ཡ་རྫིའི་ཡོམ་ཁུལ་གྱི་རས་གུར་སློབ་ཁང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རི་མོ་ནི་སློབ་མས་སྙན་ངག་བློར་འཛིན་བཞིན་པའི་ཚུལ་རེད།

ཟླ12པའི་ཚེས21ཉིན་གྱི་སྔ་དྲོར།    མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་རྡོ་སྦིས་བོད་རིགས་ཡུལ་ཚོ་ཉ་མོ་སྡེ་བའི་ཡོམ་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་གནས་སུ་རས་གུར་གྱི་སློབ་གྲྭ་ཐོག་མའི་ནང་དཔེ་ཀློག་གི་སྒྲ་ལྷང་ལྷང་གྲགས་ཡོང་།    རྒྱུས་ལོན་པ་ལྟར་ན།    ཡ་རྫི་རྫོང་དུ་ད་སྔར་སློབ་གྲྭ་དགུས་དྲ་ལམ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་ཡོམ་ཁུལ་གྱི་སློབ་གྲྭ་གཞན་དག་ལའང་རྒྱུན་གཏན་གྱི་ཡུལ་དངོས་སློབ་ཁྲིད་བྱ་རྒྱུ་རེད།    

ཀླུ་མོས་བསྒྱུར། 

རྩོམ་སྒྲིག་པ། ཀླུ་མོ།