ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
ཞིང་ཆེན་གྱིས་དོ་དམ་བྱེད་པའི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བསྡུས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-22 09:56:33

ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ཞིང་ཆེན་གྱིས་དོ་དམ་བྱེད་པའི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གྱོད་དོན་ལ་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་དོན་ལ་བརྟེན་ནས་སྒྲིག་ལམ་གསལ་བོར་བཟོ་བ། གྱོད་དོན་ལ་བརྟེན་ནས་ཁྲིམས་ལུགས་འཆད་པ། གནད་འགག་ཉུང་ཤས་ཀྱིས་མང་ཆེ་བར་སྐུལ་ཁྲིད་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གུས་ཤིང་སྐྲག་པའི་བསམ་བློ་ལྡན་པ་དང་། དོགས་ཟོན་དང་འཇིགས་སྐྲག་འདུ་ཤེས་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཡང་བསྐྱར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་དང་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་བོ་མུ་མཐུད་བསྐྲུན་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་ཞིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། ད་ལོར་མགོ་ཁྲིད་ལས་བྱེད་པ་དྲུག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་པའི་གནད་དོན་ལ་དམིགས་ནས་གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་མ་གཏོང་བའི་ཆེད་དོན་སློབ་གསོའི་ཁྲོད་ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བ་དང་། སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས་པས་སྤྱོད་ཚུལ་འཛུགས་སྐྲུན་གྱི་འགག་སྒྲོལ་བྱ་འགུལ་སྤེལ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྐུལ་སྤེལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་དུས་རིམ་རང་བཞིན་གྱི་ཕན་འབྲས་མངོན་གསལ་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་རང་སྟེང་གི་གསར་བརྗེ་ནམ་ཡང་རྒྱུན་འཁྱོངས་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་ནུས་ལྡན་གྱི་སྒྲིག་ལམ་བརྟན་པོ་ཞིག་ཡིན་པས། ཞིང་ཆེན་ཏང་ཨུས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པ་དེ་གནས་སྐབས་ཀྱི་ཐབས་ཇུས་ཤིག་མིན་པར་ཐོག་མཐའ་བར་གསུམ་དུ་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། རུལ་རྒོལ་འགྱུར་འགོག སྤྱོད་ཚུལ་ལེགས་སྒྱུར། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་ཐད་ནས་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་བཅས་ལ་ངོས་འཛིན་གསལ་བོ་ཡོད་པར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཉེན་བརྡ་ཡུན་རིང་བཏང་ནས་ངེས་པར་དུ་གནད་དོན་ལ་ཐད་ཀར་ཁ་གཏོད་དགོས། གྱོད་དོན་གྱིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་རླུང་འཚུབ་ཐེངས་གཅིག་གཏན་ནས་མིན་ལ། རུལ་སུངས་ལ་ཆད་གཅོད་བྱེད་པ་ནི་ཐག་གཅོད་བྱས་པ་ཙམ་གྱིས་ཆོག་པ་ཞིག་གཏན་ནས་མིན། སྔོན་འགོག་ནན་མོ་བྱེད་པ་ནི་རུལ་སུངས་སུ་གྱུར་བ་ཙམ་བཅོས་སྐྱོང་བྱེད་པ་གཏན་ནས་མིན། ཏང་ནན་སྐྱོང་དང་དཔོན་པོ་ནན་སྐྱོང་བྱེད་པ་ནི་ཚུགས་ཀ་ཙམ་སྟོན་པ་གཏན་ནས་མིན། རུལ་སུངས་གནད་དོན་གྱི་འབྱུང་རྩ་ཡང་དག་པར་འཚོལ་དགོས་ཤིང་། སྤྱོད་ཚུལ་རུལ་སུངས་མཉམ་བཤེར་མཉམ་བཅོས་དང་ལྐོག་རྔན་སྤྲོད་ལེན་མཉམ་བཤེར་མཐའ་འཁྱོངས་བྱས་ནས་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་རུལ་སུངས་ཀྱི་མུ་འབྲེལ་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་རུལ་སུངས་འབྱུང་སའི་ཁྱབ་ཁོངས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ངེས་པར་དུ་སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་ནན་སྲུང་ལ་མུ་མཐུད་དུ་ཤུགས་སྣོན་དགོས། སྒྲིག་འགལ་གྱི་དོན་རྐྱེན་ཇེ་ཉུང་དུ་སོང་བ་དེ་རྩ་བ་ནས་མེད་པར་གྱུར་བ་མ་ཡིན་ལ། སྤྱོད་ཚུལ་ངན་པ་རྒྱུན་མཐུད་ངང་བཅོས་སྐྱོང་ནན་མོ་མ་བྱས་ན་ཡང་བསྐྱར་འབྱུང་སྲིད། ཆབ་སྲིད་ཐད་ནས་བལྟ་བ་དང་ཆབ་སྲིད་ཐད་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འབུར་དུ་ཐོན་པའི་སྤྱོད་ཚུལ་གནད་དོན་ཆེད་དོན་ལེགས་བཅོས་བྱེད་པ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པར་སེམས་ཤུགས་དང་ནུས་པ་དེ་བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པ་བཅས་ཀྱི་ཐད་བཀོལ་དུ་འཇུག་དགོས། ཏང་དོ་དམ་དང་དཔོན་རིགས་བཅོས་སྐྱོང་བྱེད་པར་ངེས་པར་དུ་ཁྱོན་ཡོངས་ནས་ནན་མོ་བྱེད་དགོས།  རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་དང་། རང་གི་འགན་འཁྲི་ནན་སྲུང་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རང་སྐྱོན་རང་ཞིབ་དང་། རང་ཉིད་ཀྱི་འགན་འཁྲི་ཤེས་རྟོགས་དང་འགན་འཁྲི་ཕྲག་ཏུ་ལེན་པ། འཐབ་རྩོད་བྱེད་ཕོད་པ་དང་དམ་འཛིན་གང་ལེགས་བྱེད་པ། འགག་རྩའི་མི་ལ་དོ་དམ་གང་ལེགས་བྱེད་པ། འགག་རྩའི་དོན་ལ་དོ་དམ་བཟང་བོ་བྱེད་པ། འགག་རྩའི་དུས་སུ་དོ་དམ་བྱེད་པ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་སྒོས་དང་ལེན་བྱེད་པ། ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་པ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་འཁུར་བ་བཅས་བྱས་ནས་ཞིང་ཆེན་ཡོངས་སུ་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་དྭངས་གཙང་ཡིན་དགོས་ལ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་རྣམ་པ་བཟང་བོ་ཞིག་ཆགས་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱེད་སྐབས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་གཞིར་བཟུང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་མེ་ལོང་དུ་བྱས་ཏེ་ཉེན་ཟོན་སློབ་གསོའི་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་བ་དང་། སྤྱོད་གཙང་སློབ་གསོ་ནན་ཏན་སྒོས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བྱེད་པ། དབང་ཆ་སྤྱོད་པའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྒྲིག་ཁྲིམས་ནན་མོ་སྲུང་བ། རུལ་སུངས་སྔོན་འགོག་ཇེ་བརྟན་དུ་གཏོང་བ། དཔོན་པོར་བསྡད་ན་ཡུལ་དེར་བྱས་རྗེས་འཇོག་པའི་གྲུབ་འབྲས་ལྟ་བ་བརྟན་པོ་ཆགས་པར་བྱེད་པ། ལེགས་སྐྱེས་འབུལ་འདོད་པ་དང་སྤྱི་ཞབས་པའི་བྱ་གཞག་གི་ལྟ་བ་བརྟན་པོ་འཛུགས་པ། བསྟུད་མར་གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་དང་འབུར་དུ་ཐོན་པའི་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། དྲང་བདེན་དབང་བཀོལ་དང་ཁྲིམས་ལྟར་དབང་བཀོལ། དམངས་དོན་དབང་བཀོལ། སྤྱོད་གཙང་དབང་བཀོལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྲིད་གཙང་སྤྱོད་གཙང་གི་སྲོལ་བཟང་ཆགས་པར་བྱེད་དགོས་ལ། གཞི་གདངས་དང་བྱེད་ཐབས་ནན་མོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དཔེ་མཚོན་གྱོད་དོན་ཁྱབ་བསྒྲགས་བྱས་ནས། སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་བྱུང་བའི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་ཁ་ཕྱོགས་མཐའ་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཆེན་པོས་འཐབ་རྩོད་འཇོན་ཐང་ཇེ་ཆེར་གཏོང་བ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ཏང་གཤིས་ཏང་སྲོལ་དང་ཏང་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྒྲིག་ཁྲིམས་བྱ་སྤྱོད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

ཚོགས་འདུའི་སྟེང་ད་རུང་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པེ་ཁེ·རེ་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། དམངས་གཙོའི་ཏང་ཁག་སོ་སོ། མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་མགོ་ཁྲིད་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞིང་ཆེན་གྱིས་དོ་དམ་བྱེད་པའི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།