ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-22 09:55:12

ཟླ་དགུ་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྣམ་པ་གསར་བའི་བཟོ་ལས་ཅན་གྱི་འབྲེལ་ཡོད་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་པ་དང་། 《ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་གཙང་བཤེར་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་རྟོག་ཞིབ་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད།《ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་འགྱུར་ལྡོག་དང་རང་རྒྱལ་གྱི་རྣམ་པ་གསར་བའི་བཟོ་ལས་ཅན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་དང་སྟངས་འཛིན་ཡང་དག་བྱས་ཏེ། གཙོ་གནད་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་ནས། བཟོ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་བཅས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་རྒྱུ་གཉིས་ཀ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་ལ་སྐུལ་འདེད་གཏོང་བ། ཞན་ཆ་གསབ་རྒྱུར་ཤུགས་སྣོན་པ་བཅས་བྱེད་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚོང་གཉེར་རང་བདག་སྣ་ཚོགས་ཀྱི་བརྩོན་སེམས་ལེགས་པར་བསྐྱེད་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལ་བརྟེན་ནས་ཐོན་ལས་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་ཡག་པོར་སྤྱོད་པ་བཅས་བྱས་ཏེ། རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་མངོན་སུམ་འཕེལ་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དངུལ་གཏོང་གི་སྔོན་དཔག་དང་འབྲེལ་བ་ཡོད་ཅིང་། དཔལ་འབྱོར་རྒྱུན་མཐུད་དང་ལེགས་ཕྱོགས་སུ་འཕེལ་བར་འབྲེལ་བ་ངེས་ཅན་ཡོད་པས། ངེས་པར་དུ་མཐོང་ཆེན་གང་ལེགས་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ས་ཁུལ་དེ་གའི་ཆད་དངུལ་གཙང་འཇལ་ལས་དོན་ལ་སྤྱི་འགན་འཁུར་ནས། སྲིད་གཞུང་གིས་ཆད་འགྱངས་བྱས་པའི་ཁེ་ལས་ཀྱི་རྩིས་དངུལ་མགྱོགས་མྱུར་ངང་ཐག་གཅོད་བྱེད་པ་དང་། ཁེ་ལས་ཕན་ཚུན་བར་ཆད་འགྱངས་བྱེད་པའི་སྣང་ཚུལ་མེད་པར་བཟོས་ནས། ཀྲུང་དབྱང་ཁེ་ལས་དང་རྒྱལ་དབང་ཁེ་ལས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་འཇལ་སྤྲོད་བྱེད་དགོས། ངོ་བོའི་རང་བཞིན་གྱི་བུ་ལོན་གཙང་འཇལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྤྱི་འདོམས་བཀོད་སྒྲིག ལྟ་སྐུལ་དཔྱད་ཞིབ་བཅས་ལ་ཤུགས་བསྣན་ནས། གཙང་བཤེར་བྱེད་དགོས་ངེས་ཀྱི་རིགས་ངེས་པར་དུ་གཙང་སེལ་གང་ཐུབ་བྱས་ཏེ། ཕུགས་ཕན་ལམ་སྲོལ་འབད་པས་འཛུགས་དགོས།

གྲོས་ཚོགས་ལས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་རྟོག་ཞིབ་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་དང་རྟོག་ཞིབ་བརྒྱུད་དེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་ས་གནས་དང་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ལྷོད་མེད་བྱས་ནས། “གནད་དོན་གསལ་ཁྲ”དེ“འགན་འཁྲིའི་གསལ་ཁྲ”རུ་བརྩིས་ཏེ། ལས་རིམ་རེ་རེ་བཞིན་བཅོས་སྒྲིག་དང་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་གྱི་གྲུབ་འབྲས་རྒྱ་སྐྱེད་གཏོང་བ། དག་ཐེར་གྱི་གནས་ཚུལ་ལ“ཕྱིར་མིག་ལྟ་བ”བཅས་བྱས་ཏེ། བཏོན་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ནས། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དང་རྟོག་ཞིབ། འཚོལ་བསྡུ་བཅས་བྱས་པ་ལས་བྱུང་བའི་བསམ་འཆར་དང་གྲོས་འགོར་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་ནས། སང་ལོའི་དཔལ་འབྱོར་ལས་དོན་ལ་འཆར་འགོད་གཅིག་གྱུར་བཟོ་བ་དང་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་སྲིད་ཇུས་འདོན་པ་དང་ལས་དོན་དོན་འཁྱོལ་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བ་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ནར་མ་སོན་པའི་མི་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འདེགས་སྐྱོར་ནུས་པ་སྔར་ལས་ཇེ་བརྟན་དུ་བཏང་ནས། འབྲེལ་ཡོད་ཕྱོགས་ཁག་སོ་སོས་ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་སྲོལ་ཡིག་དོན་འཁྱོལ་ནན་མོ་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། ལུགས་མཐུན་ངང་གཉེར་སྐྱོང་ཐུབ་པ་བཅས་བྱས་ནས། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།