རང་རེའི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ལི་མིང་དང་དབྱང་ཧྥུན་ཁྲོན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ལུའེ་ཀང་། ཝང་ཅིན་ཀྲེ། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི60གྲོས་ཚོགས་སུ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཚོགས་ཐོག་ཏུ་ཞིང་ཆེན་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་དོན་དོན་ཚན་གནས་ཚུལ་རེ་ཞུ་བྱ་རྒྱུའི་སྐོར་གྱི་གསལ་བཤད་ལ་ཉན་པ་དང་འོས་མི་འདེམས་རྩིས་མཁན་གྱིས་གཏམ་བཤད། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྐོར་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་།《མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད།《མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་སྐོར་གྱི་གཏན་འབེབས་འགའ་ཤས(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་དང་ཡི་གེའི་ལས་དོན་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་དང་གློག་གི་གནོད་འཚེ་འགོག་སྲུང་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་དང་བེད་སྤྱོད་སྐོར་གྱི་སྲོལ་ཡིག》སྐོར་གྱི་གསལ་བཤད།《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག》སྐོར་གྱི་གསལ་བཤད།《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་བྱུང་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་གྱིས་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་།《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་སྐོར་གྱི་གཏན་འབེབས་འགའ་ཤས(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་དང་ཡི་གེའི་ལས་དོན་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་དང་གློག་གི་གནོད་འཚེ་འགོག་སྲུང་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི<མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་གྲྭ་དོ་དམ་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》དང་། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི<མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་གྲྭ་དོ་དམ་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཞིབ་བཤེར་སྙན་ཞུ།《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཕྱུགས་ཐོན་སྐྱེད་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》དང་།《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཕྱུགས་ཐོན་སྐྱེད་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྲོལ་ཡིག》མེད་པར་བཟོ་བའི་སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་དང་བེད་སྤྱོད་སྐོར་གྱི་སྲོལ་ཡིག》གི་ཞིབ་བཤེར་སྙན་ཞུ། 《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག》གི་ཞིབ་བཤེར་སྙན་ཞུ།《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》ཀྱི་ཞིབ་བཤེར་སྙན་ཞུ། 《ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པའི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས》ལ་ཆོག་མཆན་ཞུ་རྒྱུའི་སྐོར་གྱི་སྙན་ཞུ། 《ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པའི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས》ཀྱི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་པར་སྐྲུན་འགྲེམ་སྤེལ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཞིང་ཆེན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་དང་། ཞིང་ཆེན་ཏང་ཨུའི་རྒྱུས་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་སོགས་གྲོས་ཚོགས་ལ་ཞུགས། །