སྤྱི་བདེ་པུའུ་གཞུང་སྒྲུབ་ཐིང་དང་སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གི《2025ལོའི་སྤྱི་བདེ་སློབ་གྲྭས་སློབ་མ་བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ཀྱི་བརྡ་ཐོ》གཞིར་བཟུང་སྟེ། 2025ལོའི་སྤྱི་བདེ་སློབ་གླིང་གིས་སྤྱི་བདེ་ཆེད་ལས་ཀྱི་སློབ་མ་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།
སློབ་མ་བསྡུ་བའི་སློབ་གྲྭ་དང་འཆར་འགོད།
ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དང་ཀྲུང་གོ་མི་དམངས་ཉེན་རྟོག་སློབ་ཆེན། ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་། ཀྲེང་ཀྲོའུ་ཉེན་རྟོག་སློབ་གླིང་། ནན་ཅིང་ཉེན་རྟོག་སློབ་གླིང་། མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་བཅས་ཡིན། སློབ་བསྡུའི་འཆར་འགོད་དེ་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་ནས་པར་འགྲེམ་བྱས་པའི《2025ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཚོ་སྔོན་ནས་སློབ་མ་བསྡུ་བའི་འཆར་གཞི་དང་ཆེད་ལས་དཀར་ཆག》ཅེས་པ་གཞིར་འཛིན་རྒྱུ།
ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས།
2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས།
3.མེས་རྒྱལ་དང་མི་དམངས་ལ་དགའ་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་བ།
4.སྤྱི་བདེའི་བྱ་བ་བསྒྲུབ་པར་འདུན་པ་ཡོད་ཅིང་། མི་དམངས་སྤྱི་བདེའི་ལས་དོན་ལ་དགའ་བ།
5.ལོ16ནས22མན་ཡིན་དགོས། (2003.9.1—2009.8.31ཉིན་བར་གྱི་སྐྱེས་ལོ་ཡིན་དགོས།)
6.མཐོ་འབྲིང་གི་མཐར་ཕྱིན་འཛིན་ཡིག་དགོས།
7.གཟུགས་པོ་བདེ་ཐང་ཡིན་དགོས།
8.སྤྱི་བདེ་ཆེད་ལས་ལ་མིང་ཐོ་འགོད་པའི་སློབ་མ་ངེས་པར་དུ་མཚོ་སྔོན་ནས་མཐོ་རྒྱུགས་ལ་ཞུགས་པ་དང་མཚོ་སྔོན་གྱི་མཐོ་རྒྱུགས་སྐར་འབྲས་བླངས་པའི་སློབ་མ་ཡིན་དགོས།
ཆབ་སྲིད་རྟོག་ཞིབ་བྱེད་པའི་དུས་ཚོད།
ཟླ6པའི་ཚེས10ནས་ཟླ6པའི་ཚེས26ཉིན་བར།
ཆབ་སྲིད་རྟོག་ཞིབ་རེའུ་མིག་བསྐང་ནས་རེ་ཞུ་བྱེད་པའི་རིམ་པ།
1.སློབ་མས《སྤྱི་བདེ་སློབ་གྲྭའི་སྤྱི་བདེ་ཆེད་ལས་ཀྱི་སློབ་མ་བསྡུ་བའི་ཆབ་སྲིད་རྟོག་ཞིབ་རེའུ་མིག》གི་ཁ་བསྐང་ནས་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་མངག་གཏོང་ཁང་ནས་རེ་ཞུ་བརྒྱག་དགོས།
2.ས་གནས་ཀྱི་མངག་གཏོང་ཁང་གིས་ཆབ་སྲིད་རྟོག་ཞིབ་བྱ་བ་བསྒྲུབ་ནས་རྟོག་ཞིབ་མཇུག་འབྲས་དེ་རྗོང(གྲོང་ཁྱེར་དང་ཆུས།)སྤྱི་བདེ་ཅུའུ་སྲིད་ལས་སྡེ་ཁག་ལ་སྤྲད་ནས་དཔྱད་ཞིབ་བྱེད་དུ་འཇུག་དགོས།
3.རྟོག་ཞིབ་མཇུག་འབྲས“ཚད་མཐུན”ཡིན་པའི་སློབ་མར་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་སྤྱི་བདེ་ཅུའུ་སྲིད་ལས་སྡེ་ཁག་གིས“མི་རེར་ཡིག་ཚགས་རེ”བཟོས་ནས་སློབ་མའམ་ཁྱིམ་བདག་གིས་མིང་རྟགས་བཀོད་ནས་ལེན་དུ་འཇུག་དགོས། “ཚད་མཐུན”མིན་པའི་སློབ་མ་ཐེངས་འདིའི་སློབ་བསྡུའི་རྒྱུགས་ལ་ཞུགས་མི་ཆོག
ཁ་རྒྱུགས་ལེན་པའི་དུས་ཚོད།
ཟླ7པའི་ཚེས3ཉིན་གྱི་ཆུ་ཚོད8ནས18བར།
ས་གནས། མཚོ་སྔོན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་།
བློ་འདྲི་ཡུལ། ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ། 0971—8293636དང་ཡང་ན8293268ཡིན།
མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ།
2025ལོའི་ཟླ6པའི་ཚེས9ཉིན།