུ་ཚོད17བར་དང་།ཆ་འཕྲིན་བཟོ་བཅོས་བྱེད་པའི་དུས་ཚོད་ནི། 2025ལོའི་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད10ནས་ཟླ9པའི་ཚེས20ཉིན་གྱི་ཆུ་ཚོད12བར་རེད།དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2025ལོའི་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད10ནས་ཟླ9པའི་ཚེས20ཉིན་གྱི་ཆུ་ཚོད17བར་རེད།དྲ་ཐོག་ནས་སྙོམས་སྒྲིག་བྱེད་པའི་དུས་ཚོད་ནི། 2025ལོའི་ཟླ9པའི་ཚེས21ཉིན་གྱི་ཆུ་ཚོད9ནས17བར་རེད།གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2025ལོའི་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད10ནས་ཟླ9པའི་ཚེས21ཉིན་གྱི་ཆུ་ཚོད23བར་རེད།བཞི། ཡིག་རྒྱུགས་ལེན་པའི་དུས་ཚོད།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2025ལོའི་ཟླ9པའི་ཟླ་མཇུག་ཏུ་གཏན་འཁེལ་བྱས་ཡོད་པ་དང་། རྒྱུགས་ལེན་གྱི་དུས་ཚོད་ཞིབ་ཕྲ་དང་ས་གནས་དེ་རྒྱུགས་ལེན་འཛིན་ཡིག་སྟེང་གི་ཡུལ་དུས་གཞིར་འཛིན་དགོས།

མཚོ་ནུབ་ཁུལ་གྱི་བློ་འདྲི་ཁ་པར།མཚོ་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0977-8226561དང་། 8220150གཏེར་ལེན་ཁ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0977-8219724མང་ནེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0977-8253300ཝུའུ་ལན་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0977-8247803

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར། མཚོ་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0977-8222670དང་། 8222484མཚོ་ལྷོ་ཁུལ་བློ་འདྲི་ཁ་པར།མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0974-8512966ཁྲི་ཀ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0974-8553184

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར་། 

མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 0974-8512275མཚོ་བྱང་ཁུལ་བློ་འདྲི་ཁ་པར།མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0970-8646933མདོ་ལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0970-8672325

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར།མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0970-8645258ཡུལ་ཤུལ་ཁུལ་བློ་འདྲི་ཁ་པར།ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0976-8821061ཁྲི་འདུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0976-7810900ཆུ་དམར་ལེབ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0976-8851123

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར།ཡུལ་ཤུལ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0976-8821061མགོ་ལོག་ཁུལ་གྱི་བློ་འདྲི་ཁ་པར།མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0975-8384892རྨ་སྟོད་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0975-8345042པད་མ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0975-8322026རྨ་ཆེན་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། 0975-8382639

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར།མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 0975-8381385ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།མི་དོན་ཁྲུའུ་ཡི་བློ་འདྲི་ཁ་པར། 0971-8201875གཞི་རིམ་འཕྲོད་བསྟེན་ཁྲུའུ་ཡི་བློ་འདྲི་ཁ་པར། 0971-8251254ལག་རྩལ་ཞབས་ཞུ་ཁ་པར། 0971-6233218དང་། 6264249སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁ་པར། 0971-8203650

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།2025ལོའི་ཟླ9པའི་ཚེས12ཉིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།