ཟླ་12ཚེས་21ཉིན་དུས་ཡུན་ཉིན་2ཀྱི་2023ལོའི་ཧོ་ནན་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་སྤེལ་རེས་ཚོགས་འདུ་གནའ་གྲོང་ལུའོ་དབྱང་དུ་འཚོགས་པ་རེད། ཀྲེང་ཀྲོའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཚོགས་འདུའི་ཐོག ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དཔེ་ཁང་གི་དུར་སར་མིག་སྔར་རྒྱལ་ནང་གི་སྐུ་དྲག་གི་དུར་ས་སྔ་ཤོས་ཤེས་རྟོགས་བྱུང་བ་དང་། དེས་དབྱིན་ཞུས་རྒྱལ་པོའི་བང་སོའི་ཤར་ནུབ་མཉམ་དུ་གཤིབ་པའི་དུར་ས་གྲུ་བཞི་མའི་འབྱུང་ཁུངས་ལ་ཐད་ཀའི་དཔང་རྟགས་མཁོ་འདོན་བྱས་ཡོད་པས། དུར་ས་གྲུ་བཞིའི་འབྱུང་ཁུངས་དང་ཀྲུང་གོའི་གོང་མའི་བང་སོའི་ལམ་ལུགས་འཕེལ་རྒྱས་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།