ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ནི2018ལོའི་ཟླ11ཚེས28ཉིན་དེ་སྔའི་ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་སྡེ་ཚན་དོ་དམ་གྱི་ལས་ཁུངས(ཐིང་རིམ་པ་གཞོན་པ)ཡིན་པ་རེད། དེའི་འོག་ཏུ་ལས་ཁུངས5ཡོད་དེ།  གཞུང་ལས་ཁང་དང་། སྲིད་དོན་ཞབས་ཞུ་མཛུབ་ཁྲིད་ཁྲུའུ། ཞིབ་མཆན་ཞབས་ཞུ་དོ་དམ་ཁྲུའུ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་དོ་དམ་ཁྲུའུ། ལྟ་སྐུལ་ལྟ་ཞིབ་ཁྲུའུ། ལས་ཁུངས་ཏང་ཨུད(ལས་ཁུངས་སྒྲིག་ཨུད)བཅས་ཡིན་པ་དང་། ཁོངས་གཏོགས་སུ་བྱ་གཞག་ཚན་པ8ཡོད་པ་སྟེ། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆ་འཕྲིན་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱི་ཉོ་ཚོང་བདག་སྤྲོད་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱི་གསལ་བསྒྲགས་དང་འོས་འགུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱི་འཛུགས་སྐྲུན་ལས་གྲྭའི་ཉོ་ཚོང་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཉོ་སྒྲུབ་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྨན་རྫས་ཉོ་སྒྲུབ་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྤྱི་པའི་ཐོན་ཁུངས་ནང་བཤུག་ཉོ་ཚོང་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱི་སྲིད་དོན་ཞབས་ཞུ་ལྟེ་གནས་བཅས་ཡིན་པ་རེད། ད་ལྟ་ཁྱོན་ཡོངས་ཀྱི་སྲིད་འཛིན་དང་བྱ་གཞག་གི་སྒྲིག་ཁོངས་སུ་མི་གྲངས་ཁྱོན་བསྡོམས95(དེའི་ནང་སྲིད་འཛིན་གྱི་སྒྲིག་ཁོངས་མི་གྲངས་4དང་། ལས་ཁུངས་ཀྱི་བ་གཞག་གི་སྒྲིག་ཁོངས་མི་གྲངས་29བ་བ་གཞག་གི་སྒྲིག་ཁོངས་མི་གྲངས61ལས་ཁུངས་ཀྱི་ལས་བརྩོན་མི་གྲངས1བཅས་ཡོད)ཡོད།

མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྲིད་དོན་ཞབས་ཞུའི་དོ་དམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་དགོས། འགན་འཁྲི་སྒྲུབ་རིང་ཏང་གིས་སྲིད་དོན་ཞབས་ཞུ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་བ་མཐའ་འཁྱོངས་ཐུབ་པར་ཤུགས་སྣོན་རྒྱག་དགོས་པའི་འགན་ཡོད་དེ།

(གཅིག) སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་འཚོང་ལ་ལྟ་སྐུལ་དོ་དམ་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་ཟིན་འགོད་བྱེད་འགན་འཁུར་དགོས་པ་མ་ཟད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱ་དགོས།
  (གཉིས) ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཞབས་ཞུ་དང་འབྲེལ་ཡོད་བྱ་བའི་རྩ་འཛུགས་དང་མཐུན་སྦྱོར། ལྟ་སྐུལ། དོ་དམ་བཅས་ལ་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཞབས་ཞུ་བྱ་བའི་འཆར་གཞི་དང་། ལམ་ལུགས། སྒྲིག་སྲོལ། ཚད་གཞི། ཚད་ལྡན་བཅས་ཞིབ་འཇུག་དང་བཟོ་འགོད། ལག་བསྟར་ལ་ལྟ་སྐུལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་སྲིད་དོན་ཞབས་ཞུ་བྱ་བར་མཛུབ་སྟོན་དང་སྐུལ་འདེད། ཞིང་ཆེན་ཡོངས་ཀྱི“དྲ་སྦྲེལ་སྲིད་དོན་བཅུ”གཅིག་གྱུར་འཆར་འགོད་བཅས་ཀྱི་བྱ་བ་བསྒྲུབ་དགོས། ཞིང་ཆེན་རིམ་པའི་སྲིད་འཛིན་ཞབས་ཞུ་ཚོམས་ཆེན་གྱི་སྲིད་དོན་ཞབས་ཞུའི་དོན་ཚན་ལ་ཞིབ་བཤེར་གཏན་འབེབས་དང་ལེགས་སྒྲིག དོ་དམ་བཅས་ཀྱི་འགན་འཁུར་དགོས། ཞིང་ཆེན་རིམ་པའི་སྲིད་འཛིན་ཚོམས་ཆེན་དུ་བཅའ་སྡོད་ལས་དོན་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་ལས་དོན་པའི་དོ་དམ་དང་། གསོ་སྦྱོང་། དཔྱད་ཞིབ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

(གསུམ།) ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་འཚོང་གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་འགན་དང་། སྤྱི་པའི་ཐོན་ཁུངས་ཉོ་འཚོང་བྱེད་སྒོའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་བསམ་འཆར་དང་གྲོས་འགོ་འདོན་པ།  སྤྱི་པའི་ཐོན་ཁུངས་ཉོ་འཚོང་དོ་དམ་ལམ་ལུགས་དང་། བཀོལ་སྤྱོད་བྱེད་རིམ། ཞབས་ཞུའི་ཚད་གཞི་བཅས་ཞིབ་འཇུག་དང་ཞུ་འབུལ། ལག་བསྟར་ལ་ལྟ་སྐུལ་བཅས་བྱ་བའི་འགན་ཡོད།  ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར། “དྲ་སྦྲེལ+”ཀྱི་འོས་འགུགས་ཉོ་སྒྲུབ་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་བསྡུར་རིགས་གཅིག་མཁས་ཅན་མཛོད་འཛུགས་སྐྲུན་དོ་དམ་ལས་དོན་གྱི་འགན། སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱེད་མཁན་གྱི་ལས་གཉེར་བའི་མཚན་སྙན་གདེང་འཇོག་ལམ་ལུགས་འཛུགས་པའི་འགན།  འབྲེལ་ཡོད་སྡེ་ཁག་ལ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་ཡིད་རྟོན་གདེང་འཇོག་མ་ལག་འཛུགས་རོགས་བྱ་བའི་འགན། ཞིང་ཆེན་རིམ་པའི་སྤྱི་པའི་ཐོན་ཁུངས་ཉོ་འཚོང་གི་འགན་བཅས་འཁུར་དགོས། 

(བཞི།) སྲིད་དོན་ཞབས་ཞུའི་ཕན་ནུས་དང་སྤྱི་པའི་ཐོན་ཁུངས་ཉོ་འཚོང་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར།  སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སོགས་འབྲེལ་ཡོད་དོན་དག་སྐོར་གྱི་ཞུ་གཏུག་བདག་སྤྲོད་དང་འབྲེལ་གཏན་འབེབས་ལྟར་ཐག་གཅོད་བྱ་བའི་འགན། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་འཚོང་བྱེད་སྒོའི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་རྩད་ཞིབ་ཐག་གཅོད་བྱེད་པར་མཐུན་སྦྱོར་དགོས་པའི་འགན་བཅས་འཁུར་དགོས། 

(ལྔ) མཚོ་སྔོན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་འཆར་འགོད་བཟོས་ནས་རྩ་འཛུགས་ལག་བསྟར་བྱ་བའི་འགན་དང་།  ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་ཁྱབ་སྤེལ་བཀོལ་སྤྱོད་བྱེད་པའི་འགན། ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཅན་གྱི་ཉོ་འཚོང་དང་རྒྱང་སྦྲེལ་དཔྱད་བསྡུར་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད། ཉེར་སྤྱོད། སྲུང་སྐྱོང་བཅས་བྱ་བའི་འགན་འཁུར་དགོས།
  (དྲུག) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བའི་འགན་ཡོད།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།