ཟླ5པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྡེ་ཁག་གིས་ཕུལ་བའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭའི་སྙན་ཞུ་ལ་ཉན་ནས། གནད་དོན་བཏོན་པ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁུངས་མིས་གནད་དོན་གྲལ་བཤེར་དང་དག་ཐེར་ལེགས་བཅོས་ཕྱོགས་ནས་རིམ་པ་བཞིན་གཏམ་བཤད་ཅིང་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁུངས་མིའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིན་གྱིས་ཚོགས་འདུར་མགོ་འཛིན་བྱས། དབྱང་ཧྥིན་ཁྲོན་དང་ཉི་མ་སྒྲོལ་མ། ཀྲུང་ཧེང་ཡོན། ཝང་ཅིན་ཀྲེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏེ་ཟུར་ཞུགས་བྱས།
ཚོགས་འདུས་བསྟན་དོན། སློབ་སྦྱོང་དང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྡེ་ཁག་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མཐོང་ཆེན་ནན་མོ་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་དུས་ཐོག་ཏུ་རྗེས་སྙེག་བྱས་ཤིང་། བྱ་བའི་ཆེད་དོན་འཛིན་གྲྭས་ནན་ཏན་གྱིས་འགན་ཁུར་བ་དང་ནན་ཏན་གྱིས་ཞིབ་འཇུག་དང་སློབ་སྦྱོང་བྱས་ཏེ་གནད་དོན་བཏོན་པ་དང་དག་ཐེར་ལེགས་བཅོས་བྱེད་ཐབས་ལག་ཏུ་བསྟར། ཕྱི་ཚུལ་རིང་ལུགས་མི་བྱེད་པར་སློབ་སྦྱོང་དང་ལྟ་ཞིབ། བཅོས་སྒྱུར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
ཚོགས་འདུས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་གྲོས་བསྡུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་གྲོས་བསྡུར་དང་སྤེལ་རེས་ལ་བརྟེན་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་ལ་རྒྱུན་མཐུད་ངང་དམ་འཛིན་བྱས་ནས་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་ཞིབ་བཤེར་བཟོ་བཅོས་ཀྱི་ཕན་འབྲས་དེ་ཁྲིམས་ལྟར་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ལོ་འཁོར་གྱི་ལས་ཀའི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོར་བསྒྲུབ་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མུ་མཐུད་དུ་ལག་ལེན་ཏུ་བསྟར་བ་དང་། སྒོ་ཕྱེ་སློབ་གསོ་ཏན་ཏིག་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། ལྟ་སྐུལ་གྱི་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ་བཅོས་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་དགོས། འགན་འཁྲི་དོན་འཁྱོལ་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། བྱ་བའི་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། །