ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་ཆེད་བསྐོས་དགེ་རྒན124བསྡུ་བའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། དགེ་རྒན་དཔུང་ཁག་གི་གྲུབ་ཆ་ཇེ་ལེགས། དགེ་རྒན་དཀོན་པའི་གནོན་ཤུགས་ཇེ་ཆུང་།སྤྱི་ཕན་ཁྱབ་གདལ་གྱི་ཆུ་ཚད་ཇེ་མཐོར། གྲོང་ཁྱེར་ཡོངས་ཀྱི་སྔོན་འགྲོ་སློབ་གསོ་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བཅས་གཏོང་ཆེད།《མཚོ་ནུབ་ཁུལ་གྱི་སྔོན་འགྲོ་སློབ་གསོར་འགན་སྲུང་གི་ལས་གནས་ཆོག་འཐུས་གནང་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྲིད་གཞུང་གིས་སྔོན་འགྲོ་སློབ་གསོའི་སྒྲིག་ཁོངས་མིན་པ་ཉོ་སྒྲུབ་བྱས་པའི་ཆེད་གཉེར་དགེ་རྒན124ཡོངས་སྒྲོག་ངང་བསྡུ་རྒྱུའི་གཏན་འབེབས་བྱས། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་གནས་ཀྱི་དགོས་མཁོ།

གཉིས། ལས་བསྡུའི་གོ་རིམ།

“ཕྱི་གསལ་ནང་གསལ་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས། རང་མོས་བཅས་ཀྱི་རྩ་དོན་ལྟར། དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་བཤེར། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ཆབ་སྲིད་རྟོག་ཞིབ། ཁྱབ་སྒྲོག་དང་ལས་བསྡུའི་གོ་རིམ་བཅས་བརྒྱུད་དགོས།

གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།

1.མིང་ཐོ་འགོད་པའི་དུས་ཚོད་ནི་2025ལོའི་ཟླ6པའི་ཚེས3ཉིན་གྱི་ཆུ་ཚོད09:00ནས2025ལོའི་ཟླ6པའི་ཚེས14ཉིན་གྱི་ཆུ་ཚོད20:00བར་ཡིན།

2.ཞིབ་བཤེར་གྱི་དུས་ཚོད་ནི།  2025ལོའི་ཟླ6པའི་ཚེས3ཉིན་གྱི་ཆུ་ཚོད09:00ནས2025ལོའི་ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད18:00བར་ཡིན།

3.གྲོན་དངུལ་འཇལ་པའི་དུས་ཚོད་ནི།2025ལོའི་ཟླ6པའི་ཚེས3ཉིན་གྱི་ཆུ་ཚོད་09:00ནས2025ལོའི་ཟླ་6ཚེས16ཉིན་གྱི་ཆུ་ཚོད23:00བར་ཡིན།

བཞི། མིང་ཐོ་འགོད་སྟངས།

མིང་ཐོ་འགོད་མཁན་ཚོས་གློག་ཀླད་ཀྱི་སྣེ་ནས་དྲ་ཚིགས(//rcfzjt.pzhl.net/index.php)ནང་ཞུགས་ནས་མིང་ཐོ་འགོད་དགོས།

ལྔ། བློ་འདྲིའི་ཁ་པར་དང་ས་གནས།

(གཅིག)མིང་ཐོ་འགོད་པའི་ལས་ཁུངས། ཆིང་ཡུའེ་(青越)ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཤོག་ཚད་ཡོད་ཀུང་སི།

སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུ་ཤིན(富兴)ལམ2པའི་ནུས་ཁུངས་ཐོག་ཁང་ཆེན་མོའི(能源大厦)་བྱང་སྒོའི་ཐོག་བརྩེགས9པ།(ཆིང་ཡུའེ་སྡེ་ཤོག་ཤེས་ལྡན་པའི་རྒྱུགས་ལེན་ཞབས་ཞུ་ལྟེ་གནས།)ཡིན། ཁ་པར་ཨང་གྲངས་ནི། 0971-6337153 ཡིན།

(གཉིས) མི་སྤྱོད་ལས་ཁུངས་ནི། ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ་ཡིན་ལ། ཁ་པར་ཨང་གྲངས0979-8463677 ཡིན།

ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ2025ལོའི་ཟླ6པའི་ཚེས2ཉིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།