ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
ཡུལ་ཤུལ་ཁུལ་གྱིས་ཞིང་ཕྱུགས་གཉིས་ལ་ཕན་པའི་སྲིད་ཇུས་ཁག་བཅུ་བཏོན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཀླུ་མོ།  
སྤེལ་དུས། 2023-09-22 16:40:20

རང་རེའི་དྲ་བའི་འཕྲིན།    སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་སྟོབས་ལྡན་ཁུལ་འཛུགས་བསྐྲུན་ཇེ་མགྱོགས་དང་།  དུས་རབས་གསར་པ་དང་ཡུལ་ཤུལ་གསར་པ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་། རྒྱང་སྐྱོད་ལམ་བུའི་སྟེང་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་གཏང་ཆེད།  ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དོན་དངོས་གཞིགས་ཏེ་ཡུལ་ཤུལ་ཁུལ་གྱིས་ཞིང་ཕྱུགས་གཉིས་ལ་ཕན་པའི་སྲིད་ཇུས་ཁག་བཅུ་བཏོན་པ་རེད།     སྲིད་ཇུས་གསར་པའི་ཁྲོད། ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་འདེབས་འཛུགས་ལས་རིགས་དར་རྒྱས་སོགས་ཚུད་ཡོད།    དེའི་དམིགས་ཡུལ་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་ལས་ཐོན་ལས་འབྲེལ་ཐག་ཐུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཙོ་འདོན་ཁུལ་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏང་རྒྱུ་དེ་རེད།

སྒྲིག་སྦྱོར་རྣམ་པའི་ཕྱུགས་སྤྱོད་དྲོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁ་གསབ་དངུལ་ཐད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་པ་ལས་གཞན། ཁུལ་རིམ་པའི་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་ཁྲི210བཀོད་སྒྲིག་བྱས་ནས་སྒྲིག་སྦྱོར་རྣམ་པའི་ཕྱུགས་སྤྱོད་དྲོད་ཁང་སྨི་གྲུ་བཞི་རེར་ཁ་གསབ་སྒོར100སྤྲད་རྒྱུ་དང་།    2023ལོར་ཁ་གསབ་བསྡོམས་འབོར་སྨི་གྲུ་བཞི21000བར་ཚོད་འཛིན་བྱ་རྒྱུ།    གྲོང་ཁྱེར(རྫོང)རིམ་པའི་ནོར་ཤུགས་ལ་གཞིགས་ནས་སྨི་གྲུ་བཞི་མ་རེར་སྒོར100ནས་སྒོར200བར་གྱི་ཚད་གཞི་ལྟར་ཁ་གསབ་སྤྲད་རྒྱུ།  མ་དངུལ་ལྷག་མ་རྣམས་དཔེ་སྟོན་རྟེན་གཞི་དང་།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་།   ཆེད་ལས་མཉམ་ལས་ཁང་།  ཁྱིམ་ཚང་ཕྱུགས་ར་དང་གསོ་སྤེལ་ཁང་ཆེ་གྲས་བཅས་ཀྱི་རང་གྲབས་ཐག་གཅོད་ཐད་སྤྱད་རྒྱུ།

གཟན་རྩྭ་གཏོང་འདྲེན་གྱི་ཁ་གསབ་ཐད།    དམིགས་ཚད་ལོན་པའི་གཟན་ཆས་གཏོང་འདྲེན་གྱི་ཁ་གསབ་དེ་ཏུན་རེར་ཞིང་ཆེན་རིམ་པའི་ཁ་གསབ་སྒོར180དང་ཁུལ་རིམ་པའི་ཁ་གསབ་སྒོར120སྤྲད་རྒྱུ་དང་།    རྫོང་རིམ་པའི་ནོར་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གཟན་རྩྭ་དང་གཟན་ཆས་ཉོ་སྒྲུབ་ཀྱི་རིན་གོང་གི5%ནས20%བར་གྱི་ཚད་གཞིར་གཞིགས་ནས་ཁ་གསབ་སྤྲད་རྒྱུ་དང་།    ཁེ་ལས་ཀྱི་ཁེ་སྤོགས3%བརྩོན་ལེན་ཧུར་ཐག་བྱས་ནས་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ཐུབ་བྱེད་དུ་འཇུག་རྒྱུ་རེད།

ཕྱུགས་ཟོག་རྒྱུད་བཟང་གི་ཁ་གསབ་ཐད། སོན་འདོན་ཁ་གསབ།     གཅིག་ནི་ས་མཐོའི་ནོར་ནག་རྒྱུད་བཟང་མཁོ་འདོན་གྱི་ཁ་གསབ་སྟེ།     ཚད་གཞི་ལོན་པའི་ས་མཐོའི་རྒྱུད་བཟང་ནོར་ནག་ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར2000ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར500སྤྲད་རྒྱུ།     དམིགས་ཚད་ལོན་པའི་སྤུས་ལེགས་ཀྱི་བོད་ལུག(གྲ་སྐྱའི་ལུག)ལ་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར800ལོངས་སུ་སྤྱོད་པའི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཁ་གསབ་ཚད་གཞི་མི་རེར་སྒོར200རེ་སྟེར་རྒྱུ་རེད།     རིགས་སྤེལ་ཁ་གསབ།     གཅིག་ནི་ས་མཐོའི་ནོར་ནག་ནང་འདྲེན་གྱི་ཁ་གསབ།     རྣམ་གྲངས་གྲོང་ཚོ་དང་རྣམ་གྲངས་ཁྱིམ་ཚང་གིས་ས་མཐོའི་ནོར་ནག་རིགས་བསྡུ་སྐབས།    དེ་སྔའི་རང་གྲབས་ཕྱུགས་ཟོག་རེར་སྒོར3500ནས་ཕྱུགས་ཟོག་རེར་སྒོར3000བར་མར་གཅོག་རྒྱུ་དང་། མི་འདང་བའི་ཆ་དེ་རྫོང་རིམ་པའི་ཞིང་སྐྱོར་མ་དངུལ་ནས་སྒོར500རེ་ཁ་གསབ་བྱས་ཏེ་མང་ཚོགས་ཀྱི་རང་གྲབས་གནོན་ཤུགས་ཆུང་དུ་གཏང་རོགས་བྱ་རྒྱུ་རེད།  གཉིས་ནི་ས་མཐོའི་བོད་ལུག་རྒྱུད་བཟང་ནང་འདྲེན་བྱེད་པའི་ཁ་གསབ། རྣམ་གྲངས་གྲོང་ཚོ་དང་རྣམ་གྲངས་ཁྱིམ་ཚང་གིས་ས་མཐོའི་བོད་ལུག་རིགས་བསྡུ་སྐབས། སྒོར700ཡི་རང་གྲབས་ཚད་གཞི་དེ་སྒོར500རུ་གཅོག་རྒྱུ་དང་མི་འདང་བའི་ཆ་དེ་རྫོང་རིམ་པའི་ཞིང་སྐྱོར་མ་དངུལ་ནས་སྒོར200རེ་ཡི་ཁ་གསབ་སྤྲད་རྒྱུ་ཡིན་པ་རེད།

ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཞིང་ལས་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ།    “ཡུལ་ཤུལ་གྱི་ནོར་ནག”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བེད་སྤྱོད་དབང་ཆ་སྤྲད་པའི་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་ཀྱིས་དབང་ཆ་སྤྲད་པའི་ཐོན་རྫས་དང་དེའི་ཐུམ་སྒྲིལ་སྟེང་། “ཡུལ་ཤུལ་གྱི་ནོར་ནག”ཞེས་པའི་སྤུས་རྟགས་སྤྱོད་པ་དང་། དམིགས་བསལ་གྱིས་སྔོན་ལ་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར།    ཚོང་རྟགས་གྲགས་ཅན་དྲིལ་སྒྲོག་ཁྱབ་གདལ།    ཐབས་ལམ་མ་ལག་འཛུགས་སྐྲུན་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་དགོས།

ཁྱད་ལྡན་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད།    ཡུལ་ཤུལ་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས6ལ་དམིགས་ནས་དངོས་རྫས་ཀྱི་ངོ་བོ་དང་ཕྱི་ཚུལ།    སྤུས་ཀ གནམ་གཤིས་ཀྱི་རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་དབྱེ་ཞིབ་བྱེད་པའི་གནམ་གཤིས་སྤུས་ཚད་ཀྱི་དཔང་དངོས་བདེན་པ་ར་སྤྲོད་པའི་བྱེད་སྒོ་སྤེལ་རྒྱུ།

ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ།    ཚན་རྩལ་ཆེད་དོན་ཚོགས་པ་དང་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་ཀྱིས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ལ་དམིགས་ནས་སྤུས་ཚད་མཐོ་བའི་ཚན་རྩལ་ཞབས་ཞུ་སྤེལ་བར་སྐུལ་མ་བཏང་སྟེ། ལོ་ལྟར་ཚོགས་པ(ལས་དོན་ས་ཚིགས)6བདམས་ནས་ཁུལ་རིམ་པའི་ཚན་རྩལ་ཆེད་དོན་མ་དངུལ་སྒོར་ཁྲི5རེ་སྤྲད་དེ། ཚན་རྩལ་ཞབས་ཞུའི་ཆུ་ཚད་མཐོ་བ་དང་ཚན་རྩལ་ལ་བརྟེན་ནས་ཕན་འབྲས་ཆེན་པོ་ཐོན་པར་འགན་ལེན་བྱེད་དགོས།

ཟླ་རེར་ཕྱུགས་ཟོག་ཕྱིར་གཏོང་ཚད་མང་དུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་དགོས།   གཡག་ཕྱིར་གཏོང་ཚད་མང་དུ་གཏོང་བའི་ཁ་གསབ་ཚད་གཞི་ནི་སྒོར800ཡིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་ནོར་ནག་རེར་སྒོར650དང་།   ཁུལ་་རིམ་པའི་ནོར་ནག་རེར་སྒོར80། རྫོང(གྲོང་ཁྱེར)རིམ་པའི་ཁ་གསབ་སྒོར160བཅས་ཡིན་པ་དང་།  འབྲི་མོ་ཕྱིར་གཏོང་ཁ་གསབ་བྱ་དགའི་ཚད་གཞི་ནི་སྒོར600ཡིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་སྒོར420དང་།    ཁུལ་རིམ་པའི་སྒོར60། རྫོང(གྲོང་ཁྱེར)རིམ་པའི་ཁ་གསབ་སྒོར120བཅས་སྤྲད་རྒྱུ་དང་།     བོད་ལུག་ཁྲོམ་ཕྱིར་གཏོང་ཚད་ཀྱི་ཁ་གསབ་ཚད་གཞི་ནི་མི་རེར་སྒོར180ཡིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་སྒོར126གི་ཁ་གསབ་དང་།    ཁུལ་རིམ་པའི་སྒོར18ཡི་ཁ་གསབ།    རྫོང་རིམ་པའི་སྒོར36གི་ཁ་གསབ་བཅས་སྤྲད་རྒྱུ།      མ་མོ་ཕྱིར་གཏོང་ཁ་གསབ་བྱ་དགའི་ཚད་གཞི་ནི་མི་རེར་སྒོར140ཡིན་ལ། དེའི་ཁྲོད་ ཞིང་ཆེན་རིམ་པའི་སྒོར98ཁ་གསབ་དང་།   ཁུལ་རིམ་པའི་སྒོར14ཡི་ཁ་གསབ།    རྫོང་རིམ་པའི་སྒོར28ཀྱི་ཁ་གསབ་བཅས་སྤྲད་རྒྱུ་རེད།

ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་བྱ་དགའ།    ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་བཅད་གྲངས་ཁ་གསབ(30%འམ་ཡང་ན་45%ལས་མི་བརྒལ་བ)ཀྱི་རྨང་གཞིའི་སྟེང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཚོད་རྩིས་རིན་གོང་ལྟར་སླར་ཡང8%ཀྱི་ལེ་ལག་ཚང་བའི་ཁ་གསབ་སྤྲད་རྒྱུ་དང་གྲོང་ཁྱེར་དང་རྫོང་སོ་སོའི་ནོར་སྲིད་ཀྱིས་ལེ་ལག་ཚང་བའི་ཁ་གསབ12%སྤྲད་རྒྱུ་དང་།     མཚོ་སྔོན་ཞིང་ཆེན་གྱི་ཁ་གསབ་ཁྱབ་ཁོངས་ཁྲོད་མེད་ཀྱང་ཡུལ་ཤུལ་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་མཁོ་བའི་འཕྲུལ་ཆས་དང་ས་ཁོངས་ཆུང་གྲས་ཀྱི་སྤྱོད་གོ་ཆོད་པའི་འཕྲུལ་ཆས་རིགས་གྲོང་ཁྱེར(རྫོང)རིམ་པའི་ཚོད་སྐོར་བྱས་རྗེས། ཁུལ་དང་གྲོང་ཁྱེར(རྫོང)རིམ་པའི་མ་དངུལ་ཁ་གསབ་ཁྱབ་ཁོངས་ནང་བཅུག་རྗེས་ཁ་གསབ་ཚད་གཞི་དེ་ཁྲོམ་རའི་རིན་གོང་ཚོད་རྩིས་ཀྱི50%ལས་མི་བརྒལ་བ་བྱ་རྒྱུ།

རྣམ་པ་གསར་པའི་ཞིང་ཕྱུགས་ལས་གཉེཪ་སྐྱོང་པ་ལ་སྐྱེད་ཀའི་དངུལ་བུན་གཏང་རྒྱུ། སྡེ་ཚན་དང་ཁྲིམས་མིའི་ཚབ་བྱེད་པའི་མིང་ཐོག་ནས་ཡུལ་ཤུལ་གྱི་ཞིང་འགན་འཁུར་བའི་ཀུང་སིའི་ཁག་ཐེག་འོག་དངུལ་བུན་བསྐྱི་བའི་སྐོར་ནས། 2023ལོར་དངུལ་བུན་སྒོར་ཁྲི6000གཏང་འཆར་ཡོད་ལ།  རྣམ་པ་གསར་པའི་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མཁན་གྱིས་དངུལ་བུན་སྒོར་ཁྲི50བསྐྱི་ཆོག་གི་ཡོད།     ཞིང་འགན་འཁུར་བའི་ཀུང་སིའི་ངོས་ནས་དངུལ་བུན་སྐྱེད་ཀ50%སྤྲོད་པའི་རྨང་གཞིའི་སྟེང་། ལྷག་མའི་དངུལ་བུན་སྐྱེད་ཀ་དེ་ཁུལ་དང་རྫོང་རིམ་པ་གཉིས་ནས་སྐྱེད་ཀ་སྤྲད་རྒྱུ་དང་།   ཁུལ་རིམ་པས20%ཁ་གསབ་རྒྱུ།    རྫོང་རིམ་པས30%ཁ་གསབ་པ་བཅས་ཀྱི་སྟེང་ནས་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མཁན་གྱིས་དངུལ་བུན་སྐྱེད་ཀ་སྤྲོད་མི་དགོས་པ་བྱ་རྒྱུ་རེད།

“ཡོངས་ཕན་དམངས་འཚོའི”འགན་འཁྲིའི་འགན་བཅོལ།    ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ལ་རང་བྱུང་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་བྱུང་བར་གཞི་རྩའི་འགན་ལེན་དང་བརྩི་སྲུང་ཞུ་བ་དང་།    ས་གནས་ཀྱི་མི་དམངས་མང་ཚོགས་ལ་གེགས་བར་བྱུང་བའི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱེད་པ།    རོང་འབྲོག་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་འཇུག་པ།  མང་ཚོགས་ལ་དངོས་ཡོད་ཀྱི་ཕན་པ་བསྐྲུན་པ་དང་ཁྱིམ་ཚང་འཆམ་མཐུན་ཡོང་བ།    སྤྱི་ཚོགས་བདེ་འཇགས་ཡོང་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ནས།    རོང་འབྲོག་ཁུལ་གྱི་འགན་བཅོལ་བྱ་གཞག་གིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་།     འགན་བཅོལ་ནང་ཞུགས་མཁན་ཁྲོད། ཡུལ་ཤུལ་ཁུལ་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་མང་ཚོགས་ཁྲི20ཡི་ཁྲོད་ཡུལ་ཤུལ་གྲོང་ཁྱེར་དུ་མི་ཁྲི5དང་།   ཁྲི་འདུ་རྫོང་དུ་མི་ཁྲི3།ནང་ཆེན་རྫོང་དུ་མི་ཁྲི5། རྫ་སྟོད་རྫོང་དུ་མི་ཁྲི3། འབྲི་སྟོད་རྫོང་དུ་མི་ཁྲི2།ཆུ་དམར་ལེབ་རྫོང་དུ་མི་ཁྲི2བཅས་ཡོད་པ་རེད།

ཀླུ་མོས་བསྒྱུར།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཡུལ་ཤུལ་ཁུལ་གྱིས་ཞིང་ཕྱུགས་གཉིས་ལ་ཕན་པའི་སྲིད་ཇུས་ཁག་བཅུ་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ།