སྟོང་སྐོར་རྫོང་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཀླུ་མོ།
སྤེལ་དུས། 2023-09-22 16:38:48
རང་རེའི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན། ཀྲུང་གུང་སྟོང་སྐོར་རྫོང་ཨུ་ཡོན་ལྷན་ཁང་དང་། སྟོང་སྐོར་རྫོང་མི་དམངས་སྲིད་གཞུང་། ཟི་ལིང་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། 2023ལོའི་ཟི་ལིང་དང་སྟོང་སྐོར་གྱི་་ཇ་རྟའི་ཚོང་འདུས་ཞིང་ཕྱུགས་རིག་གནས་དུས་ཆེན་དེ་སྟོང་སྐོར་རྫོང་དུ་སྤེལ་བ་རེད།
སྟོང་སྐོར་རྫོང་ཧྲིན་ཏ་འདེབས་འཛུགས་མཉམ་ལས་ཁང་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར།“ང་ཚོའི་ལ་སེར་གྱི་ས་བོན་ནི་འཇར་མན་ནས་ནང་འདྲེན་བྱས་པ་ཡིན་ལ། སྟོང་སྐོར་གྱི་ཐུན་མོང་མ་ཡིན་པའི་ས་བབ་དང་གནམ་གཤིས་ཀྱི་ཆ་རྐྱེན་འཛོམས་པོ་ལྡན་པས། ལ་སེར་གྱི་བྲོ་བ་ཞིམ་ལ་འཚོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་ཡིན”ཟེར། ཁོ་ཚོའི་ལ་སེར་དང་སྲན་ལེབ་གཉིས“ཕུལ་བྱུང་ཐོན་རྫས”ལ་བདམས་ཡོད།
ཞིང་ལས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱ་ཡུལ་གྱི་ཤ་སྐམ་དང་རྒྱ་སྲན། སྐྱུར་ཁུ། བསྙལ་ཐུག། ཤིང་འབྲས་ཀྱི་བཏུང་བྱའི་རིགས། སྒོག་སྐྱ་དང་སྲན་ལེབ། གླ་ཚེར་ཁུ་བ། ཁུར་མོང་ཇ་བཅས་ལ་མང་ཚོགས་མང་པོའི་འཚང་ཁ་ཤིག་ཤིག་གིས་བྲོ་བ་མྱོང་བ་དང་ཉོ་སྒྲུབ་བྱེད་ཀྱི་ཡོད།
སྟོང་སྐོར་རྫོང་ཞིང་ལས་དང་གྲོང་གསེབ་ཅུའུ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡུང་ཧྲུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་སྟོང་སྐོར་རྫོང་དུ་ཁྱོན་བསྡོམས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི1.95ཟིན་པ་དེ་དུས་མཉམ་ལས0.6%འཕར་ཡོད། ད་ཐེངས་ཁེ་ལས52ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁྲོད་ཞུགས་པ་དེ་སྔོན་ཆད་དང་བསྡུར་ན་ད་ལོ་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཁྲོད་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་དང་མཉམ་ལས་ཁང་གི་གྲངས་འབོར་བསྡུར་ཚད་མངོན་གསལ་གྱིས་མང་དུ་ཕྱིན་ཡོད། འདས་ཟིན་པའི་ལོ་གཅིག་རིང་། མཚོ་སྔོན་ཝུན་ཡིའུ་བཟའ་བཅའ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཆའོ་མུའུ་ཅེ་ཁེ་ལས་ཚད་ཡོད་ཀུང་སི་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་དག་སྟོང་སྐོར་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལས་དོན་ཐད་ནང་ཤུགས་མཁོ་འདོན་བྱས།
ཐེངས་འདིའི་ཞིང་ཕྱུགས་རིག་གནས་དུས་ཆེན་དེ“ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་གཞིར་བཟུང་སྟེ། ཙོང་ཆུའི“ཞིང་གསུམ”ལས་དོན་གྱི་གྲུབ་འབྲས་གསར་པ་དང་་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་མངོན་ཡོད། བྱེད་སྒོ་སྤེལ་རིང་། ཚོགས་ཞུགས་མི་སྣས་བརྙན་ལམ་སྦྲེལ་མཐུད་བརྒྱུད་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་སྐྱེད་སྲིང་གླིང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་དང་ལེགས་འགྲུབ་མཛད་སྒོར་བལྟས་པ་རེད། གཞན་ཡང་། སྟོང་སྐོར་རྫོང་མི་དམངས་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཞིང་གསར་སློབ་གླིང་གཉིས་ཀྱིས《སྟོང་སྐོར་ལས་དོན་ས་ཚིགས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས》ལ་མིང་རྟགས་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་བར་《སྟོང་སྐོར་རྫོང་གི་ཐོན་སློབ་ཞིབ་གསུམ་ཞབས་ཞུའི་ལས་དོན་ས་ཚུགས་ཀྱི་འཐབ་ཇུས་མཉམ་ལས་གྲོས་ཆིངས》ལ་མིང་རྟགས་བཀོད་པ་དང་ཆབས་ཅིག། ཅང་སུའུ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཞིང་ལས་སློབ་གླིང་གསར་པའི་སྟོང་སྐོར་ལས་དོན་ས་ཚིགས་དང་། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་སྟོང་སྐོར་རྫོང་གི་ཐོན་སློབ་ཞིབ་གསུམ་ཞབས་ཞུའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་སྤྲད་པ་རེད།
ཉེ་བའི་ལོ་ཤས་རིང་། སྟོང་སྐོར་རྫོང་གིས“ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་གཙོ་གནད་དཔེ་སྟོན་རྫོང”གཏོད་པར་་དམིགས་ནས། ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་མཚོ་བོད་ས་མཐོའི་ཐོག་མའི་ཐོན་ཡུལ་གྱི་ཁྱད་ལྡན་ཐོན་ལས་གཅིག་སྡུད་གླིང་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ཞིང་། སྟོང་སྐོར་རྫོང་གིས་སྟོབས་ཆེའི་གྲོང་ཚོའི་བཟོ་སྐྲུན་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རོགས་རམ་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་བརྟེན་ནས“གཞུང་ཁོངས་ཁེ་ལས་ཀྱིས་རྒྱུ་ནོར་འཛིན་པ་དང་སྡེ་ཚན་གྱིས་དོ་དམ། གྲོང་ཚོའི་ཐུན་མོང་འཕེལ་རྒྱས་ལ་ཕན་པ་ཐོབ་པ་བཅས་ཀྱི་སྒྱུར་བཅོས་ལམ་སྲོལ་བཙུགས་པ་དང་། དེ་དང་ཆབས་ཅིག “གཏན་འཇགས་ཡོང་འབབ”ལ་བརྟེན་ནས“དཀའ་ངལ་ཡོད་པའི་གྲོང་ཚོར”རོགས་སྐྱོར་བྱེད་པའི་གྲོང་ཚོའི་ཐུན་མོང་གི“གྲོང་ཚོ་སྟོབས་ཤུགས”འཕེལ་རྒྱས་སུ་བཏང་བའི་རྣམ་པ་བཏོད་དེ། ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྡན་པ། ཐོན་ལས་ཀྱི་མདུན་ལམ་བཟང་བ་བཅས་ཀྱི་གྲོང་ཚོ་ཐུན་མོང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་གཞན་དུ་གནས་སྤོས་གྲོང་ཚོ་སོགས་ཉམས་ཞན་གྲོང་ཚོར་གཙོ་གནད་ཐོག་རོགས་སྐྱོར་བྱས་པ་རེད།
ཀླུ་མོས་བསྒྱུར།