ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
ཧན་ཀྲིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་རྩེ་ཚོགས་ཀྱི་མགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-22 09:55:38

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་རྩེ་ཚོགས་ཀྱི་མགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཧན་ཀྲིན་གྱིས་དེང་སྐབས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲན་སློང་ཆེན་པོར་འཕྲད་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཅིག་ལོར་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི། སྔར་ལས་སྟོབས་ཤུགས་རྫོགས་པ་དང་ལྷད་མེད་ཡིན་པ། བདེ་ཐང་ཡིན་པ་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཆེད་ཡིན། ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་རང་ཉིད་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ཁྲོད་འཕེལ་རྒྱས་གཏོང་རྒྱུ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་གང་ལེགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ་དུས་བཅད་ལྟར་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པ་བསྐྲུན་ཆེད་བྱས་རྗེས་གང་ལེགས་འབུལ་རྒྱུ་ཡིན།  གཅིག་ནས་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་གྲོས་རིམ་ཀྱི་སྲོག་ཤིང་དུ་བརྩིས་ནས་དམ་འཛིན་བྱེད་དགོས། གཉིས་ནས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། གསུམ་ནས་ཚན་རྩལ་གསར་བརྗེ་ལོ་རྒྱུས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱེད་དགོས། བཞི་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་རོགས་རེས་འབྲེལ་བ་བསྐྱར་དར་ཡོང་བར་བྱེད་དགོས་ཞེས་གསུངས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཧན་ཀྲིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་རྩེ་ཚོགས་ཀྱི་མགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།