ཟླ5པའི་ཚེས3ཉིན་བར་དུ། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་ཀུང་ཟིའི་མར་སྟེང་ཆུ་གློག་ས་ཚིགས་ཀྱིས2025ལོའ་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཅིག་ལས་བརྒལ་བ་དེའི་སྟེང་ནས། མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཁོར་སྐྱོད་རྣམ་པ་བདེ་འཇགས་ཡིན་པ་དང་དཔལ་འབྱོར་ཕན་འབྲས་ཆེ་བ། སྤྱི་ཚོགས་ལ་བྱས་རྗེས་འཇོག་ཚད་ཆེ་བ་བཅས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་ཅན་བླངས་ཡོད་པ་མཚོན་ལ། ས་ཁོངས་ཀྱི་ནུས་ཁུངས་མཁོ་སྤྲོད་དང་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད་པ་མངོན་པར་མཚོན་ཐུབ།
འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ། མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ཚན་རྩལ་གསར་གཏོད་དང་ཞིབ་ཚགས་དོ་དམ་རྒྱུན་འཁྱོངས་བྱས་ཏེ། བཀོད་གཏོང་ལེགས་སྒྱུར་དང་སྒྲིག་ཆས་རིམ་སྤོར། རིག་ནུས་སྐྱེལ་འདྲེན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། འཕྲུལ་འཁོར་ཚན་པའི་འཁོར་སྐྱོད་གནས་སྟངས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཆས་ཀྱི་སྐྱོན་ཆར་དོ་དམ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གློག་འདོན་ལས་ཆོད་དང་འཕྲུལ་འཁོར་ཚན་པའི་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དུས་མཚུངས་སུ། ཀུང་ཟི་དེས་གློག་དྲའི་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་པ་དང་ཆུ་གནོན་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་ལག་མཉམ་བཅོས་མཁྲེགས་གཏོར་གྱི་ལོ་ངོ་གསུམ་གྱི་བྱ་སྤྱོད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྒྲིག་ཆས་ཚེ་སྲོག་གི་འཁོར་ཡུན་ཡོངས་ལ་དོ་དམ་ནན་མོ་བྱས་པ་དང་། གཙོ་གནད་ས་ཁོངས་དང་གཙོ་གནད་གནས་གཞི། གཙོ་གནད་སྒྲིག་ཆས། གཙོ་གནད་མི་སྣ་བཅས་ཀྱི་ཐོན་སྐྱེད་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་བཅོས་བྱས་ཏེ། “ཉེན་ཁ་དོ་དམ་དང་འགལ་རྐྱེན་བཅོས་སྐྱོང”གི་སྔོན་འགོག་ལམ་སྲོལ་གཉིས་ཀྱི་ནུས་པ་འདོན་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་མཇུག་དང་སྐྱེལ་འདྲེན་བྱེད་བཞིན་པའི་ལས་གཞིའི་མེ་བཀོལ་བྱ་བ་དང་མེ་འགོག་དོ་དམ། བདེ་འཇགས་དཔལ་ཡོན་ལྡན་པའི་བཟོ་སྐྲུན་སོགས་ཀྱི་ཉེན་ཁའི་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཆུ་ཚད་མངོན་སུམ་ཇེ་མཐོར་བཏང་།