མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་ཚོགས་འདུ་བརྙན་ལམ་གྱི་རྣམ་པས་ཟི་ལིང་དུ་འཚོགས་པ་དང་། ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་ཀྱི་དགོངས་དོན་། རྒྱལ་ཡོངས་ཡིག་ཚགས་ཅུས་ཀྲང་དང་མགོ་གཙོའི་ཚོགས་འདུའི་དགོངས་དོན་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མའི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། 2024ལོའི་ཡིག་ཚགས་ལས་དོན་སྤྱི་བསྡོམས་དང2025ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། 

ཚོགས་འདུས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཡིག་ཚགས་ལས་དོན་པས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། འབད་བརྩོན་ལྷོད་མེད་དང་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ་ཡིག་ཚགས་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་བར་བསྟན། ཚོགས་འདུའི་སྟེང་ས་ཁུལ་ས་ོསོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་བྱ་གཞགའཕེལ་རྒྱས་གཏོང་བར་འཕྲད་པའི་གནད་འགག་ངོས་འཛིན་གསལ་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྱ་བའི་ལམ་ལུགས་མི་ལེགས་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་རྗེས་སུ་ལུས་པ། སྒྲིག་སྲོལ་དང་ལམ་ལུགས་ཞན་པ་བཅས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས།

ཚོགས་འདུའི་སྟེང2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་ལ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ཡིག་ཚགས་ལས་དོན་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཆར་འགོད་བྱེད་པ་དང་། དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པའི་གནས་འགག་གི་ལོ་ཞིག་ཀྱང་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཚགས་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཐོག གོང་མཐུད་འོག་འདྲེན་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་དོན་བྱ་གཞག་འཕེལ་རྒྱས་འཆར་འགོད“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྤྱི་བསྡོམས་ཚོད་སྐོར་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་དང་སྒྲིག་ཁོངས་ཞིབ་འཇུག་གི་འཆར་འགོད་དམ་འཛིན་ཡག་པོ་བྱ་དགོས་ལ། ཡིད་ཆེས་བརྟན་པོ་དང་ལག་ལེན་དངོས་ནས་སྔོན་ཐོན་བརྩོན་ལེན་བྱས་ཏེ་བཅོས་བསྒྱུར་ཀྱི་བྱེད་ཐབས་གལ་ཆེན་སྤྱད་དེ། རྨང་གཞིའི་སྤུས་ཚད་ཇེ་མཐོ་རུ་གཏོང་བ་དང་། ཆ་འཕྲིན་དང་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་ཚགས་ཀྱི་ལས་དོན་བྱ་གཞག་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་སྐྲུན་ཆེད་ཡིག་ཚགས་ཕྱོགས་ཀྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།   །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།