མཚོ་སྔོན་ཞིང་ཆེན་གྱི་གཟན་རྩྭའི་ཐོན་ལས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟ་སྦྱོང་ཚོགས་འདུ་མིན་ཡོན་དུ་བསྡུས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-22 09:56:56
ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་གཟན་རྩྭའི་ཐོན་ལས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་བསྡུས་པ་དང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཟས་རིགས་ཆེན་པོ་དང་འབྲུ་རིགས་ཆེན་པོའི་ལྟ་བ་དོན་འཁྱོལ་དང་ཞིང་ཕྱུགས་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དེ་རེད། དེའི་སྐབས་སུ། ཚོགས་ཞུགས་མི་སྣས་མིན་ཡོན་རྫོང་གི་གཟན་རྩྭའི་ཐོན་ལས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ལ་གཅིག་བསྡུས་ལྟ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཉམས་མྱོང་བརྗེ་རེས་བྱས་ལ། མིན་ཡོན་སོགས་ས་ཁུལ་གྱིས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཐད་བརྗེ་རེས་གཏམ་བཤད་བྱས།
གཟན་རྩྭའི་ཐོན་ལས་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་ཡིན། རྗེས་ཕྱོགས་ཀྱི་ཐོན་ལས་འཕེལ་རྒྱས་འཆར་འགོད་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཐོན་ལས་སྒྲིག་བཀོད་སྔར་ལས་ལེགས་སྒྱུར་བྱས་ཏེ་གཟན་རྩྭའི་ཐོན་ལས་གཙོ་བོའི་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སོན་བཟང་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སོན་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་པ། རྩྭ་ཕྱུགས་དོ་མཉམ་ལ་སྐུལ་འདེད་བཏང་སྟེ་གཞི་ཁྱོན་ཅན་དང་གྲོན་ཆུང་ཅན་གྱི་གསར་དར་བདག་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པ། འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ་དེང་རབས་ཅན་གྱི་གཟན་རྩྭ་ལས་སྣོན་འཁོར་རྒྱུག་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་བྱེད་རྒྱུ་རེད།