ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ཀྱིས་སྨན་བཅོས་འགན་ལེན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྨན་བཅོས་འགན་སྲུང་ལས་ཀའི་་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། འགན་འཁྲི་ལག་བསྟར་བྱེད་རིང་སྨན་བཅོས་འགན་ལེན་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་བ་མཐའ་འཁྱོངས་བྱས་ནས་དེ་ལ་ཤུགས་སྣོན་རྒྱག་པ་ཡིན།  འགན་འཁྲི་གཙོ་བོ་ནི།

(གཅིག)རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བྱེད་ཕྱོགས་དང་སྲིད་ཇུས། འཆར་འགོད་དང་ཚད་གཞི་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་འཕེལ་རྒྱས་འཆར་འགོད་དང་སྲིད་ཇུས་གྲོས་འཆར་བཏོན་ནས་རྩ་འཛུགས་ལག་བསྟར་བྱེད་དགོས།

  (གཉིས)ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་འཆར་འགོད་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་འཕེལ་རྒྱས་འཆར་འགོད་དང་ས་གནས་ཀྱི་ཚད་གཞི་བཟོ་འགོད་བྱེད་དགོས་པ་མ་ཟད། རྩ་འཛུགས་དང་ལག་བསྟར་ཡང་བྱེད་དགོས།
 
  (གསུམ)ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་གཏན་འབེབས་དང་ལག་བསྟར་རྩ་འཛུགས་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྔོན་འགོག་ཚོད་འཛིན་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་ལ་སྐུལ་འདེད་གཏང་བའི་འགན་ཡོད།
  (བཞི)ཞིང་ཆེན་ཡོངས་ཀྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་མ་དངུལ་གྲབས་གསོག་དང་ཐོབ་ཐང་སྲིད་ཇུས་བཟོ་བའི་སྒྲིག་འཛུགས་དང་། ང་ཆེན་གྱི་གནས་ཚུལ་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་ཐོབ་ཐང་གི་ཚད་གཞི་གཅིག་གྱུར་འཆར་འགོད། མ་དངུལ་གྲབས་གསོག་གི་ཆུ་ཚད་དང་འཚམ་པའི་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་བཙུགས་ནས་འཐུས་ཚང་དང་།  ཞིང་ཆེན་ཡོངས་ཀྱི་རྒྱུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་ཇུས་གཞི་བཟོ་འགོད་དང་རྩ་འཛུགས་ལག་བསྟར་བཅས་བྱེད་དགོས།

(ལྔ)ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་བྱས་པའི་སྨན་རྫས་དང་། སྨན་སྤྱོད་ཟད་གྲོན། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་བཅོས་ཞབས་ཞུའི་སྒྲིག་ཆས་སོགས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་དང་གཏོང་སྤྲོད་ཚད་གཞི་སྒྲིག་བཟོ་སྒྲིག་འཛུགས་དང་། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་གསར་འཛུགས། རང་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཆོག་འཐུས་གྲོས་མོལ་སྒྲིག་སྲོལ་སྒྲིག་བཟོ་དང་འབྲེལ་ལག་ལེན་བསྟར་བའི་འགན་བཅས་ཡོད།
  (དྲུག)སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་དང་། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་བཅོས་ཞབས་ཞུའི་སྒྲིག་ཆས་ཀྱི་རིན་བསྡུ་སོགས་ཀྱི་སྲིད་ཇུས་གཏན་འབེབས་སྒྲིག་འཛུགས་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྨན་བཅོས་ཞབས་ཞུའི་རིན་གོང་ལུགས་མཐུན་གཏན་འཁེལ་དང་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་གསར་འཛུགས། ཁྲོམ་རས་གཙོ་ཁྲིད་བྱེད་པའི་སྤྱི་ཚོགས་སྨན་བཅོས་ཞབས་ཞུའི་རིན་གོང་གཏན་འཁེལ་གྱི་ལམ་སྲོལ་འཛུགས་པར་སྐུལ་འདེད། སྨན་བཅོས་ཞབས་ཞུའི་རིན་གོང་གི་ཆ་འཕྲིན་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཡོངས་བསྒྲགས་བཅས་ཀྱི་ལམ་ལུགས་འཛུགས་པའི་འགན་ཡོད།

(བདུན)ཞིང་ཆེན་ཡོངས་ཀྱི་གཅིག་སྡུད་གཅིག་གྱུར་གྱི་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་འོས་སྐུལ་ཉོ་སྒྲུབ་ཀྱི་སྲིད་ཇུས་སྒྲིག་བཟོ་དང་འབྲེལ་ལག་བསྟར་ལ་ལྟ་སྐུལ་དང་། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་འོས་འགུགས་ཉོ་སྒྲུབ་སྟེགས་བུ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་དགོས།

(བརྒྱད)ཞིང་ཆེན་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིའི་གྲོས་མཐུན་དང་གཏོང་སྤྲོད་དོ་དམ་བྱ་ཐབས་བཟོ་བ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་བྱ་བ་དང་། སྨན་བཅོས་འགན་ལེན་གྱི་ཡིད་རྟོན་གདེང་འཇོག་མ་ལག་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་བཙུགས་ནས་དེ་འཐུས་ཚང་དུ་གཏོང་བའི་འགན་ཡོད།
  (དགུ)ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པའི་སྨན་བཅོས་ཞབས་ཞུའི་བྱེད་སྤྱོད་དང་སྨན་བཅོས་འགྲོ་གྲོན་ལ་ལྟ་སྐུལ་དོ་དམ་གྱི་འགན་དང་། སྨན་བཅོས་འགན་ལེན་ཁྱབ་ཁོངས་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་བའི་འགན་བཅས་ཡོད། 

(བཅུ)ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལག་འགྲིམ་་དོ་དམ། སྨན་བཅོས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་མ་ལག སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱ་བ་བཅས་ཀྱི་འགན་འཁུར་དགོས། ཡུལ་གཞན་དུ་སྨན་བཅོས་དོ་དམ་དང་འགྲོ་གྲོན་བསྡོམས་རྩིས་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བར་སྒྲིག་འཛུགས་དང་། སྨན་བཅོས་འགན་སྲུང་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས།
  (བཅུ་གཅིག)རྒྱལ་ཁབ་ཀྱི་འབྲེལ་ཡོད་སྨན་བཅོས་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བར་མཛུབ་སྟོན་བྱེད་དགོས།

(བཅུ་གཉིས།)ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས། 

(བཅུ་གསུམ།)འགན་ནུས་བསྒྱུར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ལྕི་རིགས་འགན་བཅོལ་ལམ་ལུགས་གཅིག་གྱུར་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བཀོལ་སྤྱོད་ལུགས་མཐུན་དང་བདེ་འཇགས་ཚོད་འཛིན་ཐུབ་པར་འགན་ལེན་ཏན་ཏིག སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་བཅོས་གསུམ་མཉམ་འགུལ་”གྱི་སྒྱུར་བཅོས་ལ་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དགོས་མཁོ་འགན་སྲུང་སྔར་ལས་ལེགས་པ་དང་། སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་ཀྱི་འགན་འཁུར་དགོས།

(བཅུ་བཞི།) ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འབྲེལ་བ་ཡོད་པའི་འགན་འཁྲིའི་ལས་བགོས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་སོགས་སྡེ་ཚན་གྱིས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་སོགས་ཀྱི་ཐད་ལམ་ལུགས་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། འབྲེལ་གཏུག་གྲོས་མོལ་ལམ་སྲོལ་འཛུགས་པ། སྒྱུར་བཅོས་ལ་མཐུན་སྦྱོར་སྐུལ་འདེད། སྨན་བཅོས་ཐོན་ཁུངས་ཀྱི་བེད་སྤྱོད་ལས་ཕྱོད་དང་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་འགན་ཡོད། 

 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།