ཟི་ལིང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ལས་རོགས་པ16བསྡུ་བའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན།《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་རྟོག་ལས་རོགས་པའི་དོ་དམ་སྲོལ་ཡིག》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་སྔའི་སྤྱི་བདེའི་བྱ་བའི་དགོས་དབང་དང་ཟུང་འབྲེལ་སྒོས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ཉེན་རྟོག་ལས་རོགས་པ16བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

གཅིག །ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས།

2.ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས།    

3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྲུང་སྐྱོབ་དང་། བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས།

4.ལོ18ནས35མན་ཡིན་དགོས།

5.ལས་གནས་དང་མཐུན་པའི་བསླབ་གནས་དང་བྱ་བའི་ནུས་པ་ལྡན་དགོས།

6.གཟུགས་པོ་བདེ་ཐང་ཡིན་དགོས།

7.རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་དགོས།

8.སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་གཞུང་དོན་ཐད་སྐུ་གཤེགས་པའི་དམག་མི་དང་མི་དམངས་ཉེན་རྟོག་པ། ཉེན་རྟོག་ལས་རོགས་པའི་ཁྱིམ་མིར་དམིགས་བསལ་ཡོད།

9.རུ་འཁྱུར་དམག་མི་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་རུ་ཁག་ལས་བུད་པའི་མི་སྣར་དམིགས་བསལ་ཡོད།

10.བདེན་པའི་རྒྱབ་ལངས་མི་སྣར་དམིགས་བསལ་ཡོད།

གཉིས། གསོལ་ཐང་།

ཉེན་རྟོག་ལས་རོགས་པའི་ཕོགས་དངུལ་ཚད་གཞི་དེ《སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རོགས་ལས་པ་དང་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གི་གདན་ཞུའི་ལམ་ལུགས་དྲུང་ཡིག་གི་གླ་ཕོགས་དོ་དམ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་ནོར་སྲིད་ཁྲིམས་ཨང[2020]1524པ།    》ལྟར་ལག་བསྟར་བྱ་རྒྱུ།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

1.མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ5པའི་ཚེས6ནས2025ལོའི་ཟླ5པའི་ཚེས12ཉིན་བར།

2.གྲོན་དངུལ་སྤྲོད་པའི་དུས་ཡོད། 2025ལོའི་ཟླ5པའི་ཚེས6ནས2025ལོའི་ཟླ5པའི་ཚེས13ཉིན་བར།

3.མིང་ཐོ་འགོད་སའི་དྲ་ཚིགས། (https://zk.xnrczpw.com/nindex/?ecode=qhcxgafj)

བཞི། བློ་འདྲི་ཁ་པར།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས། 0971-8256335

མིང་ཐོ་འགོད་པའི་ལག་རྩལ་ཐད་ཀྱི་བློ་འདྲི་ཡུལ། 0971-4116222

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།